དགོངས་ཚུལ།

ཨ་ངྷ་ཀཱ་ཊི་གང་མགྱོགས་ངང་བཟོ་བར་ཕེབས་རོགས་གནང།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༧།༢༡ཉིན་སྤེལ། ཨ་ངྷ་ཀཱ་ཊི་གསར་བཟོ་བྱེད་པ་དང་བཅོས་བསྒྱུར་བྱེད་པའི་ལས་གཞི་ཞིག་ངྷ་ས་ས་གནས་ལས་ཁུངས་སུ་འགྲོ་བཞིན་འདུག

Tibet-Dawarencheng-2017འདི་ག་གསར་འགོད་པས་ངྷ་ས་ས་གནས་འགོ་འཛིན་ཟླ་བ་རིན་ཆེན་ལགས་སུ་Aadhaar Cardཨ་ངྷ་ཀཱ་ཊི་བཟོ་བ་དང་བཅོས་བསྒྱུར་བྱེད་པའི་ལས་གཞི་ཞིག་འགྲོ་ཡི་ཡོད་སྐོར་ལ་བཅར་འདྲི་ཞུས་དོན།
ངྷ་ས་གནས་མི་མང་རྣམས་ཀྱིས་གང་མགྱོགས་ངང་ཨ་ངྷ་ཀཱ་ཊི་བཟོ་ཡི་ཕེོབས་རོགས་གནང་ཞེས་འབོད་སྐུལ་དང་སྦྲགས་ཁོང་གིས་བརྗོད་པར། "ང་ཚོས་རྩ་བ་ནས་ཨ་ངྷ་ཀཱ་ཊི་མེད་པའི་རིགས་སུ་སྔོན་ལ་བཟོ་ཡ་དང་། དེའི་རྗེས་སུ་བཟོ་བཅོས་གཏོང་དགོས་པའི་རིགས་བཟོ་རྒྱུ་ཡིན། "ཞེས་དང་།

དེ་མིན་ཨ་ངྷ་ཀཱ་ཊི་བཟོ་བར་ཡིག་ཆ་ག་རེ་ཚང་དགོས་མིན་སྐོར་ནས་ཁོང་གིས་བརྗོད་པར། "ལག་ཁྱེར་འདི་བཟོ་བར་རྒྱ་གར་གཞུང་རང་གིས་གཏན་འབེབ་བྱས་པ་དང་ངོས་འཛིན་ཡོད་པའི་ཡིག་ཆའི་བང་རིམ་ཞིག་ཡོད་ཅིང་། ང་ཚོ་བོད་པ་རྣམས་སུ། དངུལ་ཁང་གི་དེབ། སྐྱབས་བཅོལ་ལག་དེབ། དེབ་སེར་པོ། ཁྲལ་བསྡུ་ལག་ཁྱེར། ཁ་ལོ་བའི་ལག་ཁྱེར། བཅས་ཀྱི་ཡིག་ཆའི་རིགས་དགོས་ཤིང་། གལ་སྲིད་བྱུང་བ་ཡིན་ན། ཡིག་ཆ་གཉིས་དགོས་ཀྱི་འདུག ཡིག་ཆ་དེ་གཉིས་ནི། གཅིག པར་རྩ་འཛིན་བྱེད་པའི་ཡིག་ཆ། གཉིས། ཁ་བྱང་རྩ་འཛིན་བྱེད་ཐུབ་པའི་ཡིག་ཆ། བཅས་དགོས་ཀྱི་འདུག"ཅེས་འགྲེལ་བརྗོད་གནང་སོང་།

གཞན་ཡང་། ཨ་ངྷ་ཀཱ་ཊི་བཟོ་ན་གལ་ཆེ་བའི་སྐོར་ཁོང་གིས་བརྗོད་པར། "ཨ་ངྷ་ཀཱ་ཊི་ནི་ང་ཚོ་བཙན་བྱོལ་མི་གཅིག་པུ་མ་ཡིན་པར་རྒྱ་གར་རྒྱལ་ཡོངས་ལ་གལ་ཆེན་པོ་ཆགས་ཀྱི་ཡོད་པ་རེད། ལག་ཁྱེར་འདི་རྩ་འཛིན་བྱས་ཏེ་དངུལ་ཁང་བྱང་བུ་དང་དབུགས་རྫ་ལེན་པ་སོགས་གཙོས་སོ་སོའི་ཁ་བྱང་རྩ་འཛིན་བྱེད་ས། ཡར་མར་འགྲོ་འོང་གི་འགྲུལ་བཞུད་བྱེད་པ་སོགས་གནད་དོན་མང་པོ་ཞིག་གི་ཐོག་ཏུ་ཨ་ངྷ་ཀཱ་ཊི་ནི། དགོས་ངེས་ཅན་ཞིག་ཆགས་ཀྱི་ཡོད་པ་རེད། ལག་ཁྱེར་འདི་བཟོས་པ་ཡིན་ན། རྒྱ་གར་མི་སེར་ཡིན་དང་མིན། ཕྱི་རྒྱལ་མི་སེར་ཡིན་དང་མིན་གྱི་སྐད་ཆ་ཞིག་མ་རེད། འདི་ནི་རྒྱ་གར་ནང་དུ་བསྡད་མཁན་ཞིག་ལ་གཞི་རྩའི་དགོས་མཁོ་ཞིག་ཆགས་ཀྱི་ཡོད་ཙང་། ང་ཚོས་བཟོ་དགོས་པ་གལ་ཆེན་པོ་རེད།
ཡིན་ནའང་། འདི་ནི་དེ་རིང་གསར་བ་བཟོ་བཞིན་པ་དེ་འདྲ་ཞིག་མ་རེད། རྒྱ་གར་གཞུང་གིས་དུས་ནས་དུས་སུ་བཟོ་བཞིན་ཡོད་ཅིང་། ངྷ་སའི་བོད་མི་རྣམས་ཀྱིས་རྒྱ་གར་ལས་ཁུངས་སུ་སོང་ནས་ཨ་ངྷ་ཀཱ་ཊི་བཟོ་དུས། སྐད་ཆ་མགོ་མ་འཚོས་པ། རྒྱ་གར་གྱི་མི་རྣམས་མཉམ་དུ་བཟོ་དུས་དཀའ་ངལ་ཞིག་ཕྲད་ཀྱི་ཡོད་པས་ན། ཉེ་ཆར་རང་ང་ཚོས་ངྷ་ས་གནས་བོད་མི་རྣམས་ལ་ལོག་ཏུ་དཀའ་ངལ་སེལ་ཆེད་མཐུན་རྐྱེན་བསྐྲུན་པ་ཡིན།
སྤྱིར་ད་རེས་ཕྱི་ཚེས་༡༧ནས་འགོ་བཙུགས་པའི་ཐབས་ཤེས་འཐེན་ཀྱང་། དེ་ལ་གྲ་སྒྲིག་བྱེད་པར་ཡོ་ཆས་ཆ་ཚང་ཞིག་བསྒྲིགས་དགོས་རྐྱེན། ཕྱི་ཚེས་༡༩ནས་མ་གཏོགས་ང་ཚོས་འགོ་བཙུགས་ཐུབ་མ་སོང་། ཉིན་འདི་ནས་བཟུང་ང་ཚོས་ག་ཚོད་བཟོ་ཐུབ་ཐུབ་བར་དུ་འབད་བརྩོན་བྱེད་ཀྱི་ཡིན་ལ། ད་ཐེངས་ང་ཚོས་བཟོ་སྤྱད་ཀྱི་ཡོ་ཆས་གཉིས་བཙུགས་ཏེ་བཟོ་ཡི་ཡོད་ཅིང་། ང་ཚོས་ཉིན་མ་ག་ཚོད་ལ་བཟོ་བའི་གྲངས་ཚད་བཟུང་མེད། གཙོ་བོ་རྒྱ་གར་གྱི་ལས་མི་རྣམས་ཀྱི་ཁོམ་ཚད་དང་བསྟུན་དགོས་ཀྱི་འདུག"ཅེས་དང་།

Tibet-bang-2017དེ་ཡང་འདི་ག་གསར་འགོད་པ་ཡུལ་དངོས་དེར་སོང་དུས། དེ་རིང་མི་གྲངས་བརྒྱད་བཅུར་བང་རིམ་ལྡན་པའི་ཨང་གྲངས་སྤྲད་ཡོད་ཅིང་། ཨང་གྲངས་རྫོགས་ནས་མི་ཁ་ཤས་སུ་སང་ཉིན་མ་གཏོགས་དེ་རིང་ཨང་གྲངས་མ་རག་པ་ཡང་འདུག་ལ།  ཕལ་ཆེར་ཉིན་གཅིག་ལ་མི་༨༠ལྷག་མ་གཏོགས་བཟོ་ཐུབ་ཀྱི་མི་འདུག་པ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།