དགོངས་ཚུལ།

རྒྱ་གཞུང་གིས་གསང་བའི་ཇུས་ངན་ཁྲོད་བླ་རུང་སྒར་གཏོར་བཞིན་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༨།༡༠ཉིན་སྤེལ། རྒྱ་ནག་གིས་བླ་རུང་སྒར་ཡུལ་སྐོར་སྤྲོ་འཆམ་པའི་རྣམ་པར་བསྒྱུར་སྟེ་ཁེ་སྤོག་ལེན་པའི་འཆར་གཞི་བཀོད་ཀྱིན་པ་མ་ཟད། དགོན་པ་དེ་གའི་མཁྲིས་ཀྱི་ཕུང་པོ་བྱ་གཏོར་བྱེད་སའི་དུར་ས་ཡང་ཡུལ་སྐོར་སྤྲོ་འཆམ་པའི་གནས་སུ་བསྒྱུར་འདུག

དེ་རིང་ཕྱི་དྲོའི་ཚོུད་༣།༣༠ཐོག  བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ངོས་ནས་བླ་རུང་སྒར་གྱི་གསང་བ་ཞེས་པའི་སྙན་ཐོ་ཞིག་གི་སྐོར་ལ།  བཞུགས་སྒར་ངྷ་རམ་ས་ལའི་ནོར་བུ་མགྲོན་ཁང་གི་ཚོགས་ཁང་དུ་གསར་འགོད་གསལ་བསྒྲགས་སྐོང་སོང་།

Tibet-TCHRD-2017དེ་ཡང་ལས་ཁུངས་དེ་གའི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་སྙན་ཐོ་འགྲེལ་བརྗོད་དང་ཡུལ་དངོས་ཀྱི་བརྙན་ཐུང་གསུམ་བཅས་གཟིགས་འབུལ་བྱས་སོང་།
སྙན་ཐོ་མདོར་བསྡུས་ན།  ༡ ལོ་གཅིག་ནང་གཏོར་བཤིག་བཏང་ནས་འཛམ་གླིང་ཐོག་གི་བོད་ཀྱི་ནང་པའི་སློབ་གཉེར་ཁང་ཆེ་ཤོས་དེ་དུམ་བུར་བཏང་སྟེ་ལམ་ཁ་བཟོ་བཞིན་པ།
༢ གྲྭ་བཙུན་རྣམས་ཕྱིར་འབུད་བཏང་ནས་ཡུལ་སྐོར་སྤྲོ་འཆམ་པའི་ཆེད་དུ་འགྲོ་ལམ་བཟོས་པ།
༣ ཁང་པ་དམར་པོ་གཏོར་བཤིག་བཏང་བ།
༤ ཁོ་ཚོས་ཚང་མ་གོ་ཐུབ།
༥ ནང་ཆོས་སློབ་གཉེར་བ་ལས་ཡུལ་སྐོར་སྤྲོ་འཆམ་པ་མང་བ་ཡོད།
༦ ཕྱི་རྒྱལ་བ་དང་ཤིན་ཅང་ངམ་ཏུརཀི་སི་ཐན་གྱི་མི་རིགས་ཡིན་པ་རྣམས་ཡོང་མི་ཆོག་པ།
༧ དུར་སའི་བྱ་གཏོར་ལ་ལྟ་ཆེད་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་འབྱོར་བ།
ཅེས་དོན་ཚན་བདུན་གྱི་སྒང་ནས་བླ་རུང་སྒར་དུ་རྒྱ་ནག་གཞུང་གིས་གསང་བའི་སྒོ་ནས་ཁ་གཡར་ས་འཚལ་སྟེ་གཏོར་བཤིག་དང་ཁེ་ཕན་གཉིས་ཀ་ལེན་གྱི་ཡོད་སྐོར་འགྲེལ་བརྗོད་དང་གསལ་བསྒྲགས་སྤེལ་སོང་།

Tibet-larunGar-2017འདི་ག་གསར་འགོད་པས་འགན་འཛིན་ལགས་སུ་དེ་རིང་ཁྱོད་ཚོའི་ལས་ཁུངས་ཀྱི་སྙན་ཐོ་འདི་བརྒྱུད་དེ་རྒྱ་ནག་ལ་བརྡ་ལན་ག་རེ་སྤྲད་ཀྱི་ཡོད་པར་དྲིས་ལན་བརྗོད་དོན། རྒྱ་ནག་གཞུང་གིས་བླ་རླུང་སྒར་གྱི་གྲྭ་ཤག་མང་པོ་གཏོར་བཤིག་བཏང་སྟེ། གྲྭ་བཙུན་མང་པོ་ཕྱིར་ཕུལ་བཏང་བ་དེས་བོད་མི་གཅིག་པུར་ཕོག་ཐུགས་ཤོར་བ་མ་ཡིན་པར། དེ་ལས་ལྷག་འཛམ་གླིང་ནང་པའི་སློབ་གཉེར་མང་པོ་ཞིག་ལ་དོ་ཕོག་ཤོར་ཡོད་པས་ན། འདི་ནི་བོད་རིགས་གཅིག་པུའི་གནད་དོན་མིན་པར་རྒྱ་རིགས་ཀྱི་ནང་ཆོས་སློབ་གཉེར་བ་མང་པོ་ཞིག་ལ་ཡང་ཕོག་ཐུགས་ཤོར་ཡོད་པ་རེད་ལ། འདིའི་སྐོར་ལ་རྒྱལ་སྤྱིའི་ངོས་ནས་ཀྱང་གནོན་ཤུགས་ཆེན་པོ་སྤྲད་ཡོད་ཀྱང་། རྒྱ་ནག་གཞུང་གིས་འདིའི་སྒང་ལ་ཡ་ལན་མ་བྱས་པ་རེད། ཡིན་ནའང་། མུ་མཐུད་དུ་འདི་ལྟར་རྒྱ་ནག་གིས་བྱ་སྤྱོད་ངན་པ་འཁྲབ་ན་མི་མང་གི་ངོས་ནས་གཞུང་ལ་ཡིད་ཆེས་སླེབ་དཀའ་བའི་དཀའ་ངལ་ཞིག་ཕྲད་ཀྱི་ཡིན་པ་གསལ་བོ་རེད། ཅེས་གསར་འགོད་པའི་དྲི་བར་ལན་བཏབ་པ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།