བོད་ཀྱི་མཛངས་མའི་དབུ་རྒྱན་བསྟན་འཛིན་དཔལ་སྒྲོན་གྱིས་གྱོན་སོང་།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༦།༠༥ཉིན་སྤེལ། བོད་ཀྱི་མཛངས་མ་གོ་སྒྲིག་གི་བདག་དབང་ཉོ་མཁན་ཡོད་ན་གོ་སྒྲིག་བྱེད་མཁན་གྱིས་ལོ་རྗེས་མ་ནས་འཚོང་བསྒྱུར་བྱེད་ཀྱི་ཡིན་པར་བརྗོད་འདུག

Tibet-miss-tibet-2017ཁ་སང་དགོང་མོར། བཞུགས་སྒར་དྷ་སར་ཡོད་པའི་ཟློས་གར་ཐང་ཆེན་དུ་སྐབས་༡༥བའི་བོད་ཀྱི་མཛངས་མ་འགྲན་བསྡུར་གྱི་ཆེས་མཐའ་མའི་རྟིང་རྩོལ་འགྲན་བསྡུར་མཇུག་རྫོགས་ཡོད་པ་དང་། ཐེངས་འདིའི་འགྲན་ཞུགས་ཁྲོད་ཀྱི་མཛངས་མ་དགུ་ཡོད་པ་ལས་བསྟན་འཛིན་དཔལ་སྒྲོན་ལ་མཛངས་མ་ཨང་དང་པོའི་རྒྱལ་ཁ་ཐོབ་ཡོད་འདུག

དེ་ཡང་གོང་ཚེས་ཉིན་གྱི་དགོང་མོར།
༢༠༡༧ ལོའི་མཛངས་མ་ནི་རྒྱ་གར་ལྷོ་ཕྱོགས་ཀོ་ལེ་གྷལ་དོན་ལྡན་གླིང་བོད་མིའི་གཞིས་སྒར་ནས་ཕེབས་པའི་རང་ལོ་ ༢༡ ཡིན་པའི་བུ་མོ་བསྟན་འཛིན་དཔལ་སྒྲོན་ལ་ཐོབ་ཞིང་།  ཨང་གཉིས་པ་རྒྱ་གར་ལྷོ་ཕྱོགས་བྷིང་ལོར་ནས་ཡོང་བའི་རང་ལོ་ ༢༢ ཡིན་པའི་བུ་མོ་བསྟན་འཛིན་མཁས་ཆོས་དང་། ཨང་གསུམ་པ་ཅོན་ཏ་ར་ནས་ཡོང་བའི་རང་ལོ་ ༢༠ ཡིན་པའི་བུ་མོ་བསྟན་འཛིན་ནོར་སྒྲོན་བཅས་རེད།

18944775 1498683823527034 1342118646 nགཞན་ཡང་བོད་ཀྱི་མཛངས་མ་ཐོག་མར་གོ་སྒྲིག་བྱེད་མཁན་བློ་བཟང་དབང་རྒྱལ་ལགས་ཀྱིས་བརྗོད་པར། བོད་ཀྱི་མཛངས་མ་འགྲན་བསྡུར་ཐེངས་ ༡༥ད་ལྟའི་བར་གོ་སྒྲིག་བྱས་ཤིང་། མ་འོངས་པར་ལས་འགུལ་འདིའི་བདག་དབང་ཉོ་མཁན་ཡོད་ན་བཙོང་རྒྱུ་ཡིན་ལ། གོ་སྒྲིག་བྱེད་མཁན་གྱི་མི་སྣ་གསར་བ་ཡོང་ན་མི་མང་ལ་དོ་སྣང་ཆེ་རུ་འགྲོ་བ་དང་བསམ་བློ་དང་འཆར་གཞི་གསར་བ་ཡོང་གི་རེད་ཅེས་བརྗོད་ཡོད་འདུག

བོད་ཀྱི་མཛངས་མ་འགྲན་བསྡུར་འདི་དྷ་རམ་ས་ལར་གནས་སྡོད་རང་དབང་གི་གསར་འགོད་པ་དང་པར་གདབ་མཁན་བློ་བཟང་དབང་རྒྱལ་ལགས་ཀྱིས་ ༢༠༠༢ ལོར་མགོ་འཙུགས་ཤིང་། ད་ལོ་ཐེངས་༡༥བ་ནི་འགྲན་ཞུགས་མཛངས་མ་ཆེས་མང་ཤོས་དང་ཆེས་ཉུང་ཤོས་ནི་འགྲན་ཞུགས་མཛངས་མ་༡མ་གཏོགས་མེད་པའི་སྐབས་༤བྱུང་ཡོད་འདུག

དེ་ཡང་མཛངས་མ་འགྲན་སྡུར་ཁྲོད་ཨང་དང་པོ་ཐོབ་མཁན་ལ་བྱ་དགའ་ཧིན་སྒོར་ ༡༠༠༠༠༠ དང་། ཨང་གཉིས་པར་ཧིན་སྒོར་ ༥༠༠༠༠ ། ཨང་གསུམ་པར་ཧིན་སྒོར་ ༢༥༠༠༠ བཅས་འབུལ་རྒྱུ་ཡིན་པ་གསལ་བསྒྲགས་གནང་ཡོད་འདུག

ད་ཐེངས་ཀྱི་འཛུལ་ཞུགས་པ་རྣམས་ནི། ལྡི་ལི་ནས་ཡིན་པའི་འཆི་མེད་སྐྱིད་འཛོམས་དང་། ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ནས་ཡིན་པའི་མིག་དམར་སྒྲོལ་མ། ཡོ་རོབ་ཨོ་སི་ཊུ་རི་ཡ་ནས་ཡིན་པའི་གསལ་སྒྲོན། བྷེང་ལོར་ནས་ཡིན་པའི་བསྟན་འཛིན་མཁས་ཆོས། ཅོན་ཏ་ར་ནས་ཡིན་པའི་བསྟན་འཛིན་ནོར་སྒྲོན། མ་ན་ལེ་ནས་ཡིན་པའི་བསྟན་འཛིན་ནོར་འཛོམས། ཀོ་ལི་གྷལ་ནས་ཡིན་པའི་བསྟན་འཛིན་དཔལ་སྒྲོན། བྷེལ་ཀོབ་ནས་ཡིན་པའི་བསྟན་འཛིན་དབྱངས་སྐྱིད་དང་བསྟན་འཛིན་ཡེ་ཤེས་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།