དགོངས་ཚུལ།

བོད་ཀྱི་གྲོས་ཚོགས་ཚོགས་དུས་ ༥ དབུ་འཛུགས་གནང་སོང་།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༩།༡༩ཉིན་སྤེལ། དེ་རིང་སྔ་དྲོའི་ཚོུད་༩།༣༠ཐོག  སྐབས་ ༡༦ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༤ ནི་ད་རེས་ཀྱི་ཕྱི་ཚེས་ ༡༩ ནས་ ༢༨ བར་དུ་འཚོགས་གཏན་འཁེལ་བ་དབུ་འཛུགས་གནང་སོང་།

Tibet-parliament-session4-house2017དེ་ཡང་ཚོགས་དུས་ ༤ སྐབས་ཀྱི་ཉིན་ ༩ རིང་ལ། བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་དང་ཡན་ལག་ཁག་གི་ལས་བསྡོམས་སྙན་ཐོ་དང་བགྲོ་གླེང་། མང་ཚོགས་རྩིས་ཁྲ་ཚོགས་ཆུང་གི་སྙན་ཐོ་འདོན་རྒྱུ་དང་བགྲོ་གླེང་། གཞུང་འབྲེལ་རྗེས་དྲན་དང་མྱ་ངན་གུས་འདུད་ཀྱི་གྲོས་འཆར་ཁག བོད་ནང་ཛ་དྲག་གི་གནས་སྟངས་ཐོག་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཐོག་བགྲོ་གླེང་བྱེད་ཀྱི་ཡིན་འདུག

གཞན་ཡང་། གྲོས་ཚོགས་ཚོགས་དུས་ ༤ སྐབས་ཀྱི་དཔལ་ལྡན་ཚོགས་གཙོ་མཆོག་གིས་དབུ་འཛུགས་ཀྱི་གསུངས་བཤད་གནང་དོན། "སྤྱི་འཐུས་མང་ཤོས་ཤིག་རྒྱ་བལ་འབྲུག་གསུམ་གྱི་བོད་མིའི་གནས་སྡོད་ཁག་མང་ཆེ་བར་ཕྱོགས་བསྐྱོད་ཕེབས་ཐུབ་ཡོད། ས་གནས་ཁག་ཅིག་གི་གནས་སྟངས་ལ་གཞིགས་ཏེ་ཕེབས་ཐུབ་མེད་པས། གྲོས་ཚོགས་གྲོལ་རྗེས་ཕེབས་རྒྱུ་ཡིན། " ཅེས་དང་།

Tibet-parliament-session4-2017ཡང་། "སྤྱི་འཐུས་ཕྱོགས་བསྐྱོད་སྐབས་སུ་ས་གནས་མི་མང་གི་གནས་སྟངས་ལ་རྟོག་ཞིབ། བོད་ནང་གི་ཛ་དྲག་གནས་སྟངས་དང་རྒྱལ་སྤྱིའི་ཐོག་བོད་ཀྱི་གནས་བབ། ༧གོང་ས་མཆོག་གི་མཛད་པ་འཕྲིན་ལས་སོགས་ངོ་སྤྲོད་གནང་བ། ས་གནས་ཁག་གི་འཕྲོད་བསྟེན་དང་ཤེས་ཡོན་སོགས་ཀྱི་གནས་སྟངས་ཐོག་སྙན་ཐོ་ཕུལ་ཡོད། " ཅེས་དང་།

དེ་བཞིན། "ད་ལྟའི་ཆར་བོད་ནང་གི་ཛ་དྲག་གནས་སྟངས་དེ་མུ་མཐུད་གནས་མུས་ཡིན་ཞིང་། རྒྱ་ནག་གཞུང་གིས་བོད་ནང་དུ་འཛུགས་སྐྲུན་གྱི་ལས་གཞི་མང་པོ་བཏིང་ནས། བསམ་བློའི་སློབ་གསོ་མང་པོ་ཞིག་སྤྲད་ཀྱི་ཡོད་ཅིང་། ཕྱི་ལོག་ལ་བོད་ནང་བདེ་སྐྱིད་དང་འབྱོར་འབྲིང་གི་སྤྱི་ཚོགས་ཡོད་ཅེས་དྲིལ་བསྒྲགས་བྱེད་ཀྱི་ཡོད་ཀྱང་། དོན་དངོས་སུ་བོད་ནང་གི་འཛུགས་སྐྲུན་ལས་གཞི་མང་པོ་ཞིག་རྒྱ་ནག་གཞུང་ལ་ཁེ་ཕན་ཡོད་པ་ཡིན་པ། དེ་བཞིན་ཕྱི་ལོ་ ༢༠༠༩ ནས་ད་བར་བོད་ནང་དུ་རང་ལུས་མེར་བསྲེགས་གནང་མཁན་ ༡༤༩ ཙམ་བྱུང་ཡོད་ཀྱང་། རྒྱ་ནག་གཞུང་གིས་ད་བར་ཁོང་རྣམ་པའི་མངོན་འདོད་གཞིར་བཞག་ནས། རྟོག་ཞིབ་དང་ལན་འདེབས་གང་ཡང་བྱས་མེད། " ཅེས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གསུང་སོང་།

གཞན་ཡང་། "བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་དང་འགྲོ་འདུག་སྤྱོད་གསུམ་གྱི་རང་དབང་། ཆོས་དད་རང་དབང་མེད་པ། དེ་བཞིན་ཁོར་ཡུག་གི་གནས་སྟངས་ཡག་པོ་མེད་པ་དང་སྲུང་སྐྱོབ་རང་དབང་མེད་པ་གསལ་པོ་ཡིན་པ་ལྟར། ཉེ་ཆར་ཨ་རིའི་ཕྱི་སྲིད་ཀྱི་སྙན་ཐོ་དང་མཉམ་སྦྲེལ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་རིམ་པས་ནང་། བོད་ནང་གི་གནས་སྟངས་རྣམས་གསལ་སྟོན་དང་གླེང་སློང་བྱུང་ཡོད་པ་རྣམས་བདེན་པ་ཡིན་པས། ད་ལྟའི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་འཚོག་ལ་ཉེ་བའི་ཏང་གི་ཚོགས་ཆེན་ཐེངས་༡༩ པའི་རྗེས་ཀྱི་འགོ་ཁྲིད་ཚོས། བོད་དོན་ལ་བསྐྱར་ཞིབ་དང་དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱ་གྲོས་མོལ་ཡོང་བར་དགོངས་པ་ཆེ་བཞེས་དགོས་རྒྱུ་གལ་ཆེན་རེད་ཅེས་ཞུ་འདོད་ཡོད། " ཅེས་དང་།
ད་དུང་དཔལ་ལྡན་ཚོགས་གཙོ་མཆོག་གིས་མུ་མཐུད་དུ། "ཨ་རི་དང་སུད་སི། རྒྱ་གར་བཅས་ཀྱི་གྲོས་ཚོགས་སྐུ་ཚབ་དྷ་སར་ཕེབས་ཐུབ་ཡོད་སྐོར་གསུངས་པ་དང་། བཅའ་ཁྲིམས་ཀྱི་འགན་དབང་སྐུར་བ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གིས་འགན་ཁུར་ནས་ལས་དོན་ཧུར་ཐག་བྱེད་བཞིན་ཡོད་པར་བསྔགས་བརྗོད་དང་། གྲོས་ཚོགས་ནས་ཀྱང་གང་ཡོང་གནང་གི་ཡོད་པ་ལྟར། སྤྱི་འཐུས་ཀྱི་སྐུ་ཚབ་ཚོགས་ཆུང་ཨུ་རུ་སུ་དང་ཉི་ཧོང་དུ་ཕེབས་ནས་བོད་ཀྱི་གནས་སྟངས་སོགས་ཀྱི་སྐོར་གླེང་ཐུབ་ཡོད་པ། གྲོས་ཚོགས་རྗེས་སུ་ཡུ་རོབ་ནང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཕེབས་རྒྱུ་ཡིན། " ཞེས་དང་།

མཐར་༧གོང་ས་མཆོག་གི་མཛད་འཕྲིན་དང་འབྲེལ་སྟེ། "གྲོས་ཚོགས་ནང་དུ་ཡོད་མཁན་རྣམ་པ་དང་མི་མང་རྣམས་ཀྱིས། ༧གོང་ས་མཆོག་གི་མཛད་འཕྲིན་དང་ཐུགས་རེ་རྒྱུན་སྐྱོང་ཡོང་ཐབས་འགན་འཁུར་བཞེས་དགོས་པ་གལ་ཆེན་རེད།  ༧གོང་ས་མཆོག་དགུང་ལོ་བརྒྱད་ཅུ་གྱ་གསུམ་ཡིན་ཡང་། སྐྱེ་བོ་ཕལ་པ་དག་དང་མི་འདྲ་བར་ཁོང་གི་མཛད་པ་འཕྲིན་ལས་རྒྱ་ཆེ་རུ་འགྲོ་བཞིན་པ་དང་དོ་སྣང་སྤྲོད་མཁན་ཡང་རྒྱ་ཆེ་རུ་འགྲོ་བཞིན་ཡོད་པས། བོད་མིའི་ངོས་ནས་༧གོང་ས་མཆོག་གི་བཀའ་དྲིན་བསམ་པའི་ཐོག་ནས་རྗེས་དྲན་དང་དྲིན་ལན་ལོག་འཇལ་གྱི་ངོ་བོར་མི་འགྲོ་བ་བྱ་རྒྱུ་དེ་གལ་ཆེན་པོ་ཡིན། " ཞེས་གསུངས་སོང་།

Tibet-applacations-2017དེ་མིན། ད་ལོའི་གྲོས་ཚོགས་ཚོགས་དུས་ ༤ དབུ་འཛུགས་སྐབས་ཀྱི་ཉིན་དང་པོར་གྲོས་ཚོགས་ཁང་པའི་སྒོ་མདུན་དུ། ཞུ་གཏུགས་གནང་མཁན་གྱི་ཚོགས་པ་གསུམ་གྱིས་སོ་སོའི་མངོན་འདོད་ཀྱི་ཡིག་ཆ་བཀའ་སྤྱི་གཉིས་སུ་བཀྲམས་ཀྱིན་འདུག ཚོགས་པ་དེ་དག་ནི། འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱིས་ཇོ་ནང་པར་ཆོས་བརྒྱུད་ལ། སྤྱི་མཚུངས་ཀྱི་ཐོབ་ཐང་དགོས་སྐོར་གྱི་སྙན་ཞུ་གྲོས་ཚོགས་འཐུས་མི་ཚང་མར་ཕུལ་གྱིན་པ་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད། བཀའ་སྤྱི་གཉིས་ཀྱི་འོས་བསྡུ་དང་འབྲེལ་བའི་ཐོག་མི་མང་ནང་དུ་བསམ་ཚུལ་བསྡུ་ལེན་བྱས་ཡོད་པ་ཞིག་སྤྱི་འཐུས་སྒེར་མི་རེ་རའི་མིང་ཐོག་ནས་འཕུལ་གྱིན་པ། བོད་མིའི་ཆིག་སྒྲིལ་ཚོགས་པ་ཞེས་པས་ཡོངས་གླིང་སློབ་གྲྭའི་བདག་དབང་སྐོར་ལ་སྙན་ཞུ་ཕུལ་གྱིན་པ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།