དགོངས་ཚུལ།

རྒྱལ་གཅེས་པ་བསྟན་འཛིན་ཆོས་དབྱིངས་ཀྱི་སྐུ་ཕུང་ངྷ་སར་གདན་དྲངས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༧།༢༥ཉིན་སྤེལ། རྒྱལ་གཅེས་དཔའ་བོ་བསྟན་འཛིན་ཆོས་དབྱིངས་ལགས་ཀྱིས་དྲ་རྒྱའི་སྤྱི་ཚོགས་བརྒྱུད་ལམ་དུ་རང་གི་མྱོང་ཚོར་འདྲེས་པའི་རྩོམ་ཡིག་གང་མང་ཞིག་བོད་ཡིག་སྟེང་བྲིས་ཏེ་བཀོད་ཡོད་འདུག

Tibet-self immolationbady-2017དེ་རིང་སྔ་དྲོའི་ཚོུད་༨།༣༠ཐོག བོད་དོན་ཆེད་རང་ལུས་མེར་བསྲེགས་གནང་བའི་རྒྱལ་གཅེས་དཔའ་བོ་བསྟན་འཛིན་ཆོས་དབྱིངས་ལགས་ཀྱི་སྐུ་ཕུང་བཞུགས་སྒར་ངྷ་རམ་ས་ལའི་དབུས་བོད་ཀྱི་གཞོན་ནུའི་ལས་ཁུངས་སུ་གདན་འདྲེན་ཞུས་ཏེ། ས་གནས་བོད་ཀྱི་ཡུལ་མི་མང་པོས་ཆར་བའི་འབབ་སྒྲ་མཐོ་བའི་ཁྲོད་འཚང་ཁ་རབ་ཏུ་རྒོད་པོའི་ངང་སྐུ་ཕུང་ལ་ཁ་བཏགས་བསྒྲོན་སོང་།

དེ་ཡང་ཐོག་མར། Tibet-wholemidia-2017གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་བསྟན་འཛིན་སྲིད་གཅོད་ལགས་ཀྱིས་རྒྱལ་གཅེས་པ་ཁོང་གི་ཕ་མ་གཉིས་གཙོས་སྤུན་མཆེད་ཤ་ཉེ་ཚང་མ་འདིར་ཕེབས་ཡོད་པ་བཅས་ནང་མི་སྤུན་ཆེད་ངོ་སྤྲོད་བྱས་པ་གྲུབ་རྗེས། གསར་འགོད་པ་རྣམས་ཀྱིས་བཀའ་འདྲི་ག་རེ་ཞུ་རྒྱུ་ཡོད་ན་རྒྱལ་གཅེས་དཔའ་བོ་ཁོང་གི་ཨ་མ་ལགས་སུ་འདྲི་རོགས་ཞེས་འབོད་སྐུལ་ཞུ་ཡི་ཡོད་ཅེས་བརྗོད་སོང་།
དེ་རྗེས།

Tibet-Tashi yangzom-2017རྒྱལ་གཅེས་དཔའ་བོ་ཁོང་གི་ཨ་མ་བཀྲ་ཤིས་གཡང་འཛོམས་གཉིས་ཀྱིས་གསར་འགོད་པར་བརྗོད་དོན། “ཁོང་རང་ཟླ་གཉིས་རིང་ནང་དུ་གུང་གསེང་ལ་ཡོང་སྐབས་སུ། ཨ་མ་ལགས། ལོ་རྗེས་མ་ནས་ང་རང་གུང་གསེང་ལ་ཡོང་གི་མིན། ངས་བོད་དོན་ཆེད་ལས་འགུལ་ཆེན་པོ་ཞིག་སྤེལ་ན་ག་འདྲ་འདུག་བརྗོད་སོང་། ངས་སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་སློབ་སྦྱོང་བྱེད་དགོས་པ་གལ་ཆེནཔོ་་རེད་ཅེས་ལབ་པ་ཡིན། ཁོང་གིས་་་་ ཡ་ཡ་་་་ ཨ་མ་་་་ འགྲིག་གི་རེད་ཅེས་བརྗོད་སོང་། ”ཅེས་འགྲེལ་བཤད་གནང་སོང་།

Tibet-Nyagang Kyidhup-2017སྐབས་འདིར་བསྟན་འཛིན་ཆོས་དབྱིངས་ལགས་ཀྱི་ཕ་ངག་དབང་མཁས་གྲུབ་ལགས་ཀྱིས་གསར་འགོད་པར་བརྗོད་དོན། “ཕ་མ་གཉིས་ཀྱི་བཀའ་དྲིན་མཇལ་རྒྱུ་མ་བྱུང་བས་དུག་ལོག་ཁ་ཤས་བཞག་ཡོད་པས་གྱོན་རོགས་ཞེས་བརྗོད་སོང་བ་དེ་ནི་ཀུ་རེ་རྩེད་མོ་ཡིན་བསམ་ཡོད་མོད། ད་ལྟ་བསམ་དུས་དངོས་གནས་ཁ་ཆེམས་རང་རེད་འདུག རང་ཉིད་ཀྱི་ཕྲུ་གུ་གཞོན་སྐྱེས་སློབ་སྦྱོང་བྱེད་བཞིན་པ་ཞིག་མེད་པ་ཆགས་དུས་ཕ་མ་གཉིས་ལ་བློ་ཕམ་ཆེན་པོ་བྱུང་སོང་ཡང་། རྒྱ་ཆེ་ས་ནས་བསམ་བློ་བཏང་ན་མི་ཚང་མ་སྔ་ཕྱི་མ་གཏོགས་འཆི་རྒྱུ་ཡིན་པས། བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་སྲོག་བློས་གཏོང་བྱས་པ་དེར་ཕ་མ་གཉིས་ལ་སྤོབས་སེམས་ཤིག་སྦྱིན་སོང་།”ཞེས་འགྲེལ་བརྗོད་གནང་སོང་།

4གཞན་ཡང་། རྒྱལ་གཅེས་པ་ཁོང་གིས་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་བོད་ཡིག་གི་ཚིག་བཅད་ཐོག་རྩོམ་བྲིས་ཏེ་སྤེལ་ཡོད་པའི་སྐོར་ནས་ཁོང་གི་ཤ་ཉེ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་མཁོ་སྤྲོད་གནང་བ་ལས། རྩོམ་བྱང་ནི། ༼བུ་ངའི་མི་ཚེ། ༽ ༼ཐོན་མི་བཀའ་དྲིན༽ ༼བོད་༽ ༼ཕ་མ༽ ༼མ་འོངས་མི་ཚེ།༽ དེ་བཞིན་ཁ་བྱང་མེད་པའི་ཚིག་བཅད་ཅིག་ནི། ལུས་ཀྱི་བྱ་བ་སེམས་ཀྱིས་བྱེད།། འཇམ་པོ་རབ་པོ་ལུས་ཀྱིས་མྱོང་།། སྡིག་དང་དགེ་བ་ང་ཚོས་བྱེད།། བླང་དོར་ཤེ(ཤེས)མཁན་མི་ང་ཚོ།། གསོན་པོ་སྡོད་ལས་ཤི་ན་དགའ།། ཅེས་སྤྱི་ཚོགས་བརྒྱུད་ལམ་དུ་བཀོད་ཡོད་ཅིང་། རྩོམ་གཞན་དག་རིམ་བཞིན་པར་རིས་སུ་གཤམ་དུ་བཀོད་ཡོད་པ་དེ་བཞིན་ཡིན།

12གས356ར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།