རྒྱ་དམར་གཞུང་གི་གྲོས་མཐུན་ཡིན་ཁུལ་གྱི་དོན་ཚན་༡༧ལ་ངོ་རྒོལ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༥།༢༤ཉིན་སྤེལ། རྒྱ་ནག་དམར་ཤོག་གིས་གྲོས་མཐུན་ཡིན་ཁུལ་གྱི་དོན་ཚན་༡༧ཅན་གྱི་ཡིག་ཆ་ཞིག་ལ་བཙན་གྱིས་ས་ཡིག་རྒྱབ་ཏུ་བཅུགས་པའི་གནས་ཚུལ་འདི་ནི་བོད་རྒྱལ་ཁབ་ལ་བཙན་འཛུལ་བྱས་པའི་མཚོན་རྟགས་ཤིག་ཏུ་གྱུར་ཡོད།

Tibet-5-23Blackday-2017འདི་ཟླའི་ཕྱི་ཟླ་ ༥ ཚེས་ ༢༣ ཉིན། ངྷ་ས་ས་གནས་གཞོན་ནུའི་གོ་སྒྲིག་འོག རྒྱ་དམར་གཞུང་གི་བོད་གཞུང་ལ་གྲོས་མཐུན་ཡིན་ཁུལ་གྱི་དོན་ཚན་བཅུ་བདུན་ཟེར་པར་བཙན་དབང་འོག་ས་རྟགས་བཀོད་དུ་བཅུགས་པའི་ལོ་རྒྱུས་རང་བཞིན་གྱི་ཉིན་ནག་ཅིག་ཡིན་པའི་ངོ་རྒོལ་དང་འབྲེལ། སྐབས་དེའི་བྱུང་བ་མཚོན་པའི་འཁྲབ་སྟོན་དང་ཡིག་ཆ་འགྲེམས་སྤེལ་གྱི་ལས་འགུལ་ཞིག་སྤེལ་ཡོད་འདུག

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོར། ངྷ་ས་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བཞུགས་སྒར་མཁྲིས་ཀྱི་མེག་ལོར་རུ། ཕྱི་ལོ༡༩༥༡ཟླ༥ཚེས༢༣ཉིན། རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་བོད་ཀྱི་སྐུ་ཚབ་འཐུས་མིར་རྒྱ་གཞུང་གིས་འཇིགས་སྐུལ་བཙན་ཤེད་འོག གྲོས་མཐུན་ཡིན་ཁུལ་གྱི་དོན་ཚན་༡༧བཞག་སྟེ་ད་ལྟའི་བར་མི་ལོ་༦༦ཕྱིན་པའི་མུན་ནག་གི་ཉིན་མོ་དེར་བསྒྲགས་གཏམ་སྤེལ་བའི་ནང་དུ། "༧གོང་ས་མཆོག་གིས་ བཙན་དབང་འོག་བཞག་པའི་གྲོས་མཐུན་ཡིན་ཁུལ་གྱི་དོན་ཚན་༡༧ ཟེར་བར ངོས་ལེན་གནང་མེད་པ་དང་། བོད་གཞུང་གིས་རྩིས་མེད་བྱས་ཡོད་པ། གྲོས་མཐུན་ཡིན་ཁུལ་གྱི་དོན་ཚན་༡༧ ཟེར་བ་ནི་ཡིག་འཁྱམས་ཤིག་ཡིན་པ་མ་ཟད།
མུན་ནག་གི་ཉིན་མོ་འདི་ནི་རྒྱ་དམར་གཞུང་གིས་བོད་བཅིངས་གྲོལ་ཟེར་བའི་མིང་ཐོག་ནས་རྟེན་འབྲེལ་གྱི་མཛད་སྒོའི་ཉིན་མོ་ཞིག་ཏུ་བརྩི་སྲུང་ག་ཚོད་བྱས་ཀྱང་། ང་ཚོས་བོད་ཀྱི་བདག་དབང་སླར་གསོ་མ་བྱུང་གི་བར་དུ་རྒྱ་ནག་དམར་ཤོག་གིས་བཏོན་ཡིག་འཁྱམས་གྲོས་མཐུན་དེར་ངོ་རྒོལ་དང་རྡོག་རོལ་གཏོང་རྒྱུ་ཡིན་པའི་བརྡ་ལན་སྤྲད་བཞིན་ཡོད། " ཅེས་འཁོད་གནང་བ་བཅས།།
ཤ་བོ་རྣམ་རྒྱལ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།