དགོངས་ཚུལ།

རྒྱལ་མཚན་ནོར་བུ་ནི་དམར་ཤོག་ཚོགས་མི་བོད་རིགས་ཤིག་གི་བུ་རེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༥།༡༧ཉིན་སྤེལ། དམར་ཤོག་ཚོགས་མི་བོད་རིགས་ཤིག་གི་བུ་པཎ་ཆེན་ཡང་སྲིད་དུ་ངོས་འཛིན་བྱས་པ་ནི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་གཙོས་ཆོས་དང་རིག་གཞུང་ལ་རྡོག་རོལ་གཏོང་རྩིས་ཀྱི་ཇུས་ངན་ཞིག་རེད། ཅེས་བསྒྲགས་གཏམ་ལ་སྤེལ་འདུག

Tibet-release penchen-2017དེ་རིང་སྔ་དྲོའི་ཚོུད་༩།༣༠ཐོག བཞུགས་སྒར་ངྷ་སའི་དཔའ་བོའི་རྡོ་རིང་མཁྲིས་ནས་ཀ་ཅ་རིས་བར་དུ། པཎ་ཆེན་རིན་པོ་ཆེའི་ཡང་སྲིད་དགེ་མདུན་ཆོས་ཀྱི་ཉི་མ་མཆོག་དགོང་ལོ་དྲུག་ཐོག་རྒྱ་དམར་གཞུང་གིས་ཕ་མ་གཉིས་དང་མཉམ་དུ་བཙན་འཁྲིད་བྱས་ཏེ་ལོ་༢༢འཁོེར་བའི་དུས་དྲན་ལས་འགུལ་ཞིག་ངྷ་ས་བུད་མེད་དབུས་རྒྱུན་གྱི་ངོས་ནས་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་སོང་།

དེ་ཡང་བོད་ཀྱི་བུད་མེད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་སྣེ་ཁྲིད་འོག ཨ་ནེ་དང་བོད་མི་སེར་སྐྱ། ཕྱི་རྒྱལ་ཡུལ་མི་བཅས་མི་གྲངས་༡༠༠ལྷག་གིས་'སྐད་འབོད་དུ་བོད་ཀྱི་༧པཎ་ཆེན་སྐུ་ཕྲེང་༡༡དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་གང་དུ་ཡོད་དམ། རྒྱ་ནག་གཅིག་པོས་ལན་འདེབས་སྤྲོད་ཐུབ། དེ་བཞིན་རྒྱ་ནག་དམར་ཤོག་གིས་ཆབ་སྲིད་བཙོན་པ་ཡོངས་གློད་གྲོལ་གཏོང་དགོས་'པའི་སྐད་འབོད་རྒྱགས་ཞོར་ཀ་ཅ་རིལ་བར་དུ་ཞི་བའི་གོམ་བགྲོད་བྱས་སོང་།

Tibet-1-2017གཞན་ཡང་བོད་ཀྱི་བུད་མེད་ལྷ་ཚོགས་ཀྱི་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གིས་རིན་པོ་ཆེ་མཆོག་བཙན་འཁྲིད་བྱས་ཏེ་ལོ་༢༢ཧྲིལ་པོ་འཁོར་བའི་གསར་འགོད་བསྒྲགས་གཏམ་ནང་འཁོད་དོན། "ཕྱི་ལོ་༡༩༩༥ཟླ་༥ཚེས་༡༥ཉིན། རིན་པོ་ཆེ་མཆོག་དགུང་ལོ་༦་སྟེང་པཎ་ཆེན་སྐུ་ཕྲེང་༡༠བའི་ཡང་སྤྲུལ་དུ་ངོས་འཛིན་བྱས་ཏེ་ཉིན་གསུམ་གྱི་རྗེས་རིན་པོ་ཆེ་མཆོག་དང་ཁོང་གི་སྐུ་འཁོར་ནང་མི་བཅས་རྒྱ་ནག་དམར་ཤོག་གིས་བཙན་ཁྲིད་བྱས་ནས་ལོ་༢༢འགྲོ་བཞིན་ཡོད་ཅིང་། ཕྱི་ལོ་༡༩༩༥ཟླ་༡༢ནང་དུ། རྒྱ་ནག་དམར་ཤོག་གིས་དེའི་ཁ་གཏད་དུ་རིན་པོ་ཆེ་མཆོག་དང་ལོ་ན་གཅིག་པའི་བོད་རིགས་དམར་ཤོག་ཚོགས་མི་ལས་བྱེད་པ་ཞིག་གི་བུ་རྒྱལ་མཚན་ནོར་བུ་ཞེས་པ་ཞིག་ཡང་སྤྲུལ་དུ་ངོས་འཛིན་འཁྲི་འདོན་བྱས་ཏེ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་མཆོག་གཙོས་ཆོས་དང་རིག་གཞུང་ལ་ཤུགས་རྐྱེན་ཆུང་དུ་གཏོང་བའི་ཆབ་སྲིད་ཀྱི་ཁེ་ཕན་ཞིག་རེད།”ཅེས་དང་།

Tibet-2-2017ད་དུང་བསྒྲགས་གཏམ་ནང་དུ་འཁོད་དོན། “རིན་པོ་ཆེ་མཆོག་དགུང་ལོ་༢༨དང་རྒྱ་ནག་དམར་ཤོག་གིས་བཙན་འཁྲིད་བྱས་ཏེ་ལོ་༢༢འཁོར་ཞིང་། སྐུ་ན་གཞོན་པའི་རིན་པོ་ཆེ་མཆོག་མགྱོགས་མྱུར་ངང་གློད་གྲོལ་ཆེད་དུ། འཛམ་གླིང་གི་སེམས་ཚོར་ཅན་གྱི་འབྲེལ་ཡོད་དཔོན་རིགས་ཁག སྒེར་དང་ཚོགས་པ་ཁག གྲོས་ཚོགས་དང་གཞུང་། འཛམ་གླིང་རྒྱལ་སྤྱིའི་དབུ་ཁྲིད་དང་བོད་དོན་རྒྱབ་སྐྱོར་བ་བཅས་ལ་རྒྱ་ནག་གཞུང་གིས་རིན་པོ་ཆེ་མཆོག་དགོས་འདུན་དོན་ཚན་༥ཡི་སྒོ་ནས་པར་འགྱང་དང་རྒྱུ་མཚན། ཆ་རྐྱེན་གང་ཡང་མེད་པའི་ཐོག གློད་དགོས་པའི་གནོན་ཤུགས་སྤྲོད་དགོས་པའི་རོགས་ཕན་གྱི་སྐད་འབོད་དང་ཞུ་གཏུགས་བྱས་ཡོད། ”ཅེས་འཁོད་འདུག

Tibet-Pencheng-2017དེ་བཞིན། ཉིན་འདིའི་ཞོགས་པའི་ཚོུད་༨།༣༠ཐོག གཞོན་ལྷན་དང་བུད་མེད་ཚོགས་པ། རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་མཉམ་འབྲེལ་ཐོག་དགོས་འདུན་དོན་ཚན་གཉིས་བཏོན་ཡོད་པ་ནི། དང་པོ། རྒྱ་གཞུང་གིས་སོ་སོའི་དགོས་མཁོ་སྒྲུབ་ཐབས་སུ་སྙིང་རྗེ་མེད་པའི་མནར་གཅོད་གཏོང་བ་སོགས་ཀྱིས་བོད་མི་རིགས་ཀྱི་སེམས་ངོར་རྨ་ཁ་བཟོ་བ་ལས་དུས་ནམ་ཡང་ང་ཚོའི་ལ་རྒྱ་དང་སེམས་ཤུགས་རྡོག་རོལ་དུ་གཏོང་ཐབས་མེད་སྟབས། པཎ་ཆེན་རིན་པོ་ཆེ་མཆོག་ད་ལྟ་གང་དུ་བཞུགས་ཡོད་མེད་དང་། གནས་སྟངས་གང་འདྲ་ཡོད་པ་འཛམ་གླིང་ལ་གསལ་བོ་བཟོ་དགོས།  གཉིས་པ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོས་པཎ་ཆེན་རིན་པོ་ཆེ་མགྱོགས་མྱུར་དུ་ཀློད་གྲོལ་ཡོང་བར་རྒྱབ་སྐྱོར་གནང་དགོས་པ། ཞེས་དོན་ཚན་གཉིས་ཀྱིས་འདུས་པའི་གཏམ་བརྗོད་ཅིག་གཟིགས་འབུལ་ཞུས་པ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།