རྩེ་སྤྲུལ་སྐུ་གོང་མའི་ཡང་སྲིད་ངོས་འཛིན་བྱས་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༥།༢༢ཉིན་སྤེལ། སྟག་ལུང༌བཀའ༌བརྒྱུད༌ཀྱི༌སྐྱབས༌མགོན༌རྣམ༌གསུམ༌གྱི༌ཡ༌གྱལ༌སྟག༌ལུང༌རྩེ་སྤྲུལ་སྐུ་འཕྲེང་བདུན་པའི་ཡང་སྲིད་ཁྱེའུ༌འཇིགས་མེད་དབང་ལྡན་འདི་ག་བཞུགས་སྒར་ཕོ་བྲང་དུ་༧སྤྱི་ནོར་༧གོང་ས་མཆོག་གིས་དབུ་སྐྲ་གཙུག་ཕུད་བཞེས་གནང་འདུག

webwxgetmsgimgའདི་ག་གསར་ཁང་དུ་གནས་ཚུལ་མཁོ་སྤྲོད་གནང་བར་གཞིགས་ན། ལུང༌བཀའ༌བརྒྱུད༌ཀྱི༌སྐྱབས༌མགོན༌རྣམ༌གསུམ༌སྟེ་མ་ཞབས་རྩེ་གསུམ་གྱི་ནང་སྟག་ལུང་རྩེ་སྤྲུལ་སྐུ་ཕྲེང་བདུན་པའི་ཡང་སྲིད་ལོ་གསུམ་གྱི་རྗེས་ས་ཕྱོགས་གང་ས་ནས་ཡིན་པའི་ཕྲུ་གུ་ཉི་ཤུ་རྩ་གྲངས་ཤིག་གི་མིང་༧སྐྱབས་མགོན་རིན་པོ་ཆེར་༧སྙན་གསེང་ཐེངས་གསུམ་ཙམ་ཞུས་མཐར་༧གོང་ས་མཆོག་རང་གིས་ཁྱེའུ་འཇིགས་མེད་དབང་ལྡན་མཆོག་རྩེ་སྤྲུལ་སྐུ་གོང་མའི་ཡང་སྲིད་འཁྲུལ་བྲལ་ཡིན་པར་ངོས་འཛིན་བྱུང་གནང་བ་རེད་ཡོད་པའི་གནས་ཚུལ་ཐོན་སོང་།

fgfhtrདེ་ཡང་ཟླ་བ་ཕུར་བུ་ལགས་ཀྱིས་འབྲེལ་ཡོད་གནས་ཚུལ་བརྗོད་དོན།
ཟླ་འདིའི་ཚེས་༡༩ཉིན་སྟག་ལུང༌བཀའ༌བརྒྱུད༌ཀྱི༌སྐྱབས༌མགོན༌རྣམ༌གསུམ༌གྱི༌ཡ༌གྱལ༌སྟག༌ལུང༌རྩེ་སྤྲུལ་སྐུ་འཕྲེང་བདུན་པའི་ཡང་སྲིད་ཁྱེའུ༌འཇིགས་མེད་དབང་ལྡན་འདི་ག་བཞུགས་སྒར་ཕོ་བྲང་དུ་༧སྤྱི་ནོར་༧གོང་ས་མཆོག་གིས་དབུ་སྐྲ་གཙུག་ཕུད་བཞེས་གནང་འདུག ཅེས་བརྗོད་སོང་།

གཞན་ཡང་།
སྟག་ལུང་དགོན་པའི་ལས་ཐོག་མཁན་པོ་བསྟན་འཛིན་ཀུན་དགའ་ལགས་ཀྱིས་འདི་ག་གསར་འགོད་པར་ཡང་སྲིད་སྐོར་ལ་བརྗོད་དོན།
སྤྱིར་སྟག་ལུང་བཀའ་བརྒྱུད་ལ་སྐྱབས་མགོན་རྣམ་པ་གསུམ་ཡོད་པའི་ནང་ནས་གཅིག༌སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་ཆགས་ཡོད་པ་རེད། ཕྱི་ལོ་༢༠༠༦ལོར་རིན་པོ་སྐུ་གཤེགས་པའི་རྗེས་ལོ་གསུམ་ཙམ་རིང་ཡང་སྲིད་རྩད་ཞིབ་ནན་པོ་བྱས༌ཏེ་ས་ཕྱོགས་གང་ས་ནས་ཡིན་པའི་ཕྲུ་གུ་ཉི་ཤུ་རྩ་གྲངས་ཤིག་གི་མིང་༧སྐྱབས་མགོན་རིན་པོ་ཆེར་༧སྙན་གསེང་ཐེངས་གསུམ་ཙམ་ཞུས་མཐར་༧གོང་ས་མཆོག་རང་གིས་ཁྱེའུ་འཇིགས་མེད་དབང་ལྡན་མཆོག་རྩེ་སྤྲུལ་སྐུ་གོང་མའི་ཡང་སྲིད་འཁྲུལ་བྲལ་ཡིན་པར་ངོས་འཛིན་བྱུང་གནང་བ་རེད། ཅེས་དང་།
 
དེ་མིན་ཁོང་གིས་རྒྱུས་ཡོད་གནས་ཚུལ་གསལ་ཁ་བཏོན་སྟེ་བརྗོད་དོན། ༧སྐྱབས་མགོན་རིན་པོ་ཆེར་དབུ་སྐྲ་གཙུག་ཕུད་ཞུ་རྒྱུར་གསོལ་འདེབས་ཞུས་རྗེས་ཟླ་འདིའི་ཚེས་བཅུ་དགུ་ཉིན་གཏན་འཁེལ་བྱུང་གནང་བ་གཞིར་བཟུང་ང་ཚོ་འདི་གར་བཅར་ཡོད་ལ་ལོ་རྗེས་མར་ཁྲི་འདོན་གྱི་མཛད་སྒོ་ཡང་བྱེད་འཆར་ཡོད། འཁྲུངས་ཚེས་དང་འཁྲུངས་ཡུལ་ཡབ་ཡུམ་གྱི་མཚན་བཅས་གོང་ཞུས་ལྟར་ཡིན་ཞེས་འདི་ག་གསར་འགོད་པར་འགྲེལ་བརྗོད་གནང་བྱུང་།

fdhདེ་བཞིན་སྟག་ལུང་རྩེ་སྤྲུལ་སྐུ་གོང་མ་རྩེ་སྤྲུལ་སྐུ་འཕྲེང་བདུན་པ་ཐུབ་བསྟན་རྒྱལ་མཚན་མཆོག་ནི། ཕྱི་ལོ་༡༩༥༩ལོའི་རྗེས་སུ་རིག་གནས་གསར་བརྗེའི་སྐབས་བཙོན་དུ་ཚུད་ནས་དཀའ་ངལ་རབ་དང་རིམ་པ་མང་པོ་འཕྲད་ཡོད་པ་རེད་ལ། སྤྱིར་ནང་བསྟན་དང་དེང་དུས་ཀྱི་རིག་གནས་ལ་སློབ་སྦྱོང་བྱེད་པའི་གོ་སྐབས་ཀྱང་སྐབས་དེར་ཤོར་ཡོད་ཅིང་། ཕྱིས་སུ་རྒྱ་ཕྱོགས་ནས་གུ་ཡངས་སྲིད་ཇུས་ལགས་བསྟར་བྱུང་རྗེས། རིན་པོ་ཆེ་མཆོག་གིས་བོད་ལྗོངས་ནང་བསྟན་འཐུས་ཚོགས་ནང་དྲུང་ཆེ་བཞོན་པའི་འགན་བཞེས་པ་དང་། རིག་གསར་སྐབས་གཏོར་བཤིག་བཏང་བའི་སྟག་ལུང་དགོན་གྱི་བཀོད་པ་སླར་ཡང་ཉམས་གསོ་གནང་རྒྱུའི་གོ་སྐབས་བྱུང་ཡོད་འདུག

དེ་ཡང་སྟག་ལུང་ཆོས་བརྒྱུད་ཀྱི་མ་དགོན་གཅིག་པུ་མ་ཡིན་པར་ཡན་ལག་གི་དགོན་སྡེ་ཁག་མང་པོ་ཞིག་ལ་དབང་ལུང་ཁྲིད་གསུམ་གྱི་མན་ངག་དང་། བཤད་གྲྭ། སྒྲུབ་གྲྭ་དེ་བཞིན་དགོན་པའི་ལྷ་ཁང་དང་། འདུ་ཁང་། ལྷ་གསོལ་ཁང་། གཟིམས་ཁང་། སྒྲུབ་ཁང་བཅས་འཛུགས་བསྐྲུན་སླར༌གསོས༌མཚོན༌བསྟན༌འགྲོར༌སྨིན༌པའི་ཕྱག་ལས་རྒྱ་ཆེན་པོ་གནང་ཐུབ་པ་བྱུང་ཡོད་འདུག

སྤྱིར་བྱང་སྟག་ལུང་དགོན་པ་ནི། བོད་ཀྱི་རྒྱལ་ས་ལྷ་སའི་བྱང་ཕྱོགས་འཕན་པོ་ལྷུན་གྲུབ་རྫོང་ཕོད་མདོ་ཤང་གི་ནུབ་ངོས་སུ་གནས་ཤིང་། ལྷ་ས་ནས་ཕྱིན་ན་མེ་ལེ་བདུན་བཅུ་ལྷག་གི་སར་གནས་ཡོད། དགོན་དེ་ནི་བཀའ་བརྒྱུད་ཆུང་བརྒྱད་ཀྱི་ནང་ཚན་སྟག་ལུང་བཀའ་བརྒྱུད་ཀྱི་རྩ་བའི་གདན་ས་དང་། དེ་ནི་ཕག་གྲུའི་སློབ་མ་སྟག་ལུང་ཐང་པ་རིན་པོ་ཆེ་བཀྲ་ཤིས་དཔལ་གྱིས་ལྕགས་བྱི་༡༡༨༠ལོར་ཕྱག་བཏབ། ཁྲི་ཐོག་གཉིས་པ་ཐང་པ་སྐུ་ཡལ་རིན་པོ་ཆེ་མཆོག་གིས་ཆོས་ཁང་དམར་འཁྱིལ་མ་ཞེས་པ་ཕྱག་བཏབ། ཁྲི་ཐོག་གསུམ་པ་སངས་རྒྱས་ཡར་བྱོན་བླ་མའི་དུས་དགོན་དེར་ལྕགས་རི་དང་བཅས་འདུ་ལོངས་ཤིན་ཏུ་རྒྱས་པ་བྱུང་། ཁྲི་ཐོག་ཉི༌ཤུ་པ་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་སྟག་ལུང་གྲྭ་ཚང་བཏབ། སྔོན་ཆོས་ཁང་དམར་འགྱེད༌འདུ་ཁང་ཀ་བ་བརྒྱད་ཅུའི་ནང་རྒྱལ་བ་རྡོ་རྗེ་འཆང་དང་། སྟོན་པ་འབུམ་སྐུ་མ་ཞེས་པ་དང་། འབྲོམ་སྟོན་གྱི་འཇིམ་སྐུར་དབུ་སྐྲ་འཁྲུངས་པ། ཇུན་གར་དུས་མ་བཏོར་ཞེས་རྟེན་སྐུ་བྱིན་ཅན་ཇི་སྙེད་བཞུགས་ལ། སྔོན་དགེ་འདུན་ལྔ་བརྒྱ་ལྷག་གིས་སྟག་ལུང་བཀའ་བརྒྱུད་ཕྱག་བཞེས་དང་། ལོ་ལྟར་བོད་ཟླ་བཞི་པའི་ཚེས་དགུ་དང་། བཅུ། བཅུ་གཅིག་བཅས་ཉིན་གསུམ་ལ་གླིང་ཞེས་པའི་ནང་རྡོ་རྗེ་ཕུར་བུའི་གར་འཆམ། གྲྭ་ཚང་འབག་འཆམ་ཞེས་སྲུང་མ་ཡོངས་རྫོགས་ཀྱི་འཆམ་སྟོན་གྱི་ཡོད། ད་ལྟའི་ཆར་གཞིས་སུ་ཆོས་དྲུང་རིན་པོ་ཆེ་མཆོག་གིས་དབུས་པས་མ་དགོན་དང་དགོན་གནས་ཡན་ལག་ཁག་གི་ནང་དགེ་འདུན་པ༌སྟོང༌ཁྲག༌དུ༌མས་སྒྲུབ་བརྒྱུད་སྟག་ལུང་པའི་ཆོས་གནས་བསྐྱངས་ཞིང་ཡོད།

བྱང་སྟག་ལུང་དགོན་གྱི་རྩེ་སྤྲུལ་སྐུ་འཕྲེང་བདུན་པའི་ཡང་སྲིད༌ཁྱེའུ་འཇིགས་མེད་དབང་ལྡན་མཆོག་ནི་ཡུལ་ལ་དྭགས་གླེ་རུ་ཡབ་ངག་དབང་ནོར་བུ་དང་། ཡུམ་འཇིགས་མེད་དབྱང་ཅན་གཉིས་ཀྱི་སྲས་སུ་ཕྱི་ལོ་༢༠༡༠ཟླ་༧ཚེས་༦ཉིན་སྐུ་འཁྲུངས་གནང་ཞིང་ཕྱི་ལོ་༢༠༡༥ཟླ་བ་༦པའི་ཚེས་༡༩ཉིན་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གིས་རྩེ་སྤྲུལ་སྐུ་གོང་མའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་ཞུས་གནང་འདུག་པ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།