དགོངས་ཚུལ།

བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་སྐོང་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༨།༡༦ཉིན་སྤེལ། འབྲོག་ལམ་སྐོར་ལ་གཏིང་ཟབ་པའི་ཉམས་ཞིབ་གནང་དགོས་པའི་སྡིངས་ཆ་ཞིག་ཏུ་གྱུར་ཡོད་པས་ན། དེ་འདྲའི་རིགས་ད་སྔ་མཐོང་མ་སོང་བས་ན། དེ་བཞིན་རྒྱ་ནག་གི་སྲིད་ཇུས་དང་འབྲེལ་བའི་ཉམས་ཞིབ་གནང་བ་གལ་ཆེན་པོ་རེད།  ཅེས་སྲིད་སྐྱོང་མཆོག་གིོས་གསུངས་སོང་།

33དེ་རིང་སྔ་དྲོའི་ཚོུད་༩།༣༠ཐོག  བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་གསུམ་པ། (བོད་དང་བོད་མི། རེ་བ་དང་གདོང་ལེན)ཞེས་པ་ས་རཱ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཚོགས་ཁང་དུ། གི་བཀོད་སྒྲིག་འོག་ཉིན་གསུམ་རིང་གི་བགྲོ་གླེང་ཚོགས་འདུ་དབུ་བཙུགས་སོང་།

ཉིན་འདིའི་བགྲོ་གླེང་སྐབས་ཀྱི་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་དང་དམིགས་གསལ་སྐུ་མགྲོན་ཝིནཝིཀ་ནན་ངྷ་རྒྱལ་སྤྱིའི་ཐེབས་རྩའི་ཉམས་ཞིབ་པ་རྒན་པ་དང་རྒྱ་གར་དམག་དཔོན་ཟུར་བ་ཝི་ནོཐ་ཨ་ནན་ངྷ་མཆོག རིགས་ལམ་སློབ་གཉེར་ཁང་གི་འགན་འཛིན་དགེ་བཤེས་སྐལ་བཟང་དགྲ་འདུལ། རིགས་ལམ་སློབ་གཉེར་ཁང་གི་འགན་འཛིན་དགེ་བཤེས་སྐལ་བཟང་དགྲ་འདུལ། དེ་མིན་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་དང་ལས་མི་རྣམས། སློབ་ཆེན་ཁག་དང་ཕྱོགས་མཐའ་ཁག་ནས་ཕེབས་པའི་ན་གཞོན་ཉམས་ཞིབ་པ་དང་ཉམས་ཞིབ་ལ་དོ་སྣང་ཅན་སོགས་མི་གྲངས་༧༠ལྷག་འཛོམས་སོང་།

87དེ་ཡང་ཉིན་གསུམ་གྱི་རིང་ལ་སྔ་ཕྱི་བྱས་ཏེ་ཁྱོན་ཚོགས་དུས་བརྒྱད་ཡོད་པ་དང་། མཐོ་སློབ་ཁག་༡༥ ནས་ཁྱོན་ཚོགས་བཅར་བ་༤༠ ཡས་མས་འདུག ཚོགས་འདུ་ཉིན་དང་པོར་རྒྱ་ནག་གཞུང་གིས་བོད་ལ་འཛིན་པའི་སྲིད་བྱུས་དང་། བོད་ནང་གི་བོད་མི་དང་འབྲེལ་བའི་གནད་དོན། ཉིན་གཉིས་པར་བཙན་བྱོལ་ནང་གི་བོད་མིའི་དཀའ་གནད་དང་གདོང་ལེན། ཉིན་གསུམ་པར་བོད་དང་བཙན་བྱོལ་བོད་མིར་འབྲེལ་བའི་བརྗོད་གཞི་གཞན་ཁག་བཅས་ཀྱི་ཐོག་ལ་གཏམ་བཤད་དང་བགྲོ་གླེང་བྱ་རྒྱུ་ཡིན་པ་རེད། སོ་སོའི་བརྗོད་གཞི་སྒྲོག་སྦྱང་བྱས་ཚར་དུས་སུ་སྐར་མ་༣༠རིང་ལ་དྲི་བ་དྲིས་ལན་ཡིན་འདུག

སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གྱིས་འབྲེལ་ཡོད་གནས་ཚུལ་བརྗོད་པར། ཁོང་”བགྲོ་གླེང་འདི་ལྟ་ཚོགས་དགོས་དོན་ནི། གཅིག་གིས་གཅིག་ལ་མིག་དཔེར་ལྟ་བ་དང་སེམས་ཤུགས་སྤར་བ། བསམ་ཚུལ་བརྗེ་རེ་བྱེད་པ་གལ་ཆེན་དུ་བཟུང་ཡོད་ཅིང་། ཉིན་གསུམ་རིང་གི་གོ་སྐབས་འདིས་རྣམ་པ་ཚོར་ཐུགས་ཕན་སོས་པའི་རེ་བ་ཆེན་པོ་ཡོད།”ཅེས་བརྗོད་སོང་།

Captureསྲིད་སྐྱོང་མཆོག་གིས་གསུངས་པར། ཁོང་གིས་”བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་འཛུགས་དགོས་དོན་ནི། ཉམས་ཞིབ་གཏིང་ཟབ་མོ་གནང་ཐུབ་མཁན་ཞིག་བྱུང་ཆེད་ཡིན་ཞིང་། དེ་བས་ན་གཞོན་ཉམས་ཞིབ་གལ་ཆེན་དུ་རྩིས་ཏེ་འདིར་བཅར་བ་ཡིན་ལ། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་པའི་སྐབས་སུ་ཚོགས་བཅར་བའི་ནང་དུ། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག བོད་དོན་སོགས་གང་ཅིའི་ཐོག་ཉམས་ཞིབ་གནང་མཁན་ནི་བོད་རིགས་མིན་པའི་མི་སྣ་རྐྱང་རྐྱང་རེད། དེར་བརྟེན་བོད་པའི་ཉམས་ཞིབ་པ་གསོ་སྐྱོང་བྱེད་དགོས་ཤིང་། བོད་ཀྱི་ཉམས་ཞིབ་པ་ཚོས་ངེས་པར་དུ་ཉམས་ཞིབ་གཏིང་ཟབ་གནང་དགོས་ཀྱི་འདུག་ལ། དཔེར་ན། རྒྱ་ནག་དང་རྒྱ་གར་གྱི་ས་མཚམས་སུ་རྙོག་གླིང་བྱུང་བཞིན་པ། འབྲོག་ལམ་སྐོར་ལ་གཏིང་ཟབ་པའི་ཉམས་ཞིབ་གནང་དགོས་པའི་སྡིངས་ཆ་རག་པ་རེད། དེ་འདྲའི་རིགས་ད་སྔ་མཐོང་མ་སོང་བས་ན། དེ་བཞིན་རྒྱ་ནག་གི་སྲིད་ཇུས་དང་འབྲེལ་བའི་ཉམས་ཞིབ་གནང་བ་གལ་ཆེན་པོ་རེད།  བོད་པའི་གནད་དོན་དེ་ཕྱོགས་གཅིག་ནས་གནད་དོན་རྙིང་པ་ཆགས་ཀྱི་ཡོད་ཀྱང་། རྒྱལ་སྤྱིའི་དོ་སྣང་འགུག་ཕྱིར་གསར་པ་རུ་བསྒྱུར་ཐབས་སུ་ཁོང་གིས་ཕྱིའི་རྒྱལ་ཁབ་ཁག་ནང་། རྒྱ་ནག་འགོ་འཚོས་པ་ལ་དང་པོ་བོད་འགོ་འཚོས་དགོས་པའི་གཏམ་བཤད་བྱེད་ཀྱི་ཡོད་ཀྱང་། རྗེས་སུ་དེ་དག་གི་ཐོག་ལ་ཞིབ་འཇུག་གི་ཆེད་དེབ་ཅིག་དགོས་ཟེར་ན་ཁོང་ལ་མེད་སྟབས། ན་གཞོན་ཉམས་ཞིབ་པ་ཚོར་ཞིབ་འཇུག་གི་ཆེད་དེབ་ཅིག་གནང་རྒྱུའི་རེ་སྐུལ་ཞུ་དགོས་ཐུག་སྲིད།  ཉམས་ཞིབ་པ་རྣམས་ཀྱི་རྩོམ་ཡིག་དང་གཏམ་བཤད་སོགས་ཀྱི་ལམ་ནས་བོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་གནད་དོན་དང་འབྲེལ་བ་ཡོད་པ་བཟོ་དགོས་རེད།”ཅེས་བརྗོད་སོང་བ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།