དགོངས་ཚུལ།

བཀྲ་ཤིས་རྣམ་རྒྱལ་གྱིས་བོད་མིའི་བདེ་སྡུག་ཆེད་རང་ཤི་རྒྱབ་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༩།༡༣ཉིན་སྤེལ། བོད་མི་བཀྲ་ཤིས་རྣམ་རྒྱལ་ཟེར་བ་ཞིག་གིས་སུད་སི་རྒྱལ་ཁབ་དུ་བོད་ཀྱི་དོན་ཆེད་དུ་རང་ལུས་མེར་བསྲེགས་གནང་བའི་གནས་ཚུལ་འདུག

འདི་ག་གསར་ཁང་གིས་གནས་ཚུལ་ལོན་པ་ལྟར་ན། སུད་སི་རྒྱལ་ཁབ་དུ་བོད་མི་ཞིག་བཀྲ་ཤིས་རྣམ་རྒྱལ་ལགས་ཀྱིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཁབ་ཀྱིས་བོད་ཀྱི་བདེན་དོན་འཐབ་རྩོད་ལ་རྒྱབ་སྐྱོར་དགོས་པ་དང་༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ། སུད་སི་རྒྱལ་ཁབ་ཀྱིས་བོད་མི་སྐྱབས་བཅོལ་བ་རྣམས་སུ་ཡིག་ཆ་སྤྲད་དགོས་པའི་ཁ་ཆེམས་དབྱིན་ཡིག་ཐོག་བྲིས་ཏེ་རང་སྲོག་བཏང་འདུག་པའི་གནས་ཚུལ་འདུག

དེ་ཡང་འདི་ཟླའི་ཕྱི་ཚེས་༧ ཉིན། སུད་སིའི་ཡོད་པའི་ལོའུ་ཛིན་་(Luzern)གྱི་མེ་འཁོར་འབབ་ཚུགས་སུ། བོད་མི་ཞིག་མེ་འཁོར་ལྕགས་ལམ་སྟེང་མཆོངས་ཏེ་རང་ཤི་བརྒྱབ་ཡོད་པ་དང་།  ཡུལ་དེའི་གྲོང་ཁྱེར་ཉེན་རྟོག་པས་ཕུང་པོ་རྙེད་ཡོད་པ་མ་ཟད། འདས་པོ་ཁོང་གི་ཨམ་ཁྲག་ནང་དུ་ཁ་ཆེམས་ཡི་གེ་ཞིག་རག་པའི་ནང་དོན་མདོར་བསྡུས་ནི། འཛམ་གླིང་མཉམ་འབྲེལ་རྒྱལ་ཁབ་ཀྱིས་བོད་ཀྱི་བདེན་དོན་འཐབ་རྩོད་ལ་རྒྱབ་སྐྱོར་དགོས་སྐོར་དང་། སུད་སིའི་ནང་གནས་སྡོད་བྱེད་བཞིན་པའི་བོད་མི་སྐྱབས་བཅོལ་བ་༣༠༠ ཡས་མས་ཡོད་པ་ཚོར་སྐྱབས་བཅོལ་ཡིག་ཆ་སྤྲད་རོགས་ཞེས་འཁོད་ཡོད་འདུག

གཞན་ཡང་། འདས་པོ་ཁོང་ནི་སུད་སིར་སླེབས་ནས་ཟླ་བ་ཁ་ཤས་ལས་མ་གཏོགས་འགོར་མེད་མ་ཟད། ཡུལ་དེའི་བོད་མི་སྐྱབས་བཅོལ་བ་༣༠༠ལྷག་ལ་ཡིག་ཆ་མ་སྤྲད་པའི་གྲས་ཡིན་པར་བཤད་ཀྱི་འདུག  ས་གནས་བོད་མི་རྣམས་ཀྱིས་ཁོང་ལ་སྨོན་ལམ་མཆོད་འབུལ་ཞུ་བཞིན་པ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།