དགོངས་ཚུལ།

ཆོས་ཞེས་པ་འཛམ་གླིང་ལ་འབྲེལ་བ་གང་ཡོད་པ་རེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༡༠།༠༣ཉིན་སྤེལ། །  ནང་ཆོས་ཐེ་བའི་ཆོས་ཟེར་རྒྱུ་འདི། འཛམ་གླིང་འདིའི་སྟེང་འབྲེལ་བ་གང་ཡོད་པ་དང་། དགོས་མཁོ་ཡོད་དང་མེད། ཅེས་དྲི་བ་དང་པོ་འདི་རེད་འདུག  འཛམ་གླིང་འདིའི་སྟེང་སྲོག་ཆགས་གྲོག་འབུར་ཚུན་ཆད་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ང་ཚོས་རྒྱུ་མཚན་དགོད་མི་དགོས་པར་ཚང་མའི་མཐོང་ཆོས་སུ་ཡོད།

དེ་རིང་ཞོགས་པའི་ཚོུད་༨།༣༠ཐོག  བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐའེ་ཝན་གྱི་དད་ལྡན་མི་མང་ལ་སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་དབུ་མ་འཇུག་པའི་གསུང་ཆོས་ཉིན་གྲངས་བཞིའི་རིང་། བཞུགས་སྒར་ངྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྩོལ་བའི་དབུ་འཛུགས་གནང་སོང་།

Tibet-Hisholiness-teaching-1-2017

དེ་ཡང་། ཐེངས་འདིའི་གསུང་ཆོས་སུ་ཕེབས་པའི་དད་ལྡན་མང་ཚོགས་མང་ཤོས་ནི་ཐའེ་ཝན་མི་རིགས་ཡིན་ཞིང་། དེ་མིན་ཡུལ་གྲུ་གཞན་གྱི་སྐད་རིགས་དགུ་ལྷག་ཏུ་སྐད་བསྒྱུར་གནང་བཞིན་པ་མ་ཟད། ཕྱི་རྒྱལ་ཡུལ་གྲུ་ཁག་གི་མི་སྣ་དང་རང་རིགས་དད་ལྡན་སེར་སྐྱ་མི་མང་བཅས་ཁྱོན་བསྡོམས་མི་གྲངས་༦༠༠༠ལྷག་ཅིག་གི་ཆོས་འབྲེལ་ཞུས་གནང་སོང་།

Tibet-Devotees-2017

ཉིན་དང་པོའི་གསུང་ཆོས་སྐབས་སུ་༧གོང་ས་མཆོག་གིས་ནམ་རྒྱུན་གྱི་ཐུགས་བཀོད་ལྟར་འགན་འཁུར་གསུམ་ལྡན་གྱི་བཀའ་སློབ་ལམ་སྟོན་སྩལ་པར། རིན་པོ་ཆེ་མཆོག་གིོས་"ངོས་ཀྱིས་ནམ་རྒྱུན་ནང་ཆོས་མ་བཤད་གོང་ལ་ནང་ཆོས་ངོ་སྤྲོད་བྱེད་ཀྱི་ཡོད། ང་རང་ཚོ་མང་པོ་ཞིག་གིས་ནང་པ་ཡིན་ཟེར་གྱི་ཡོད་ནའང་། ནང་པའི་ཆོས་ཀྱི་འགྲོ་སྟངས་གང་འདྲ་ཡིན་མིན་དོ་སྣང་གང་ཡང་མེད་པར་ཆོས་བྱེད་སྟངས་དེ་རྨོངས་དད་ལྟ་བུར་ཆགས་གྲབས་བྱེད་ཀྱི་འདུག  ལམ་དང་ལུགས་སྲོལ་ལྟ་བུའི་སྟེང་ཕྱིན་པ་མ་གཏོགས་ཆོས་ལ་བརྟག་དཔྱད་བྱས་ནས་རྒྱུ་མཚན་མཐོང་། ཤེས་ནས་དད་པ་ཐོབ་པ་ཟེར་རྒྱུ་དེ་དགོས་རྒྱུ་གལ་ཆེན་པོ་རེད་འདུག་པར་བརྟེན།  ངོས་ཀྱིས་ནང་ཆོས་དངོས་གཞི་འཆད་པའི་སྐབས་སུའང་ནང་ཆོས་ཀྱི་གནད་འགག་དེ་དག་ཐོན་ཡོང་བ་མ་ཟད། སྔོན་ལ་ནང་ཆོས་ངོ་སྤྲོད་བྱེད་དུས་དང་པོ་ནི།  ནང་ཆོས་ཐེ་བའི་ཆོས་ཟེར་རྒྱུ་འདི། འཛམ་གླིང་འདིའི་སྟེང་འབྲེལ་བ་གང་ཡོད་པ་དང་། དགོས་མཁོ་ཡོད་དང་མེད། ཅེས་དྲི་བ་དང་པོ་འདི་རེད་འདུག  འཛམ་གླིང་འདིའི་སྟེང་སྲོག་ཆགས་གྲོག་འབུར་ཚུན་ཆད་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ང་ཚོས་རྒྱུ་མཚན་དགོད་མི་དགོས་པར་ཚང་མའི་མཐོང་ཆོས་སུ་ཡོད།

Tibet-Hisholiness-teaching-2017འཛམ་གླིང་འདིའི་སྟེང་མི་དུང་ཕྱུར་བདུན་ཅུ་ཙམ་ཡོད་པ་དེ་དག་ལ་མིའི་ཀླད་པ་ཡོད་སྟབས། སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཡིན་པར་བརྟེན།  སྡུག་བསྔལ་ཉུང་དུ་དང་བདེ་བ་མང་དུ་གཏོང་རྒྱུ་ནི་ང་ཚོས་སྒྲུབ་འོས་པ་ཞིག་རེད། ངོས་ཀྱིས་རྟག་པར་བསམ་བློ་འཁོར་བཞིན་ཡོད་པ་མ་ཟད། མི་གཞན་ལའང་བཤད་ཀྱི་ཡོད། རིམ་པ་དང་པོ་ནི། ངོས་རང་འཛམ་གླིང་འདིའི་སྟེང་གི་མི་དུང་ཕྱུར་བདུན་ཅུ་ནང་ནས་མི་གཅིག་ཆགས་ཡོད། ང་ཚོ་ཚང་མ་དུང་ཕྱུར་བདུན་ཅུའི་ཆ་ཤས་ཤིག་ཆགས་ཡོད་པར་བརྟེན། མི་ཟེར་རྒྱུ་འདི་ Social Animal སྤྱི་ཚོགས་ལ་བརྟེན་མཁན་ཡིན་སྟབས། མི་ངོ་རེར་ཕ་མ་དང་གཉེན་འབྲེལ། གྲོགས་པོ་སོགས་མང་པོ་ཞིག་དང་འབྲེལ་བ་ཡོད།

Tibet-tibetan-devotees-2017གང་ལྟར་དངོས་པོ་ཡར་རྒྱས་རྐྱང་པ་ཕྱིན་པའི་སྤྱི་ཚོགས་ནང་ལ་བདེ་སྐྱིད་ཟེར་བ་འདི་ཕྱི་དངོས་པོ་ཡར་རྒྱས་ཡག་པོ་བྱུང་ཡོད་ན། དེ་གཅིག་པོས་བདེ་སྐྱིད་ཡོང་གི་ཡོད་པའི་བཟོ་འདྲ་ཞིག་ལ་ངོས་འཛིན་བཞིན་འདུག བདེ་སྐྱིད་ཟེར་དུས་ལུས་འཚོར་གྱི་བདེ་སྐྱིད་ཡོང་རྒྱུ། ལུས་འཚོར་གྱི་སྡུག་བསྔལ་མ་བྱུང་བ་བྱེད་རྒྱུ་འོས་པ་ཞིག་རེད།   གློ་བུར་དུ་ལུས་ཀྱི་བདེ་སྡུག་གི་ཚོར་བ་དེ་དུད་འགྲོ་ཡིན་ནའང་ལམ་སེང་ཤེས་ཀྱི་རེད། སེམས་ནང་གི་རྣམ་རྟོག་འདྲ་མིན་དེ་འདྲ་དུད་འགྲོར་དེ་མེད་པ་ཞིག་རེད།"ཅེས་སོགས་ཀྱི་བཀའ་སློབ་སྩལ་སོང་།

མཐར་ཐའེ་ཝན་ཆོས་ཞུ་བ་རྣམས་སུ་དྲི་བ་དྲིས་ལན་གྱི་གོ་སྐབས་གནང་སྟེ། དྲི་བར་བཀའ་ལན་བཀའ་དྲིན་བསྐྱང་པ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།