དགོངས་ཚུལ།

རང་བསྲེགས་མི་གནང་བར་མི་འབོར་ཐུགས་སུ་ཉར་རོགས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༨།༠༣ཉིན་སྤེལ། ངྷ་སའི་སྐོར་ལམ་གྱི་ལྷ་རྒྱལ་རི་སྟེ་བོད་མིའི་བསང་མཆོད་བྱེད་གཏོང་སར་ཡོད་པའི་རྒྱལ་གཅེས་དཔའ་བོའི་དྲན་གསོའི་རྡོ་སྐུ་དང་བར་ཐག་ཉེ་སར་རང་བསྲེགས་གནང་མཁན་པ་སངས་དོན་འགྲུབ་ལགས་ཀྱི་གདུང་མཆོད་སྐབས་སུ། བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རང་ལུས་མེར་བསྲེགས་མ་གནང་རོགས་ཞེས་འབོད་སྐུལ་གནང་སོང་།

འདི་ཟླའི་ཕྱི་ཚེས་༠༢ཉིན་སྔ་དྲོའི་ཆར། དྷ་སའི་གླིང་སྐོར་ལམ་ཀྱི་རྒྱལ་གཅེས་དཔའ་བོའི་དྲན་གསོའི་རྡོ་རིང་དང་བར་ཐག་ཉེ་ས་རུ་རང་ལུས་མེར་བསྲེགས་གནང་མཁན་པ་སངས་དོན་འགྲུབ་ལགས་ཀྱི་སྐུ་ཕུང་བདེ་ལེགས་སྨན་ཁང་འཁྲིས་ཀྱི་ཕུང་བོ་འཇོག་ཁང་ནས་ལྷ་རྒྱལ་རིར་གདན་འདྲེན་ཞུས་ཏེ། གཞུང་མང་གཉིས་ཀྱིས་ཁ་ཏགས་སྒྲོན་པ་དང་མཆོད་འབུལ་སྨོན་ལམ་ཞུས་རྗེས། དྷ་སྟེང་བོད་ཁྱིམ་དུ་འགྲོ་སའི་ལམ་འགྲམ་གྱི་ཕུང་སྲེག་ཁང་དུ་སྐུ་ཕུང་ཞུགས་འབུལ་གནང་སོང་།

Tibet-President-2017ལྷ་རྒྱལ་རིར་སྐུ་ཕུང་གདན་འདྲེན་གྱིས་མཆོད་འབུལ་སྨོན་ལམ་བྱེད་སྐབས་སུ། དཔལ་ལྡན་སྲིད་སྐྱོང་མཆོག་གཙོས་སྤྱི་འཐུས་ཚོགས་གཙོ་དང་སྤྱི་འཐུས་རྒྱུན་ལས། གཞུང་འབྲེལ་ལས་བྱེད། ངྷ་སའི་སེར་སྐྱ་མི་མང་བཅས་མང་པོ་འདུ་འཛོམས་ཀྱིས་མཆོད་འབུལ་སྨོན་ལམ་གྲུབ་རྗེས། དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསར་འགོད་པའི་དྲི་བར་ལན་རྒྱབ་དོན།
"བཀའ་ཤག་ངོས་ནས་གསལ་བོ་དང་དོ་ནན་པོས་སྔོན་མ་ནས་བཤད་ཡོད་ལ་ད་ལྟའང་ཤོད་ཀྱི་ཡོད། བོད་ནང་ནས་རང་ལུས་མེར་བསྲེགས་གནང་མཁན་ཚོ་ཡིན་ནའང་ད་ནས་བཟུང་རང་ལུས་མེར་བསྲེགས་མ་གནང་རོགས་ཞེས་འབོད་སྐུལ་ཞུ་ཡི་ཡོད། རང་ལུས་མེར་བསྲེགས་གནང་མཁན་ཚོ་ནང་པ་ཞིག་ཡིན་པའི་ཆ་ནས་འདས་གྲོངས་སུ་སོང་བ་ཡིན་ན་མཆོད་འབུལ་སྨོན་ལམ་བྱེད་ཀྱི་ཡོད། བོད་ནང་གི་བོད་མི་ཚོའི་རེ་འདོད་འགྲུབ་ཆེད་ང་ཚོ་ཡིན་ན་ཡང་འབད་བརྩོན་ཞུ་རྒྱུ་ཡིན། "བོད་ནང་གི་རང་ལུས་མེར་བསྲེགས་དང་བོད་མིའི་མངོན་འདོད་སྐོརནས་གསུང་བ།

ཡང་། "བཙན་བྱོལ་ནང་ཡོད་པའི་བོད་པ་ཚོར་རང་དབང་དང་ཐོབ་ཐང་ཆ་ཚང་ཡོད་པ་དང་། ཆབ་སྲིད་ཀྱི་ལས་འགུལ་ག་རེ་སྤེལ་ན་རང་དབང་ཆ་ཚང་ཡོད་སྟབས། སོ་སོའི་ལུས་སྲོག་དེ་རྩ་ཆེན་པོར་ངོས་ཟིན་པའི་ཐོག་ནས་མུ་མཐུད་འཚོ་གནས་བྱས་ཏེ་མི་ཚེ་ཧྲིལ་བོ་རྩ་དོན་ཆེད་དུ་ལས་འགུལ་སྤེལ་ཏེ་བཞུགས་དགོས་པ་ཤིན་ཏུ་ནས་གལ་ཆེན་པོ་རེད། དེར་བརྟེན། བཙན་བྱོལ་ནང་ཡོད་པའི་བོད་མི་རང་ལུས་མེར་བསྲེགས་གནང་མཁན་ཚོར་ང་ཚོས་རྩ་བ་ནས་མོས་མཐུན་མེད་ལ། དེ་ལྟར་མ་གནང་རོགས་ཞེས་དེ་སྔར་ཞུས་ཡོད་ལ་དེ་རིང་བསྐྱར་དུ་ནན་ཏན་གྱིས་ཞུ་བཞིན་ཡོད།"རང་དབང་ལུང་པར་རང་ལུས་མེར་བསྲེགས་མ་གནང་རོགས་ཞེས་ནན་ཏན་གྱིས་འབོལ་སྐུལ་གནང་སོང་།

Tibet-collectiong-2017གཞན་ཡང་། "རང་ལུས་མེར་བསྲེགས་གནང་མཁན་གྱི་ཕ་མ་ཚོ་ཡིན་ན་ཡང་རང་གི་བུ་ཕྲུག་གིས་བོད་དོན་ཆེད་རང་ལུས་མེར་བསྲེགས་གནང་ཟིན་པར་འགྱོད་པ་མེད་ན་ཡང་གཞོན་སྐྱེས་ཚོས་སོ་སོས་གནང་ཐུབ་པ་དེ་ཤེས་ཡོན་ཐོག་ལ་དོ་སྣང་དང་། ཤེས་ཡོན་མཐར་ཕྱིན་པ་གནང་སྟེ་སོ་སོར་བོད་དོན་ཆེད་སེམས་ཤུགས་དང་ལྷག་བསམ་ཡོད་པ་དེ་ཤེས་འཇོན་གཉིས་ལྡན་གྱི་ཐོག་ནས་རྩ་དོན་ཆེད་དུ་སྐུ་ལས་སྐྱོན་རོགས་ཞེས་འབོད་སྐུལ་ཞུས་ཡོད་པ་ལྟར། ཕ་མ་ཚོས་གསུངས་བ་དང་དེ་སྔོན་བཀའ་ཤག་གིས་གསུངས་བ་གཅིག་པ་ཆགས་ཡོད་སྟབས། དམིགས་བསལ་གཞོན་སྐྱེས་ཚོས་དོ་སྣང་གནང་རོགས།"ཞེས་སྲིད་སྐྱོང་མཆོག་གིས་ཤེས་འཇོན་གཉིས་ལྡན་གྱི་མི་ཞིག་བྱེད་པར་རེ་སྐུལ་གནང་སོང་།

དེ་བཞིན། "དེ་སྔོན་ནས་བཀའ་ཤག་ནང་བཀའ་བསྡུར་རིམ་པར་བྱུང་སྟེ་བཙན་བྱོལ་ནང་རང་ལུས་མེར་བསྲེགས་གནང་མཁན་ཚོར་ངོས་ལེན་མེད་ཅེས་ཞུས་ཡོད་ཀྱང་། མེར་བསྲེགས་གནང་སྟེ་འདས་གྲོངས་སུ་སོང་བ་ཡིན་ན་ང་ཚོ་བོད་པ་ཞིག་དང་ནང་པ་ཞིག་ཡིན་པའི་ཆ་ནས་གདུང་སེམས་མཉམ་སྐྱེད་དང་མཆོད་འབུལ་སྨོན་ལམ་ཞུ་ཡི་ཡོད། ཡིན་ན་ཡང་བཙན་བྱོལ་ནང་དུ་རང་ལུས་མེར་བསྲེགས་གནང་མཁན་ཚོར་བཀའ་ཤག་མི་བཅར་བ་དང་། དེ་བཞིན། བོད་མིའི་སྒྲིག་འཛུགས་དྲ་རྒྱའི་ངོས་སོགས་སུ་མ་གཏོང་རོགས་ཞེས་འབོད་སྐུལ་ཡོང་གི་འདུག ང་ཚོའི་ངོས་ནས་དེ་ལྟར་བྱ་རྒྱུ་ཐག་གཅོད་བྱས་མེད་ཀྱང་རིམ་པས་དེ་ལྟར་ཡོང་དགོས་པ་ཞིག་མཐོང་གི་འདུག དེ་མིན་རང་ལུས་མེར་བསྲེགས་གནང་ཡོང་ན། བཀའ་ཤག་བཅར་ཏེ་ང་ཚོའི་ངོས་ནས་མེར་བསྲེགས་མ་གཏོང་རོགས་ཞེས་བཤད་ན་གོ་ནོར་ཐེབས་ཡོང་གི་མེད་འགྲོ་བསམ་གྱི་འདུག"ཅེས་བཀའ་ཤག་གིས་བཙན་བྱོལ་ནང་དུ་རང་ལུས་མེར་བསྲེགས་གནང་མཁན་ཚོར་ངོས་ལེན་མེད་པ་ཞུས་ཡོད་པའི་སྐོར་གསུང་སོང་བ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
༅༅།། སྤྱིར་ན་རང་ལུས་མེར་བསྲེགས་གཏོང་མཁན་རྣམས་བོད་དོན་ཐོག་སེམས་ཤུགས་ཧ་ཅང་ཆེན་པོ་ཡིན་པ་མངོན་ན་ཡང་། ཐབས་ལམ་དེ་ནི་
ཡང་དག་པ་ཞིག་མི་རིགས་སོ། ནང་པའི་ཆོས་ནས་བཤད་པ་ཡིན་ན། རང་སྲོག་གཅོད་རྒྱུ་ནི་ཉེས་དམིགས་ཧ་ཅང་ཆེན་པོ་ཡིན་སྐོར་གསུངས་ཡོད། མདོར་ན་ངན་སོང་དུ་སྐྱེ་ཡི་ཡོད་ཅེས་གསུངས་འདུག དེ་ལྟར་ན་བོད་རིགས་སྤུན་ཟླ་ཡོངས་ནས་རང་སྲོག་ལ་གཅེས་འཛིན་བྱེད་དགོས་པ་དང་། ཐབས་ལམ་དེའི་རིགས་འདོར་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད། ཐུགས་རྗེ་ཆེ།



བརྗོད་གཞི་གཞན་ཁག་ལ་གཟིགས།