དགོངས་ཚུལ།

ཨ་རིའི་གྲོས་ཚོགས་བཙན་བྱོལ་བོད་མིའི་ལྟེ་བ་རུ་བཅར་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༥།༡༠ཉིན་སྤེལ། ཨ་རིའི་གྲོས་ཚོགས་འོག་མའི་མང་གཙོ་དང་སྤྱི་མཐུན་ཚོགས་པ་བཅས་ཆབ་སྲིད་ཚོགས་པ་ཐུན་མོང་ལས་གྲུབ་པའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་བཙན་བྱོལ་བོད་མིའི་ལྟེ་བ་བཞུགས་སྒར་ངྷ་རམ་ས་ལར་མཚམས་གཟིགས་སུ་བཅར་སོང་།

Tibet-US-Delagation-2017དེ་རིང་སྔ་དྲོའི་ཚོུད་༩།༠༠ཐོག བཞུགས་སྒར་ངྷ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཆོས་ར་རུ། ༧གོང་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཨ་རིའི་གྲོས་ཚོགས་འོག་མའི་མང་གཙོ་དང་སྤྱི་མཐུན་ཚོགས་པ་བཅས་ཆབ་སྲིད་ཚོགས་པ་ཐུན་མོང་ལས་གྲུབ་པའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་མི་གྲངས་༨་བཞུགས་སྒར་ངྷ་རམ་ས་ལར་འཚམས་གཟིགས་སུ་ཕེབས་པར་དགའ་བསུའི་གཞུང་འབྲེལ་མཛད་སྒོ་གཟབ་རྒྱས་ཤིག་སྐོང་སོང་།

དེ་ཡང་གོང་ཚེས་ཉིན་ཚོགས་ཐོག་ཏུ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་བཞུགས་ཐོག ཨ་རིའི་གྲོས་ཚོགས་འཐུས་མིའི་སྐུ་ལྕམ་ནཱན་སེ་ཕི་ལོ་སེ་གཙོས་ཆེས་མཐའི་སྐུ་ཚབ་ཚོགས་ཆུང་མི་གྲངས་༨། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་གཞུང་ཞབས་ལས་སྣེ། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་འགན་འཛིན་དང་སེར་སྐྱ་མི་མང་། སློབ་ཕྲུག ཕྱི་ནང་གི་སྐུ་མགྲོན་རྣམ་པ་བཅས་མི་གྲངས་སྟོང་ཕྲག་མང་པོས་ཆོས་ར་ཡོངས་སུ་ཁེངས་སོང་།

མཚམས་གཟིགས་གནང་མཁན་གྱི་ཨ་རིའི་གྲོས་ཚོགས་འཐུས་མི་བརྒྱད་རྣམས་ནི། གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་དང་མང་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པེ་ལོ་སི་ Nancy Pelosy མཆོག་དང་། གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཨི་ལོ་ཡི་ཊི་ཨེན་ཇེལ་ Eliot Engel མཆོག གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇིམ་སེན་སེན་བྷེར་ནར་ Jim Sensenbrenner མཆོག གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་ Jim McGovern མཆོག གྲོས་ཚོགས་འོག་མའི་འཐུས་མི་ལྕམ་སྐུ་བྷེ་ཊི་མེག་ཀ་ལམ་ Betty McCollum མཆོག གྲོས་ཚོགས་འོག་མའི་འཐུས་མི་ལྕམ་སྐུ་ཇོ་སི་བྷི་ཊི་ Joyce Beatty མཆོག གྲོས་ཚོགས་འོག་མའི་འཐུས་མི་ལྕམ་སྐུ་པར་མི་ལཇ་ཡ་པཱལ་ Pramila Jayapal མཆོག   གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇུ་ཌི་ཅུ་ Judy Chu མཆོག་བཅས་ཡིན་འདུག

དེ་མིན་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་སྤྱི་གཉིས་དང་། ཨ་རིའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག་གཙོས་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇིམ་སེན་སེན་བྷེར་ནར་མཆོག་དང་སྐུ་ཞབས་ཇིམ་མེག་གྷོ་ཝན་མཆོག སྐུ་ཞབས་ཨི་ལོ་ཡི་ཊི་ཨེན་ཇེལ་མཆོག     འཐུས་མི་ལྕམ་སྐུ་པྲ་མི་ལ་ཇ་ཡ་པཱལ་མཆོག་བཅས་འཐུས་ཚབ་༤ཡིས་གཏམ་བཤད་གནང་བའི་གོ་སྐབས་བླངས་རྗེས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འབྲེལ་ཡོད་ཀྱི་བཀའ་སློབ་ལམ་སྟོན་བཀའ་དྲིན་ཆེ་བསྐྱངས་གནང་སོང་།

གཞན་ཡང་། ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༩ ཉིན ཨ་རིའི་གྲོས་ཚོགས་ཀྱི་མང་གཙོ་དང་སྤྱི་མཐུན་ཚོགས་པ་ཐུན་མོང་ལས་གྲུབ་པའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་བཙན་བྱོལ་བསྟི་གནས་ཡིན་པའི་བཞུགས་སྒར་ངྷ་རམ་ས་ལར་མཚམས་གཟིགས་སུ་བཅར་སྟེ། ༧གོང་ས་མཆོག་གི་གཟིམ་ཆུང་མཇལ་ཁར་དང་ངྷ་སྟེང་བོད་ཁྱིམ་སློབ་གྲྭར་ཕེབས་ནས། སློབ་གྲྭའི་ལག་ཤེས་བཟོ་གྲྭ་སོགས་སུ་བོད་མིའི་ལག་ཤེས་ཀྱི་སྲོལ་རྒྱུན་ཐོན་དངོས་སུ་གཟིགས་ཞིབ་རྗེས། གངས་ཅན་སྐྱིད་གཤོངས་སུ་ཕེབས་ཏེ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་མཇལ་འཕྲད་གནང་ཡོད་པ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།