དགོངས་ཚུལ།

དྲན་གསོའི་རྡོ་སྐུའི་ཉེ་མཁྲིས་སུ་རང་ལུས་མེར་བསྲེགས་གནང་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༧།༣༡ཉིན་སྤེལ། བཞུགས་སྒར་སྐོར་ལམ་གྱི་རྒྱལ་གཅེས་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་ཀྱི་དྲན་གསོ་རྡོ་སྐུའི་ཉེ་མཁྲིས་སུ་རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་པ་སངས་དོན་འགྲུབ་ལགས་ནི་ལོ་ན་༤༩སོན་པ་ཞིག་ཡིན་འདུག

Tibet-Self-immolation-unknown-2017-1འདི་ཟླའི་ཕྱི་ཚེས་༢༩ཉིན་གྱི་ཕྱི་དྲོའི་ཚོུད་༣།༠༠པའི་ཐོག  ལྷ་རྒྱལ་རི་དཔའ་བོ་ཐུབ་བསྟན་དངོས་གྲུབ་དང་འཇམ་དཔལ་ཡེ་ཤེས་ལགས་གཉིས་ཀྱི་དྲན་གསོའི་རྡོ་རིང་དང་རྡོ་སྐུ། བོད་གཞི་བྱེས་གཉིས་སུ་རང་ལུས་མེར་བསྲེགས་གནང་མཁན་གྱི་སྐུ་པར་བསྒྲིགས་གཤོམ་བྱས་ཡོད་པའི་ཉེ་མཁྲིས་སུ། བོད་མི་ཞིག་གིས་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་ཡོད་པ་དང་། ངོ་གདོང་མེར་འཚིགས་དྲག་པའི་རྐྱེན་གྱིས་སུ་ཡིན་མིན་གྱི་ངོ་རྟགས་མ་ཆོད་པར་ཉི་གཉིས་རིང་ལྷག་ཅིང་། ད་རེས་ཕྱི་ཚེས་༣༡ཉིན་རྒྱབ་བཞུགས་སྒར་དྷ་རམ་ས་ལའི་ཉེ་འཁྲིས་སུ་ཡོད་པའི་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ཤིང་རྐོས་སྡེ་ཚན་གྱི་གཞི་གདན་བཏིངམཁན་པ་སངས་དོན་འགྲུབ་ལགས་ཡིན་པའི་གནས་ཚུལ་ཐོན་སོང་།

དེ་ཡང་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་བདེ་དོན་འགན་འཛིན་ཚེ་རིང་ཕུན་ཚོགས་ལགས་ཀྱིས་འདི་ག་གསར་ཁང་དུ་བརྗོད་པར། ཁོང་གིས"རྒན་དོན་འགྲུབ་ཁོང་གིས་གཟའ་སྤེན་པ་ནས་ཟླ་བ་བར་དགོངས་ཤོག་བཏང་ཡོད་པ་དང་། མེར་བསྲེགས་གཏོང་སའི་ཡུལ་དངོས་སུ་རྒྱ་གར་ཉེན་རྟོགས་པས་ལག་སོན་བྱུང་བའི་ལྡེ་མིག་ཅིག་ཡོད་པ་དེ་ནི། རང་ལུས་མེར་བསྲེགས་གནང་མཁན་གྱི་ཁང་པའི་ལྡེ་མིག་ཡིན་པས་ན། ཁོང་ཡིན་པར་ཐག་གཅོད་བྱེད་ཐུབ་པ་རེད།"ཅེས་བརྗོད་སོང་།

དེ་ཡང་དམ་པ་ཁོང་ནི་ནོར་གླིང་ཤིང་ཚོན་སྡེ་ཚན་གྱི་གཞི་གདན་བཏིང་མཁན་པ་སང་དོན་འགྲུབ་ལགས་ཡིན་ཞིང་།
དགུང་ལོ་ ༤༩ ཡིན་པ་དང་། ཕ་ཡུལ་རྒྱལ་རྩེ་ཡིན་ཞིང་། ཕ་མིང་ལ་ཡེ་ཤེས་ཚེ་རིང་དང་མ་མིང་ལ་བཅོ་ལྔ་ལྷ་མོ། ཕྱི་ལོ་༢༠༡༢ལོར་ནོར་གླིང་དུ་ལས་ཞུགས་བྱས་ཡོད་འདུག

Tibet-Settlement-Officer-2017དེ་ཡང་ད་ནང་སྔ་དྲོར། ས་གནས་འགོ་འཛིན་ཟླ་བ་རིན་ཆེན་ལགས་ཀྱིས་ཁོང་གི་ལས་ཤག་ཏུ། རང་ལུས་མེར་བསྲེགས་གནང་མཁན་དེ་ནི་བོད་པ་ཞིག་ཡིན་པ་མ་ཟད། བོད་དོན་ཆེད་དུ་རང་ལུས་མེར་བསྲེགས་གནང་བ་རེད་ཅེས་དང་། དེ་རྗེས་དཔང་མི་ལོ་ན་རྒན་པ་ཕོ་མོ་གཉིས་ཀྱིས་སྐོར་ལམ་དུ་སྐབས་དེའི་ཡུལ་དངོས་གནས་ཚུལ་གང་མཐོང་བ་འགོད་པར་གསལ་བཤད་བྱེད་དུ་བཅུགས་སོང་།

Tibet-Pukkyi-2017དེ་བརྟེན། རྨོ་མོ་བུ་སྐྱིད་ལགས་ཀྱིས་ཡུལ་དངོས་ཀྱི་མེ་ཤུགས་ཆེན་པོ་འབར་བའི་སྐབས་ཀྱི་གནས་ཚུལ་བརྗོད་པར། མོས"ང་རང་གླིང་སྐོར་ལ་འགྲོ་དུས་དེར་མི་ཞུགས་ལང་ནས་བསྡད་འདུག གོམ་པ་གཉིས་གསུམ་རྒྱབ་རྗེས་སུ། ཚག་ཚག་ཅེས་སྒྲ་ཞིག་གྲགས་སོང་བས་ཁ་ཕྱིར་འཁོར་དུས་མེ་ཆེན་པོ་འབར་གྱི་འདུག་ལ། '༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག'ཅེས་སྐད་རྒྱབ་སོང་། ང་དངངས་སྐྲག་ཆེན་པོས་བྲོས་ཡོང་སྟེ། མེར་བསྲེགས་བཏང་སོང་ཞེས་སྐད་རྒྱབ་པ་ཡིན།"ཅེས་བརྗོད་སོང་།

Tibet-Jigmedorjee-2017དེ་རྗེས་སྤོ་བོ་འགྱུར་མེད་རྡོ་རྗེས་ཡིས་རང་ལུས་མེར་བསྲེགས་མ་བཏང་བའི་སྔོན་གྱི་ཡུལ་དངོས་གནས་ཚུལ་བརྗོད་པར། ཁོས་"ང་རང་གླིང་སྐོར་བྱེད་སྐབས་སུ། མི་ཞིག་དེར་ལང་ནས་བསྡད་ཡོད་པ་མཐོང་སོང་། ཁོའི་དུག་ལོག་གི་ཁ་ཏོག་དང་གདོང་དབྱིབས་སོགས་ཇི་འདྲ་ཡིན་མིན་གསལ་བོ་མ་བྱུང་མོད། བོད་པ་ཞིག་ཡིན་པ་གསལ་བོ་ཡིན་པ་མ་ཟད། ད་དུང་ལོ་༤༠ནང་དུ་མེད་འགྲོ་བསམ།"ཅེས་བརྗོད་སོང་།

དེ་མིན་རང་ལུས་མེར་བསྲེགས་གནང་བའི་ཡུལ་དངོས་སུ། འགྱིག་དམ་གྱི་ཁ་གཅོད་གཉིས་དང་རྒྱབ་ཁུག་དམར་པོ་ཞིག་གི་ནང་དུ། བོད་ཀྱི་རྒྱལ་དར་ཞིག་དང་ཧིན་སྒོར་ཁ་ཤས། ཤོག་བུ་རལ་བོ་ཞིག་གི་ཐོག་ཏུ་བརྙན་འཕྲིན་སྐུད་ལམ་དོ་དམ་པ་ཞིག་གི་ཁ་ཕར་ཨང་གྲངས་བཅས་ཡོད་པ་དང་། ད་རུང་ཁོང་གི་བསིལ་ལྷམ་ཟད་པོ་ཡ་གཅིག་ལྷག་འདུག་པ་བཅས།།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།