བོད་ཀྱི་བུད་མེད་རྐང་སྤོལ་འགྲན་བསྡུར་ཐེངས་གཉིས་པ་རྩེད་རྒྱུ་རེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༦།༠༡ཉིན་སྤེལ། ད་ལོའི་བོད་ཀྱི་བུད་མེད་རྐང་སྤོལ་འགྲན་ཐེངས་གཉིས་པ་ངྷ་སྟེང་བོད་ཁྱིམ་དུ་རྩེད་རྒྱུ་རེད།

Tibet-womens tournament-2017དེ་རིང་སྔ་དྲོའི་ཚོུད་༡༠ཐོག  བཞུགས་སྒར་ངྷ་སའི་བོད་ཀྱི་གསོལ་མགྲོན་ཁང་དུ་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ངོས་ནས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཏེ། བཙན་བྱོལ་བོད་ཀྱི་བུད་མེད་རྐང་རྩལ་སྤོ་ལོའི་འགྲན་ཐེངས་གཉིས་པ་དབུ་འཛུགས་བྱེད་ཀྱི་ཡིན་པ་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བོད་རྒྱལ་ཡོངས་བུའི་རྐང་སྤོལ་རུ་ཁག་ཡོད་པ་བཞིན། བུད་མེད་ཀྱི་རྩེད་འགྲན་རུ་ཁག་ཀྱང་ལོ་སྔོན་མ་ནས་གོ་སྒྲིག་བྱས་ཡོད་པ་བཞིན་རིམ་པས་ཡར་རྒྱས་གཏོང་འཆར་ཡོད་པའི་གསལ་བསྒྲགས་གནང་སོང་།

དེ་ཡང་འདི་ཟླའི་ཕྱི་ཚེས་༠༤ཉིན་ནས་ཚེས་༠༧བར་དུ། ངྷ་སྟེང་བོད་ཁྱིམ་རྐང་སྤོལ་རྩེད་ཐང་དུ་བོད་ཀྱི་བུད་མེད་རྐང་སྤོལ་འགྲན་བསྡུར་ཐེངས་གཉིས་པ་དབུ་འཛུགས་བྱེད་ཀྱི་ཡིན་པ་དང་། ད་ལོའི་འགྲན་ཞུགས་རུ་ཁག་ནང་དུ་རུ་ཁག་བཞི་དང་དེ་ལས་གཉིས་བོད་དང་གཉིས་རྒྱ་གར་ཡིན་ཞིང་། གསར་འགོད་བསྐྱངས་སྐབས་སུ་དྲུང་ཆེ་ཟུར་བ་སྐལ་བཟང་དོན་གྲུབ་དང་། དྲུང་ཆེ་གསར་བ་པ་སངས་དོན་གྲུབ། དབུས་བུད་མེད་ཚོགས་པའི་ཚོགས་གཞོན་ཚེ་རིང་སྒྲོལ་མ། བོད་ཀྱི་རྩེད་འགྲན་པ་བུད་མེད་གཉིས་བཅས་ཀྱིས་ད་ལོའི་རྐང་སྤོལ་རྩེད་འགྲན་སྐོར་གྱི་འབྲེལ་ཡོད་གཏམ་བརྗོད་གང་མང་བརྗོད་སོང་།

གཞན་དྲུང་ཆེ་ཟུར་བ་སྐལ་བཟང་དོན་འགྲུབ་ལགས་ཀྱིས་བུད་མེད་རྐང་སྤོལ་དང་འབྲེལ་ཡོད་གཏམ་བཤད་གནང་དོན། བོད་རྒྱལ་ཡོངས་རྩེད་འགྲན་ཚོགས་པའི་འཆར་གཞི་ལྟར་ན། མ་འོངས་པར་བཙན་བྱོལ་དུ་བོད་ཀྱི་བུད་མེད་རུ་ཁག་ག་ས་གང་དུ་ཐོན་པ་ཡིན་ན། རྒྱལ་ཡུམ་ཆེན་མོའི་བུད་མེད་རྐང་རྩེད་སྤོ་ལོ་འགྲན་བསྡུར་གསེར་གྱི་གཟེངས་རྟགས་ཤིག་ཡོང་གི་ཡིན་མིན་སྐོར་ལབ་ཀྱི་འདུག ལོ་རྗེས་མར་ངྷ་སར་རྒྱལ་ཡུམ་ཆེན་པོའི་རྐང་སྤོལ་རུ་ཁག་རྩེད་དུས་ཞོགས་པར་རྩེད་ཆོག་པའི་འཆར་གཞི་བཏང་ཡོད་ཅིང་། རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རུ་ཁག་ངྷ་སྟེང་བོད་ཁྱིམ་དུ་རྩེད་པར་གཏན་འཁེལ་བའི་རྐྱེན་གྱིས་ཐེངས་གསུམ་པའི་བུད་མེད་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ནི་ངྷ་ས་ནས་འགོ་བཙུགས་ཐུབ་མིན་གྱི་འཆར་གཞི་ད་སྔ་གཏན་འཁེལ་མེད། ཅེས་བརྗོད་སོང་།

དེ་བཞིན་དྲུང་ཆེ་གསར་བ་པ་སངས་རྡོ་རྗེ་ལགས་ཀྱིས་འབྲེལ་ཡོད་གཏམ་བཤད་བྱས་དོན།  ང་ཚོའི་བོད་ཀྱི་བུད་མེད་རྐང་སྤོལ་རུ་ཁག་ནི་ཕྱི་ལོ་༡༩༨༠ནང་ནས་བཟུང་རྩེད་བའི་ལོ་རྒྱུས་ཡོད་པ་ནང་བཞིན་དུ། ཕྱི་ལོ་༢༠༡༢ནས་བཟུང་སྟེ་ང་ཚོས་རྒྱ་བལ་བོད་ཀྱི་སློབ་གྲྭ་ཁག་ཏུ་བུད་མེད་རྐང་སྤོལ་རུ་ཁག་བསྡུ་རུབ་ཀྱིས་འགོ་བཙུགས་བྱས་ཤིང་། ད་ལོའི་རྩེད་འགྲན་ནང་སྔོན་ལོར་ཞུགས་ཐུབ་མེད་པ་དང་བོད་རིགས་བུད་མེད་རྩེད་འགྲན་པའི་ཁྲོད་དུ། ན་ནིང་གི་རྩེད་འགྲན་པ་ཁག་ཅིག་དང་གསར་ཞུགས་རྩེད་འགྲན་ཁག་ཅིག་བཅས་བོད་པའི་བུ་མོ་ཉི་ཤུ་སུམ་བཅུ་ཙམ་ཡོད་པ་དང་། དེའི་གྲས་ནས་རྩེད་འགྲན་རུ་ཁག་ཅིག་འདེམས་སྒྲིག་བྱ་འཆར་ཡོད། དེ་མིན་བུད་མེད་རྐང་སྤོལ་འགྲན་བསྡུར་སྐབས་ཐད་གཏོང་བྱེད་པའི་འཆར་གཞི་ཡོད་ལ། ང་རང་གིས་ལས་འགན་འདི་ཁུར་བ་ནས་བཟུང་། མ་འོངས་༢༠༡༨བར་དུ་ལས་གཞི་ཁག་མང་པོ་ཞིག་ཡོད་མོད། རེ་རེ་བཞིན་ཞུས་ན་ཏག་ཏག་ཅིག་བསྡད་ཀྱི་མི་འདུག་མོད། དེ་ལ་མཐུན་འགྱུར་རོགས་རམ་བྱེད་པའི་འབོད་སྐུལ་ཞུས་པ་ཡིན། ཞེས་འགྲེལ་བརྗོད་གནང་སོང་ས།

དབུས་རྒྱུན་བུད་མེད་ཚོགས་པའི་ཚོགས་གཞོན་ཚེ་རིང་སྒྲོལ་མ་ལགས་ཀྱིས་བུད་མེད་རྐང་སྤོལ་འགྲན་བསྡུར་སྐོར་ནས་བརྗོད་དོན།  བོད་རྒྱལ་ཡོངས་རྩེད་འགྲན་ཚོགས་པའི་ངོས་ནས་གུང་ཡངས་པའི་གར་སྟེགས་ཤིག་བསྐྲུན་སྟེ། མ་འོངས་པར་བོད་ཀྱི་བུད་མེད་སུ་ཡིན་ཀྱང་འཛུལ་ཞུགས་བྱས་ཆོག་པའི་ལམ་ཁ་ཞིག་བཏོད་དེ་བུད་མེད་མང་པོ་ཞིག་ཕྱིར་བཏོན་པའི་གོ་སྐབས་གནང་པར་ཐུགས་རྗེས་ཆེ་དང་། དེ་མིན་བོད་ཀྱི་གཞོན་སྐྱེས་ཚོས་དེང་སང་གི་སྡིངས་ཆ་འདྲ་མིན་བེད་སྤྱད་དེ་རང་ཉིད་ཀྱི་ནུས་འཇོན་ཕྱིར་བཏོན་པ་གལ་ཆེན་པོ་རེད། ཅེས་བརྗོད་སོང་།

ད་ལོའི་བུད་མེད་རྐང་སྤོལ་རུ་ཁག་གཉིས་ཀྱི་ཚབ་ཞུས་པའི་རྩེད་འགྲན་པ་གཉིས་ཀྱིས་སོ་སོའི་མྱོང་ཚོར་བརྗོད་དོན། ཐོག་མར་བསྟན་འཛིན་གསལ་སྒྲོན་གྱིས་བརྗོད་པར། Tibet-Tenzine saldun-2017ང་རང་སམ་བྷོ་ཊ་བོད་ཁྱིམ་སློབ་གྲྭ་ཡི་འཛིན་གྲྭ་༡༢ཐོན་ཙམ་ཡིན་པ་དང་། ངས་འཛིན་རིམ་དྲུག་པ་ནས་བཟུང་རྐང་སྤོལ་རྩེད་པའི་འགོ་བཙུགས་བྱས་ཤིང་། སྐབས་དེའི་རྩེད་མོའི་དགེ་རྒན་གྱིས་སེམས་ཤུགས་སྤར་བ་ལ་བརྟེན་སྟེ། སློབ་གྲྭའི་ཚབ་བྱས་ནས་གང་ས་གང་དུ་རྐང་སྤོལ་རྩེད་རུ་སོང་ཞིང་། ཕྱི་ལོ་༢༠༡༦ལོར་ནས་བུད་མེད་ཚོགས་པས་བཙུགས་པའི་རྩེད་འགྲན་ནང་དུ་མཉམ་ཞུགས་བྱས་ཤིང་སྦྱོང་བརྡར་རག་སོང་བ་དང་། ང་རང་གིས་བོད་པའི་མིང་ཞིག་ཁུར་སྟེ་རྩེད་མོ་རྩེད་པ་དང་བུད་མེད་ལ་གོ་སྐབས་མང་པོ་རག་གི་མེད་དུས་དེ་རག་པའི་སྟེགས་བུ་ཞིག་ཏུ་ཐོན་པར་དགའ་སྣང་ཆེན་པོ་འདུག བུ་མོའི་རྩེད་མོའི་སྐབས་སུ་ལྟ་མཁན་ཧ་ཅང་ཉུང་བས། ཁོ་མོའི་སེམས་པ་སྐྱོ་བོ་བྱུང་བ་དང་། ད་ལོའི་རྩེད་འགྲན་སྐབས་སུ། ལྟ་མོ་བ་མང་པོ་ཡོང་བའི་རེ་བ་ཡོད། ཞེས་བརྗོད་སོང་།

Tibet-Tserin Tso-2017དེ་རྗེས་ཚེ་རིང་འཚོ་ཡིས་བརྗོད་པར། ཕྱི་ལོ་༢༠༠༨ལོར་ང་རང་བོད་བཙན་བྱོལ་ཏུ་འབྱོར་ཞིང་། སུ་ཇ་སློབ་གྲྭ་རུ་འཛུལ་ཞུགས་བྱས་ཏེ་འཛིན་རིམ་༡༡དང་༡༢ངྷ་སྟེང་བོད་ཁྱིམ་ནས་ཐོན་པ་ཡིན། ང་རང་བོད་ནས་ཡར་སླེབས་དུས་སྤོ་ལོ་ཕར་བཞག་ཡེ་གེ་ཀྱང་ཤེས་ཀྱི་མེད། ང་རང་རྐང་སྤོལ་རྩེད་མོར་རྩེད་པར་སློབ་གྲྭའི་ཁང་ཚན་འགྲན་བསྡུར་སོགས་སུ་ཚུད་པ་ནས་བཟུང་ག་དུས་ཡིན་ཀྱང་རྩེད་མོ་རྩེད་བཞིན་པ་དང་། དེ་རྗེས་མི་རིགས་གཞན་རྒྱ་གར་དང་དབྱིན་ཇིའི་རྐང་སྤོལ་འགྲན་བསྡུར་མཉམ་དུ་རྩེད་སྐབས་སུ། ཐོག་མར་སོ་སོར་ཐོབ་པའི་གདེངས་ཚོད་ཡོང་གི་འདུག་མོད། ཁོང་ཚོ་ནི་རྐང་རྩེད་སྤོ་ལོ་རང་གི་སློབ་སྦྱོང་ཡོད་པས་ན་ང་ཚོའི་འུག་ཐག་གིས་མ་གདང་བར་ཤོར་སོང་། འདི་ལྟར་ཉམ་མྱོང་མང་པོ་བསག་ཡོང་དུས་རང་ཉིད་ཀྱི་སྤོབ་ཆེ་རུ་འགྲོ་ཡི་འདུག ཅེས་བརྗོད་སོང་བ་བཅས།

གསར་འགོད་པ་ཆོས་ཉིདད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།