སློབ་ཆུང་ཞིག་གི་ལས་ཐམ་སྤྱད་དེ་དད་མོས་རང་དབང་འཕྲོག་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༦།༠༡ཉིན་སྤེལ། རྒྱ་གཞུང་གིས་བོད་ཀྱི་སློབ་ཆུང་ཞིག་གི་ལས་ཐམ་བེད་སྤྱོད་བཏང་སྟེ་མི་མང་གི་དད་མོས་རང་དབང་དང་ཆོས་ཀྱི་བྱེད་སྒོ་སྲུང་བརྩི་བྱེད་པར་གཏོར་བཤིག་བཏང་སྟེ། རིག་གནས་གསར་བརྗེ་ད་དུང་ལག་བསྟར་བྱེད་ཀྱིན་འདུག

Tibet-movement-2017དེ་ཡང་འདི་ག་གསར་ཁང་གིས་གནས་ཚུལ་ལོན་པ་ལྟར་ན། ཉེ་ལམ་རྒྱ་ནག་གཞུང་སློབ་གསོ་ཅུས་ཀྱིས་བོད་རང་སྐྱོངས་ལྗོངས་ལྷ་ས་གྲོང་ཁྱེར་ཁུལ་གྱི་སློབ་གྲྭ་ཁག་གི་སློབ་ཕྲུག་དང་ཕ་མ་ཁྱིམ་བདག་རྣམས་ཀྱིས་ས་ག་ཟླ་བར་ཆོས་ཕྱོགས་ཀྱི་བྱེད་སྒོར་མཉམ་ཞུགས་དང་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་མི་ཆོག་པ་དང་། གལ་ཏེ་དེ་ལྟར་བྱུང་ཚེ་ཐག་གཅོད་ནན་པོ་བྱ་རྒྱུ་ཡིན་ལུགས་ཀྱི་བཙན་བཀའ་བཏང་ཡོད་པའི་གནས་ཚུལ་ཐོན་སོང་།

དེ་ཡང་འབྲེལ་ཡོད་ས་གནས་མི་སྣ་ཞིག་གིས་གནས་ཚུལ་དེའི་སྐོར་ལ་བརྗོད་དོན།
འདི་ལོ་ས་ག་ཟླ་བ་མ་ཤར་བའི་གོང་ནས་རྒྱལ་ཁག་སློབ་གསོ་ཅུས་ཀྱིས་སློབ་ཕྲུག་གིི་ཕ་མ་དང་ཁྱིམ་བདག་ཚོས་ས་ག་ཟླ་བའི་ནང་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་སར་སྐྱོད་མི་ཆོག་པ་དང་། སོ་སོས་ཀྱང་ས་ག་ཟླ་བའི་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་མི་ཆོག་པའི་བཙན་བཀའ་བཏང་སོང་། ཞེས་དང་།

དེ་བཞིན་འབྲེལ་ཡོད་ཀྱིས་མུ་མཐུད་དུ་བརྗོད་དོན།

སྤྱིར་སློབ་ཕྲུག་གིས་ཆོས་ལུགས་བྱེད་སྒོར་ཞུགས་མི་ཆོག་ཅེས་དེ་སྔོན་ནས་ཤོད་ཀྱི་ཡོད་པས་གནས་ཚུལ་གསར་པ་གང་ཡང་མ་རེད་མོད། ཕ་མ་ཁག་ཅིག་གིས་དེ་དག་ལ་ལྟོས་མེད་གུང་གསེང་སྐབས་ཕྲུ་གུ་དགོན་པར་ཆོས་མཇལ་དང་གླིང་སྐོར་སོགས་ལ་ཁྲིད་ཀྱི་ཡོད་པ་རེད། འདི་ལོ་དམིགས་བསལ་ཕ་མ་དང་ཁྱིམ་བདག་ཀྱང་ཆོས་ལུགས་བྱེད་སྒོར་ཞུགས་མི་ཆོག་པ་མ་ཟད། ཐག་གཅོད་ནན་པོ་བྱེད་རྒྱུ་ཡིན་ཚུལ་བཤད་པ་ནི་གནས་ཚུལ་གསར་པ་ཞིག་རེད། ཅེས་བརྗོད་སོང་།

དེ་དང་ཕྱོགས་མཚུངས་ལྷ་ས་གྲོང་ཁྱེར་རྗེ་འབུམ་སྒང་སློབ་ཆུང་ཡིག་ཚང་ནས་ ཕ་མ་དང་སློབ་ཕྲུག་ཚོས་ས་ག་ཟླ་བར་ཆོས་ལུགས་བྱེད་སྒོར་ཞུགས་མི་ཆོག་པའི་སྐོར་ ཕྱི་ལོ་༢༠༡༧་ཟླ་བ་༥ ཚེས་༢༧ འཁོད་པའི་བརྡ་ཐོ་ཞིག་བཏང་ཡོད་པ་འདི་གར་འབྱོར་བའི་ནང་དེ་ལྟར་འཁོད་འདུག  གོང་རིམ་སློབ་གསོ་ཚན་པ་ཁག་གི་བརྡ་ཐོའི་ནང་དོན་གཞིར་བཟུང་། ངེད་སློབ་གྲྭའི་དགེ་སློབ་དང་རྒྱབ་ཕྱོགས་ལས་དོན་མི་སྣ་ཡོངས་ལ། ་ས་ག་ཟླ་བའི་ཆོས་ལུགས་དུས་ཆེན་དང་། ཟླ་མཆོད་དུས་ཆེན། ངལ་གསོའི་རིང་རྣམ་པ་འདྲ་མིན་གྱི་ཆོས་ལུགས་བྱེད་སྒོ་ཡོད་ཚད་ལ་ཞུགས་མི་ཆོག་པའི་བཀའ་རྒྱ་ནན་པོ་བཏང་ཡོད་པས། ་ཁྱིམ་བདག་རྣམ་པས་སྔར་མུས་བཞིན་སློབ་གྲྭའི་ལས་དོན་ཁག་ལ་རྒྱབ་སྐྱོར་གནང་སྟེ།  རེ་བ་ནན་པོས་བུ་ཕྲུག་ཚོར་རྨོངས་དད་དང་། ཆོས་ལུགས་ཀྱི་བྱེད་སྒོར་ཞུགས་སུ་འཇུག་མི་རུང་ལ།  རང་ཉིད་ཀྱང་མི་ཞུགས་པའི་འགན་ལེན་བྱེད་དགོས་ཞེས་འཁོད་འདུག
 
དེ་མིན་ཆོས་ལུགས་དད་པ་རང་མོས་ཡིན་པའི་སྐོར་ལ་རྒྱ་ནག་གཞུང་གི་རྩ་ཁྲིམས་ཀྱི་དོན་ཚན་༣༦ནང་དུ། ༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་ཆོས་ལུགས་དད་མོས་རང་དབང་ཡོད། རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས་དང་སྤྱི་ཚོགས་ཚོགས་པ། གང་ཟག་སུ་གང་གིས་སྤྱི་དམངས་ལ་བཙན་ཤེད་ཀྱི་ཆོས་ལུགས་དད་མོས་བྱེད་དུ་འཇུག་པའམ། སྤྱི་དམངས་ཀྱི་ཆོས་ལུགས་དད་མོས་བཙན་འགོག་བྱས་མི་ཆོག་༽ ༼རྒྱལ་ཁབ་ཀྱིས་རྒྱུན་ལྡན་གྱི་ཚོས་ལུགས་བྱེད་སྒོ་དང་ཆོས་སྤྱོད་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་འཁོད་ཡོད་པ་རེད།
ས་གནས་མི་མང་གི་ངོས་ནས་ཧང་སངས་དགོས་པ་ཞིག་དང་ཆོས་དད་རང་དབང་རྩ་བ་ནས་མེད་པའི་དཔང་རྟགས་ཡིན་པ་དང་། སློབ་ཆུང་ཞིག་གིས་སྤྱི་དམངས་ཀྱི་རྩ་ཁྲིམས་ཐོབ་ཐང་རྩིས་མེད་དུ་གཏོང་བའི་ཡིག་ཆ་སྤེལ་ན་ཁྲིམས་འགལ་ཡིན་པ་མ་ཟད། སློབ་ཆུང་ནས་བཟུང་སྟེ་རྩ་ཁྲིམས་ལ་གཅེས་སྤྲས་བྱེད་དགོས་པ་མ་གཏོགས་རྩ་ཁྲིམས་བཤིག་མི་རུང་ཞེས་མི་མང་གི་ངོས་ནས་སྐུལ་མ་གནང་གི་ཡོད་པ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།