དགོངས་ཚུལ།

བོད་རྒྱལ་ཡོངས་སིལ་སྤོལ་འགྲན་བསྡུར་བྱེད་ཀྱི་རེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༨།༢༩ཉིན་སྤེལ།
ལོ་རེ་བཞིན་ས་གནས་གཞོན་ནུའི་བཀོད་སྒྲིག་འོག་རྩེད་བཞིན་པའི་རྒྱལ་གཅེས་དཔའ་བོ་རྗེས་དྲན་གྱི་སིལ་སྤོལ་འགྲན་བསྡུར་དང་མ་འདྲ་བར། ད་ལོ་དབུས་ས་གཞོན་གསུམ་གྱི་མཉམ་སྦྲེལ་འོག ཊི་སྦི་ན་ཚའི་ཁ་གཏད་དུ་སིལ་སྤོལ་འགྲན་བསྡུར་ཞེས་པའི་རྩེད་མོ་ཞིག་བཙན་བྱོལ་གྱི་ས་གནས་ཡོངས་སུ་བཀོད་སྒྲིག་ཞུས་ཡོད་འདུག

Tibet-first match-2017དེ་རིང་ཉིན་རྒྱབ་ཆུ་ཚོད་༤བའི་ཐོག  ཊི་སྦི་གློ་ནད་ཀྱི་ཁ་གཏད་དུ་སིལ་སྤོལ་འགྲན་བསྡུར་ཞེས་པའི་བཙན་བྱོལ་གཞུང་གི་འཕྲོད་བསྟེན་ལས་ཁུངས་དང་ས་གནས་སོ་སོའི་ལས་ཁུངས། བོད་ཀྱི་དབུས་གཞོན་ནུ་དང་ས་གནས་སོ་སོའི་ལས་ཁུངས་བཅས་མཉམ་སྦྲེལ་གྱིས་སྒྲུབ་པའི་སིལ་སྤོལ་འགྲན་བསྡུར་ཞིག་འགོ་འཛུགས་བྱས་པ་ལས། བཞུགས་སྒར་ངྷ་ས་ཁུལ་གྱི་སིལ་སྤོལ་འགྲན་བསྡུར་དབུ་འཛུགས་གནང་སོང་།

Tibet-Dawarinching-2017དེ་ཡང་འདི་ག་གསར་འགོད་པ་ཆེད་བཅར་གྱིས་ངྷ་སའི་ས་གནས་འགོ་འཛིན་ཟླ་བ་རིན་ཆེན་ལགས་སུ་སིལ་སྤོལ་འགྲན་ཞུགས་སྐོར་ལ་སྐད་ཆ་དྲིས་དོན། ཁོང་གིས་"དབུས་གཞུང་གི་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་གཞིའི་དམིགས་ཡུལ་ལ་ཚུལ་པའི་སིལ་སྤོལ་རྩེད་འགྲན་འདི་ལྟར་རྩེད་དགོས་པའི་དམིགས་ཡུལ་ནི། སྤྱི་ཚོགས་ནང་དུ་ནད་རིགས་འདྲ་མིན་མང་པོ་ཡོད་པ་ལས་ལྷག་པར་དུ་གློ་ནད་ཊི་སྦི་ན་ཚ་འགོག་ཐབས་དང་རྩ་མེད་བཟོ་བར་སིལ་སྤོལ་རྩེད་འགྲན་གྱི་བརྒྱུད་ལམ་ཐོག་གོ་རྟོགས་སྤེལ་རྒྱུ་བརྒྱུད་འགྲོ་སོང་མང་ཆེ་ཤོས་འཕྲོད་བསྟེན་ལས་ཁུངས་ཀྱིས་གཏོང་གི་ཡོད་པ་རེད། རྩེད་མོ་འདི་གོ་སྒྲིག་གནང་བར་མཉམ་ཞུགས་གནང་མཁན་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ། དབུས་གཞོན་ནུ་ལྷན་ཚོགས་བཅས་ཡིན་པ་དང་། རྩེད་མོ་འགྲན་བསྡུར་འདིར་རིམ་པ་གསུམ་ཡོད། དང་པོ། ས་གནས་ནས་འགྲན་བསྡུར་བྱས་ཏེ་རུ་ཁག་གཅིག་འདེམས་པ། གཉིས་པ། ས་གནས་ས་ཁུལ་ནས་རུ་རྩེད་གྲས་རིགས་བསྡུར་དེ་རུ་ཁག་གཉིས་འདེམས་པ། གསུམ་པ། བོད་རྒྱལ་ཡོངས་རྩེད་འགྲན་གྱི་ངོས་ནས་ཨང་རིམ་དང་པོ་དང་གཉིས་པ། གསུམ་པར་གཟེངས་རྟགས་གནང་གི་རེད།

Tibet-basketballgame-MSC2017ད་སྔ་བཞུགས་སྒར་དུ་ངྷ་ས་ལ་སིལ་སྤོལ་རུ་ཁག་༡༣ཡོད་པ་ལས་རྩེད་གྲས་གཅིག་འདམས་ཏེ་ཧི་མ་ཅལ་མངའ་ཁུལ་གྱི་ས་གནས་༩ནས་རྩེད་གྲས་གཅིག་གཅིག་ཡོང་གི་ཡོད་པ་ལས་མཐའ་མར་རྩེད་གྲས་གཉིས་གདམས་ཀྱི་ཡིན། ས་གནས་ས་ཐོག་གི་རྩེད་འགྲན་རྩེད་གྲས་འདེམས་པར་གོ་སྒྲིག་ཞུ་མཁན་ནི་ས་གནས་འགོ་འཛིན་དང་གཞོན་ནུ་གཉིས་ཡིན་པ་རེད། གཞན་ཡང་མ་འོངས་པར་བུད་མེད་སིལ་སྤོལ་རྩེད་འགྲན་པ་ཡོང་བའི་འཆར་གཞི་ཡོད་ཅིང་། ད་ལོ་ས་གནས་ས་ཐོག་ཏུ་བུད་མེད་རྩེད་འགྲན་པ་ཉུང་ཉུང་ཡིན་རྐྱེན་གོ་སྒྲིག་བྱེད་ཐུབ་མ་སོང་།
"ཞེས་འགྲེལ་བརྗོད་གནང་སོང་།

Tibet-basketballgamoe-2017དེ་རྗེས་སིལ་སྤོལ་འགྲན་ཞུགས་ཀྱི་ཐོག་མའི་འགྲན་རྩོ་རུ་ཁག་ནི་སྨན་རྩིས་ཁང་མཐོ་སློབ་དང་ཐུ་བྷོད་རུ་ཁག་གཉིས་ཡིན་པ་ལས་ཐུ་བྷོད་རུ་ཁག་ལ་རྒྱལ་ཁ་ཐོབ་སོང་། རུ་ཁག་རྗེས་མ་གཉིས་ནི་ཆར་ཞོལ་ཆེ་བའི་རྐྱེན་གྱིས་སང་ཉིན་གྱི་རྩེད་མོའི་མཐོ་རིམ་ལ་བཞག་པ་བཅས།།
གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།