དགོངས་ཚུལ།

དཔལ་ལྡན་སྲིད་སྐྱོང་མཆོག་ལ་ཏ་ཀ་སུའུ་གཟེངས་རྟགས་ཕུལ་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༡༠།༠༥ཉིན་སྤེལ། གཟེངས་རྟགས་འདི་ང་རང་སྒེར་ལ་སྤྲད་པ་ཞིག་མ་ཡིན་པར། བཀའ་ཤག་དང་བོད་མིའི་སྒྲིག་འཛུགས་ལ་ཕུལ་བ་ཞིག་ཆགས་ཀྱི་ཡོད། ཅེས་སྲིད་སྐྱོང་གིས་གསུང་སོང་།

Tibet-all-stuff-2017ཁ་སང་དགོང་དྲོའི་ཚོུད་༤ཐོག  བཞུགས་སྒར་ངྷ་སའི་རི་སྐེད་དུ་ཡོད་པའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཚོགས་ཁང་གསར་བའིནང་དུ། བཀའ་ཤག་གི་གོ་སྒྲིག་འོག་Takasuཏ་ཀ་སུའུ་ཐེབས་རྩའི་ངོས་ནས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་ཏ་ཀ་སུའུ་གཟེངས་རྟགས་ཕུལ་སོང་།

དེ་ཡང་མཛད་སྒོའི་ཐོག་ཉི་ཧོང་གི་ཏ་ཀ་སུའུ་ཐེབས་རྩའི་ཚོགས་གཙོ་སྨན་པ་གྲགས་ཅན་ཏ་ཀ་སུའུ་ཁོང་གཙོས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་སྲི་ཞུ་ལས་བྱེད་རྣམས་ཀྱིས་ཚོགས་ཁང་ཆེན་པོ་ཡོངས་སུ་འཁེངས་སོང་།
 
Tibet-DT-Takasu-2017སྐབས་འདིར་སྨན་པ་ཏ་ཀ་སུ་ལགས་ཀྱིས་གཟེངས་རྟགས་དང་འབྲེལ་ཡོད་གསུང་བཤད་གནང་དོན། བོད་པ་ཚོར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལྟ་བུའི་མགོ་ཁྲིད་ཅིག་ཡོད་པ་ནི་དགའ་འོས་པ་ཞིག་རེད་ལ། བོད་མི་རིགས་དང་ཉི་ཧོང་མི་རིགས་རྒྱལ་བ་ཁབ་གཉིས་ཀྱི་རིག་གཞུང་དང་གོམས་གཤིས། འཚོ་བ་སྐྱེལ་སྟངས་སོགས་སུ་མཚུངས་བསྡུར་གྱི་ཆ་མང་བས་ན། བོད་མིའི་སྡུག་བསྔལ་དེ་ང་རང་གི་ཁྱིམ་མིའི་སྡུག་བསྔལ་ལྟ་བུར་ཚོར་གྱི་ཡོད།

Tibet-Takasu-Prize-Syikong-2017ང་ཚོས་དྲག་པོའི་སྒོ་ནས་གཞན་ལ་གནོད་པ་མི་བྱེད་པར་ཞི་བདེའི་ཐབས་ལ་བརྟེན་ནས་ཕན་ཚུན་ལ་སྲུང་སྐྱོབ་བྱེད་དགོས། ང་ཚོས་རང་གི་ཕྲུ་གུ་ཚོར་སློབ་གསོ་ཡག་པོ་སྤྲད་ནས་གསོ་སྐྱོང་དང་སྲུང་སྐྱོབ་བྱེད་དགོས། གལ་ཏེ་ང་ཚོས་རང་གི་ཕྲུ་གུར་ཤེས་ཡོན་སློབ་གསོ་ཡག་པོ་སྤྲད་པ་ཡིན་ན། ང་ཚོས་མ་འོངས་པའི་མི་རབས་ལ་བཟང་ཕྱོགས་ནས་རེ་བ་བཅང་ཆོག་གི་རེད། ང་རང་གི་ལས་ཀའི་ཡོང་འབབ་དེ་བཟང་ཕྱོགས་ཀྱི་ལས་དོན་ཐོག་བེད་སྤྱོད་གཏོང་འདོད་ཡོད་ལ། ལྷག་པར་དུ་ངས་བོད་པའི་གཞོན་སྐྱེས་ཚོའི་ཤེས་ཡོན་ཆེད་དཔལ་འབྱོར་གྱི་རོགས་སྐྱོར་བྱེད་འདོད་ཡོད། མ་འོངས་པར་བོད་པའི་ན་གཞོན་ཚོའི་གྲས་སུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནང་བཞིན་མཁས་འཇོན་གཉིས་ལྡན་གྱི་མི་སྣ་མང་པོ་ཡོང་བར་ངས་རེ་བ་བྱེད་ཀྱི་ཡོད། ཅེས་བརྗོད་སོང་།
 
Tibet-president-2017མཇུག་ཏུ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གསུང་དོན། དེ་སྔ་ནས་སྨན་པ་ཏ་ཀ་སུ་ལགས་ཀྱིས་བོད་ཀྱི་རྩ་དོན་ཐོག་རྒྱབ་སྐྱོར་གནང་མུས་ཡིན་པར་བརྗོད་མྱོང་བ་མ་ཟད། ཕྱི་ལོ་ ༢༠༡༤ ལོར་ཁོང་དྷ་རམ་ས་ལར་ཕེབས་སྐབས་བཀའ་ཤག་གི་ངོས་ནས་བོད་ཕྲུག་གི་ཤེས་ཡོན་དམིགས་བསལ་གལ་ཆེན་པོར་བརྩི་བཞིན་ཡོད་པ་དེ་ལ་རྒྱབ་སྐྱོར་ཡོད་ཅེས་གསུངས་སོང་།

Tibet-Takasu-Prize-Syikong-2017ང་རང་ཐེངས་ཁ་ཤས་ལ་ཉི་ཧོང་ནང་ཕྱིན་སྐབས་ཁོང་དང་ཐུག་འཕྲད་ཀྱི་གོ་སྐབས་བྱུང་། ཁོང་ནི་༧གོང་ས་མཆོག་ལ་ཧ་ཅང་བརྩི་བཀུར་བྱེད་མཁན་ཞིག་དང་བོད་དོན་ལ་སྙིང་ཐག་པ་ནས་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་མ་ཟད། ཁོང་གིས་རྟག་ཏུ་བོད་མིའི་སྒྲིག་འཛུགས་ལའང་རྒྱབ་སྐྱོར་དང་རོགས་རམ་བྱེད་ཀྱི་ཡིན་ཞེས་གསུང་གི་འདུག ཁོང་ནི་ཉི་ཧོང་གི་སྨན་པ་གྲགས་ཅན་ཞིག་ཡིན་སྟབས། དེ་སྔོན་རྒྱ་ནག་གི་ཚོང་པ་དང་ཕྱུག་བདག་མང་པོ་ཁོང་གི་སར་ཡོང་གི་ཡོད་ཀྱང་། ཁོང་དྷ་རམ་ས་ལར་སླེབས་ཏེ་༧གོང་ས་མཆོག་ལ་མཇལ་བཅར་ཞུས་པ་དང་། སྨན་ཁང་དང་ལས་ཁུངས་ནང་༧གོང་ས་མཆོག་གི་སྐུ་པར་དང་ནང་པའི་ཐང་ཀ་ཆེན་པོ་མང་པོ་བཤམས་པར་བརྟེན། དེང་སྐབས་རྒྱ་མི་དེ་ཚོ་ཁོང་གི་སར་ཡོང་གི་མེད་པ་དང་། དེ་སྔོན་ཁོང་གིས་ད་དུང་རྒྱ་ནག་གི་སློབ་ཕྲུག་ཚོར་སྦྱིན་བདག་བྱས་སྟབས་སློབ་ཕྲུག་ཚོས་མཚམས་རེར་ལོ་སར་སྐབས་སུ་འཚམས་འདྲིའི་ཡི་གེ་དེ་འདྲ་གཏོང་གི་ཡོད་ཀྱང་དེང་སྐབས་དེ་ཚོའང་ཡོང་གི་མེད་པ་དང་། ད་ཆར་ཁོང་དང་རྒྱ་མི་བར་གྱི་འབྲེལ་ལམ་ཆད་ཡོད་ནའང་དེ་ལ་ཁྱད་པར་གང་ཡང་མི་འདུག་ཅེས་ཀྱང་གསུང་གི་འདུག

123ཐེངས་འདིའི་གཟེངས་རྟགས་དེ་ང་རང་སྒེར་ལ་སྤྲད་པ་ཞིག་མ་ཡིན་པར། དེ་ནི་བཀའ་ཤག་དང་བོད་མིའི་སྒྲིག་འཛུགས་ལ་ཕུལ་བ་ཞིག་ཆགས་ཀྱི་ཡོད་སྟབས། ངས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་བྱས་ཏེ་ཁོང་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་ཡི་ཡིན། ཞེས་དང་།  ཐེངས་འདིའི་གཟེངས་རྟགས་དང་མཉམ་དུ་ཨ་སྒོར་འབུམ་གཅིག་ཙམ་འདུག་ལ། སྐུ་ཞབས་ཏ་ཀ་སུ་ཁོང་ནི་བོད་མིའི་ཤེས་ཡོན་ལ་ཐུགས་འཁུར་གནང་མཁན་ཞིག་ཡིན་སྟབས། དངུལ་དེ་ཚོ་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ལ་ཕུལ་བ་ཡིན་ན། ཁོང་གི་དགོངས་གཞི་དང་མཐུན་པ་ཞིག་རེད། ཅེས་སོགས་གསུངས་པ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།