དགོངས་ཚུལ།

བོད་ནང་གི་སྙན་ངག་༦༠ཙམ་དབྱིན་བསྒྱུར་བྱས་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༡༠།༠༩ཉིན་སྤེལ། ཉིན་འདིའི་བསྒྱུར་དེབ་དབུ་འབྱེད་ཐོག་དེབ་གྲངས་༤༠༠ལྷག་ཅིག་ཁ་ཐུག་གིས་འཚོང་འགྲེམས་བྱས་སོང་།

Tibet-launch-2017ཁ་སང་དགོང་དྲོའི་ཚོུད་༥།༣༠ཐོག བཞུགས་སྒར་ངྷ་སའི་ཉེ་མཁྲིས་སུ་ཡོད་པའི་བྷག་སོ་གསོལ་མགྲོན་ཁང་མདུན་གྱི་སྤང་སྔོན་སྟེང་དུ། དབྱིན་སྐད་ཐོག་སྙན་ངག་འབྲི་བ་དང་བསྒྱུར་རྩོམ་འབྲི་མཁན་བུ་ཆུང་ལྡུམ་ར་བསོད་ནམས་ལགས་ཀྱི་བསྒྱུར་རྩོམ་དེབ་ཞིག་དབུ་འབྱེད་གནང་སོང་།

1དེ་ཡང་དེབ་ཀྱི་ཁ་བྱང་ལ་༼ཉིན་མའི་ལན་བུ་བསྲེག་པ།༽དང་། དེབ་ནང་དུ་བོད་ནང་གི་སྙན་ངག་པ་བཅུ་གསུམ་གྱི་སྙན་ངག་དྲུག་བཅུ་ཙམ་ཞིག་དབྱིན་སྐད་སྟེང་བསྒྱུར་ཡོད་ཅིང་། འདི་ནི་ཁོང་གིས་བོད་ནང་གི་སྙན་ངག་དབྱིན་སྐད་ལ་བསྒྱུར་བའི་ལས་ཐོག་མ་ཡིན་པ་དང་། དེབ་གྱི་དཔར་གྲངས་ཆིག་སྟོང་དང་། དཔེ་དེབ་དབུ་འབྱེད་སྐབས་དེར་དེབ་གྲངས་༤༠༠ཙམ་ཁ་ཐུག་གིས་འཚོང་སོང་།

གཞན་ཡང་བསྒྱུར་བ་པོས་སྙན་ངག་འདི་དག་དབྱིན་བསྒྱུར་བྱེད་དགོས་པའི་དམིགས་ཡུལ་སྐོར་ནས་བརྗོད་དོན། དེབ་འདི་པར་འགྲེམས་བྱས་པར་རེ་བ་གཉིས་ཡོད། གཅིག བསྒྱུར་དེབ་ནང་གི་སྙན་ངག་མང་ཤོས་ཤིག་བོད་ནང་གི་རྩོམ་པ་པོ་ཚོས་རྒྱ་ནག་གི་དྲག་གནོན་འོག་བྲིས་པ་ཡིན་དུས། འདི་དག་མ་འོངས་པའི་བོད་ཀྱི་ལོ་རྒྱུས་ཤིག་ཏུ་གྱུར་ཡོད་ལ། ང་རང་གིས་ཀྱང་བོད་ཀྱི་ལོ་རྒྱུས་ཁྲོད་ལ་ཕན་ཐོག་པའི་བསམ་འདུན་དང་མི་རབས་རྗེས་མ་ཚོས་ལོ་རྒྱུས་སུ་ཕྱིར་བལྟས་བྱས་ན། བླ་མ་དང་སྐུ་དྲག་གི་ལོ་རྒྱུས་ཙམ་མ་ཡིན་པར་མི་དཀྱུས་མའི་ལོ་རྒྱུས་ཤིག་ཀྱང་འདུག་བསམ་པའི་རེ་བ་ཡོད། གཉིས། ངའི་བསྒྱུར་རྩོམ་འདི་ནི་བོད་ཡིག་ཤེས་མཁན་རྣམས་ཀྱིས་ཁྱོན་ནས་མ་ཀློག་རོགས་གནང་། རྒྱུ་མཚན་ནི་བོད་ཡིག་བྲོ་བ་དངོས་དེ་ནི་དབྱིན་ཡིག་ལ་ཐོན་ཡོད་པ་མ་རེད། བསྒྱུར་བ་པོས་ཐབས་ཤེས་ཅི་དགུ་འཐེན་ཀྱང་བོད་ཡིག་རང་སྟེང་གི་སྙན་ངག་གི་བྲོ་བ་དེ་ཡོང་ཁག་པོ་འདུག ཅེས་འགྲེལ་བརྗོད་གནང་སོང་།

2འདི་ག་གསར་འགོད་པས་ཡུལ་དངོས་སུ་བསྒྱུར་བ་པོར་དེབ་འདིའི་ནང་གི་སྙན་ངག་འདི་དབྱིན་བསྒྱུར་བྱེད་སྐབས་སུ་སྙན་གང་ཞིག་ནི་ཁྱོད་རང་ལ་ཚོར་བ་ཆེ་ཤོས་སུ་ཆགས་སོང་ཞེས་བཅར་འདྲི་ཞུས་དུས། ཁོང་གིས"(ཁྱོད་རང་གིས་ང་ལ་འདམས་ལབ་ནས་ཨུ་ཚུགས་རྒྱབ་པ་ཡིན་ན་ཞེས་བཤད་ཤོབ་འཐེན་ཞོར།) རེ་རྐང་གླིང་གི་སྙན་ངག་༼ལྷ་ས།༽ཞེས་པ་དེ་ནི་སེམས་སུ་ཧ་ཅང་སིམ་པོ་བྱུང་སོང་། སྙན་ངག་བསྒྱུར་བའི་ནང་གི་འགྱུར་སྤུས་དག་ཤོས་ཤིག་ཡིན་བསམ་གྱི་འདུག སྙན་ངག་དེ་ནི་ཧ་ཅང་གིས་ཚོར་བ་ཆེན་པོ་ཅན་ཞིག་དང་བོད་ནང་གི་གནས་སྟངས་མཚོན་པ། གོ་རྒྱུ་མང་པོ་ཡོད་པ་ཞིག་ཏུ་མཐོང་སོང་། "ཞེས་བརྗོད་སོང་།

ཡང་ཁྱོད་ལ་ཚོར་བ་ཆེ་ཤོས་ཀྱི་སྙན་ངག་དེའི་སྟེང་ནས་སྙན་ངག་གི་སྒྱུ་རྩལ་བཀོད་སྤྱོད་ཐོག་ཁྱོད་རང་གིས་ངོས་འཛིན་བྱེད་སྟངས་ཤིག་གསུང་རོགས། ཁོང་གིས་"དེ་ནི་ངས་བཤད་ན་ལན་པོ་ཞིག་ཡོད་ཀྱི་མ་རེད། ངས་ནམ་རྒྱུན་ཡིད་ཆེས་འདི་ལྟར་བྱེད་ཀྱི་ཡོད། སྙན་ངག་ཅེས་པའི་ལྟ་སྟངས་དང་བྲོ་བ་ལེན་སྟངས་ནི་ཀློག་པ་པོ་རང་ལ་འཇོག་དགོས་རེད། དེ་ནི་ངས་ལབ་ན་འགྲིག་གི་མ་རེད་ལ། རེ་རྐང་གླིང་ཁོ་རང་གིས་ལབ་ན་ཡང་འགྲིག་གི་མ་རེད། རྒྱུ་མཚན་ནི་ཁོ་རང་གིས་སྙན་ངག་དེ་ནི་དུས་ཚོད་ཅིག་དང་ཚོར་བ་ཞིག་ལ་བྲིས་པ་རེད། ངས་འདི་འདྲ་ཞིག་ལ་བྲིས་པ་ཡིན་ལབ་ཚར་ན། ཀློག་པ་པོར་བསམ་བློ་གཏོང་བར་བཀག་སྡོམ་བྱས་ཚར་བ་རེད། སྙན་ངག་གི་བྲོ་བ་དང་སྤུས་དག་ལུགས། ཚད་ལྡན་ཡིན་མིན་ནི་ཀློག་པ་པོ་རང་གི་ངོས་ནས་ཚད་བཟུང་ན་ཡག་གི་རེད། "ཅེས་དྲི་བ་ལན་འདེབས་གནང་སོང་།

དེ་མིན། ཉིན་འདིའི་དཔེ་དེབ་འབྱེད་ཐོག་སྐུ་མགྲོན་གཙོ་བོ་པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཙོ་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་དང་། དམིགས་གསལ་སྐུ་མགྲོན་རི་མཐོ་ས་གཙང་གི་དྲ་རྒྱའི་རྩོམ་སྒྲིག་པ་བདེ་ཆེན་པདྨ། སྒྱུ་རྩལ་བ་བསྟན་འཛིན་རིག་གྲོལ། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བསྟན་རྡོར། བོད་དོན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་བཅས་གཙོས་ངྷ་ས་ཁུལ་གྱི་བོད་རིགས་དོ་སྣང་ཅན་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་གི་མི་སྣ་སོགས་མི་གྲངས་༡༠༠ལྷག་ཅིག་འཛོམས་སོང་བ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།