དགོངས་ཚུལ།

བོད་ཀྱི་དཔའ་བོ་བསྟན་འཛིན་ཆོས་དབྱིངས་ལགས་ཉིན་༩རྗེས་གྲོངས་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༧༢༤ཉིན་སྤེལ། བོད་དོན་ཆེད་རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་བསྟན་འཛིན་ཆོས་དབྱིངས་ལགས་རྒྱ་གར་རྒྱལ་ས་ལྡི་ལའི་སྨན་ཁང་ཞིག་ཏུ་སྨན་བཅོས་ཀྱིས་མ་ཕན་པར་སྐུ་གྲོངས་འདུག

Tibet-Tenzin-Choeying-2017འདི་ཟླའི་ཕྱི་ཚེས་༡༤ཉིན། རྒྱལ་གཅེས་དཔའ་བོ་དམ་པ་ཁོང་གིས་ཝར་ཎ་མཐོ་སློབ་དུ་བོད་དོན་གཙོས་བོད་ཀྱི་སྐད་ཡིག་དང་ཆོས་རིག་ཆེད་དུ་རང་ལུས་མེར་བསྲེགས་གནང་ཞིང་། སྐབས་དེར་རྒྱལ་གཅེས་པ་ཁོང་ཉིད་ཀྱིས་མེར་བསྲེགས་གནང་བ་བརྙན་མིག་ལ་ཚུད་པ་ལྟར་ན་མེ་ཤུགས་ཆེན་པོ་འབར་ཡོད་པ་དང་། ཡུལ་གྲུ་དེའི་རྒྱ་གར་གྱི་མངའ་སྡེ་ཨུཏྲཔྲདེཤ་ནང་རྟེན་གཞི་བྱས་པའི་ (Heritage) སྨན་ཁང་དུ་སྨན་བཅོས་སུ་ཛ་དྲག་མྱུར་སྐྱོབས་བྱས་དུས། གཟུགས་པོའི་བརྒྱ་ཆའི་༦༦འཚིགས་པའི་སྐད་ཆ་ཞིག་དང་རྗེས་སུ་བརྒྱ་ཆའི་༤༠ལྷག་ཅིག་མ་གཏོགས་འཚིགས་མེད་པ་ཞིག་ཝར་ཎ་མཐོ་སློབ་ཀྱི་ཉེ་བའི་རིགས་བདག་གྲྭ་ངག་དབང་བསམ་བརྟན་ལགས་ཀྱིས་རྒྱལ་གཅེས་པ་ཁོང་དང་འབྲེལ་ཡོད་གསུང་བཤད་གནང་བའི་བརྙན་ཐུང་ཞིག་ཏུ་གསུང་སོང་།

དེ་ཡང་ཕྱི་ཚེས་༢༠ཉིན། ས་ཁུལ་དེ་གའི་སྨན་ཁང་གིས་རྒྱལ་གཅེས་པ་ཁོང་སྨན་བཅོས་བྱེད་པའི་ཆ་རྐྱེན་གྱིས་མ་འདང་བའི་དབང་གིས། ཝར་ཎ་ནས་རྒྱལ་ས་ལྡི་ལི་བར་དམིགས་བསལ་ནད་པ་མྱུར་སྐྱོབ་ཀྱི་གནམ་གྲུར་བསྡད་དེ། ལྡི་ལིའི་སྨན་ཁང་ཆེ་གྲས་ས་ཧྥེ་ཌར་ཇོང་(Safdarjung Hospital)སྨན་ཁང་གི་དམིགས་གསལ་མེར་འཚིགས་དཔྱ་བཅོས་ཁང་གི་རྟག་དཔྱད་བརྒྱུད་པའི་གྲུབ་འབྲས་སུ་གཟུགས་པོའི་བརྒྱ་ཆའི་༩༠འཚིགས་པའི་སྙན་ཐོ་བཏོན་པ་དང་། ཕྱི་ཚེས་༢༡ ཉིན། རྒྱལ་གཅེས་པ་ཁོང་གི་གཟུགས་པོའི་གནས་སྟངས་ཛ་དྲག་ཆགས་ཤིང་། ཕྱི་ཚེས་༢༢ ཉིན་གྱི་ཉིན་གུང་ཆུ་ཚོད་༤ དང་སྐར་མ་༥༠ ལ་སྨན་ཁང་དེ་གར་སྐུ་གྲོངས་ཡོད་ཅིང་། རྒྱལ་གཅེས་པ་ཁོང་གྲོངས་ཁར་ཨ་མ་ལགས་་་་  ཨ་ཞང་ལགས་་་་  ཞེས་འབོད་ཞོར་"བོད་་་ བོད་་་ "ཅེས་ཡང་ཡང་བརྗོད་ཡོད་འདུག

གཞན་ཡང་། ལྡི་ལིའི་སྐུ་ཚབ་དོན་གཅོད་འབྲོང་ཆུང་དངོས་གྲུབ་མཆོག་ཆེད་ཕེབས་ཀྱིས། ཆོས་དབྱངས་ལགས་ཀྱི་ཨ་མ་ལགས་དང་སྤུན་མཆེད་ལ་གདུང་སེམས་མཉམ་སྐྱེད་གནང་པ་དང་སྦྲགས། འཛིན་སྐྱོང་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གནང་བའི་གདུང་སེམས་མཉམ་སྐྱེད་ཀྱི་ཐུགས་གསོའི་གསུང་འཕྲིན་གནང་ཡོད་པ་དང་།  བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གཙོས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་། ལྡི་ལི་ཁུལ་གྱི་བོད་རིགས་མི་མང་བཅས་འཛོམས་ཏེ་ཁོང་གི་ཤུལ་ལུས་ནང་མིར་ཐུགས་གསོ་དང་གདུང་སེམས་མཉམ་སྐྱེད་ཞུས་ཡོད་འདུག

206-768x432དེ་མིན། རྒྱལ་གཅེས་པ་བསྟན་འཛིན་ཆོས་དབྱིངས་ལགས་ཀྱི་སྐུ་ཕུང་དེ་གའི་སྨན་ཁང་ནས་ལྡི་ལི་བསམ་ཡས་གླིང་གཞིས་སྒར་གྱི་འདུ་ཁང་སྒོ་འགྲམ་གདན་འདྲེན་བྱས་ཤིང་། དེ་གའི་བོད་རིགས་མི་མང་གིས་སྐུ་ཕུང་ལ་ཁ་བཏགས་སྒྲོན་པ་དང་མཆོད་འབུལ་བྱས་ཤིང་། ད་རེས་ཕྱི་ཚེས་༢༤ སྔ་དྲོ་རྒྱལ་ས་ལྡི་ལི་ནས་བཞུགས་སྒར་དུ་གདན་འདྲེན་ཞུས་ཏེ། ཕྱི་ཚེས་༢༥ ཉིན་གྱི་ཞོགས་པར་བཞུགས་སྒར་ངྷ་སར་འབྱོར་འཆར་དང་དེ་རྗེས་ལྷ་རྒྱལ་རི་རུ་མང་ཚོགས་ལ་རྗེས་དྲན་མཇལ་དར་སྒྲོན་འབུལ། ཕྱི་ཚེས་༢༦ ཉིན་གྱི་སྔ་དྲོར་རྒྱལ་གཅེས་པ་དམ་པ་ཁོང་གི་སྐུ་ཕུང་ཞུགས་འབུལ་གནང་བར་གཏན་འཁེལ་འདུག་པ་ནོར་ཝེ་རླུང་འཕྲིན་རླུང་ཁང་གི་ཐད་ཀའི་བཅར་འདྲིའི་བརྙན་ཐུང་དུ་དབུས་གཞོན་ནུའི་ཚོགས་གཞོན་བསྟན་འཛིན་སྲིད་གཅོད་ཀྱིས་གསུང་སོང་།

ཡང་། ཕྱི་ཚེས་ ༢༡ཉིན་གྱི་ཕྱིོ་དྲོར། རྒྱ་ནག་གི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ལིའུ་ཞའོ་པོ་དམ་པ་མཆོག་ལ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུགཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་སྐབས། དཔལ་ལྡན་སྲིད་སྐྱོང་མཆོག་གིས་དམ་པ་ཁོང་ལ་རྗེས་དྲན་དང་སྦྲགས་མྱ་ངན་གུས་འདུད་ཞུས་རྗེས་རྒྱལ་གཅེས་པ་བསྟན་འཛིན་ཆོས་དབྱིངས་ལགས་ཀྱིས་བོད་ཀྱི་རྩ་དོན་ཆེད་རང་ལུས་མེར་སྲེག་གནང་བར། སྲིད་སྐྱོང་མཆོག་གིས་ཐུགས་སྨོན་གནང་ཞོར། "བོད་དོན་སླད་རང་སྲོག་བློས་གཏོང་གནང་བར་གུས་འདུད་ཞུ་བ་དང་ཆབས་ཅིག ཁོང་གི་རྒྱལ་གཅེས་མངོན་འདོད་ལ་རྒྱབ་སྐྱོར་ཞུ།  འོན་ཀྱང་བོད་མི་མི་རེ་ངོ་རེའི་ཚེ་སྲོག་ནི་རྩ་ཆེན་པོ་ཞིག་ཡིན་ཞིང་། ང་ཚོ་གསོན་པོར་གནས་པའི་ཐོག་ནས་འཐབ་རྩོད་ལ་འབད་དགོས།" ཞེས་བརྗོད་ཡོད་པ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།