བཙན་བྱོལ་བོད་གཞུང་གིས་པེ་ཅིང་གཞུང་དང་གྲོས་མོལ་གནང་འཆར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉའི་དྲ་བས་སྤྱི་ལོ་༢༠༠༩ཟླ་༡༢ཚེས་༡༢ཉིན་སྤེལ། དྷ་རམ་ས་ལ་ནས་གནས་ཚུལ་སྤེལ་གསལ་ལྟར་ན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས། སྤྱི་ལོ་༢༠༠༩ཟླ་༡༢ཚེས་༡༠ཉིན་ཁོང་གིས་ཡིག་ཐོག་ནས་གསར་འགོད་གསལ་བསྒྲགས་ཤིག་གི་སྐབས། རྒྱ་ནག་གཞུང་གི་བྱ་སྤྱོད་ལ་ཡ་ལན་ཐོག་བོད་པའི་ངོས་ནས་བོད་རྒྱ་ཞི་མོལ་འགོ་འཛུགས་བྱ་རྒྱུའི་ཆོད་སེམས་ཡོད་ལུགས་དང༌། ཡང་ཁོང་གིས། དེ་སྔོན་༧གོང་ས་མཆོག་གིས་ས་གནས་རང་སྐྱོང་གི་དགོས་འདུན་སྐོར་བཀལ་མོ་གནང་རྒྱུ་དེ་ལ་རྒྱ་ནག་གཞུང་གིས་ཡ་ལན་ལྟ་བུ་བྱས་ཡོད་ཀྱང༌། རྒྱུན་དུ་རྒྱ་ནག་གཞུང་གི་སྲིད་ཇུས་དང་གསར་འགོད་གསལ་བསྒྲགས་སོགས་ལ་འགལ་འདུལ་ཅན་གྱི་གནད་དོན་མང་པོ་ཞིག་ཡོད་ལུགས་སོགས་གསུངས་ཡོད་འདུག

བཙན་བྱོལ་བོད་གཞུང་གིས་རྒྱ་བོད་དབར་མ་འོངས་པའི་སྐོར་བཀའ་མོལ་གནང་རྒྱུའི་འཆར་གཞི་བཞག་ཟིན་པ་དང༌། ཉེ་འཆར་རྒྱ་རི་རིན་པོ་ཆེའི་གསར་འགོད་གསལ་བསྒྲགས་དེའི་ནང། ད་ལྟ་བར་དུ་ང་ཚོའི་ངོས་ནས་བྱ་བའི་རྒྱུད་རིམ་ཚང་མའི་ནང་བོད་རྒྱ་ཞི་མོལ་བྱ་ཆོག་གི་ཐོག་ནས་བསྡད་ཡོད་པ་རེད།

སྤྱི་ལོ་༢༠༠༦སྤྱི་ཟླ་༢པའི་ནང་བོད་རྒྱ་ཞི་མོལ་སྐབས་རྒྱ་ནག་གཞུང་གིས་གསལ་པོ་ག་རེ་གསུངས་པ་རེད་ཟེར་ན། བོད་པས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞི་ནང་ལ། ས་གནས་རང་སྲིད་རང་སྐྱོང་གི་དགོས་འདུན་འདོན་པ་དེར་འདོད་མོས་ཡོད་ལུགས་གསུངས་ཡོད་པ་རེད་ཟེར།

རྒྱ་ནག་གཞུང་གིས་བོད་པའི་དམིགས་གསལ་སྐུ་ཚབ་ལ་དེ་ལྟར་བརྗོད་སྐབས། བཙན་བྱོལ་བོད་གཞུང་གིས་རྒྱ་བོད་དབར་གྱི་འབྲེལ་ལམ་ཐད་གོམ་པ་ཞིག་མདུན་དུ་སྤོས་ཡོད་པའི་ངོས་འཛིན་དང༌། སྤྱི་ལོ་༢༠༠༢ལོར་བོད་རྒྱ་འབྲེལ་མོལ་བསྐྱར་འཛུགས་ཀྱང་བྱས་ཡོད་པ་རེད། དེའི་སྐབས་སུ་༧གོང་ས་མཆོག་ཕྱིར་བཞུགས་སྒར་དྷ་རམ་ས་ལར་ཞབས་སོ་འཁོད་སྐབས་རེ་བ་བཟང་པོ་ཡོད་སྐོར་གསུངས་ཡོད་ཀྱང༌། དེ་རྗེས་རྒྱ་ནག་གཞུང་གིས་གནད་དོན་དེ་ཁས་ལེན་མེད་པའི་སྒྲགས་གཏམ་སྤེལ་ཡོད་པས་མ་ཚད། སླར་ཡང་ཞི་མོལ་བྱ་རྒྱུ་དེ་སྤྱི་ལོ་༢༠༠༦ལོའི་ཟླ་༢བར་འགོར་འགྱང་བྱས་ཡོད་པ་རེད།

རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་རྒྱ་ནག་གཞུང་གི་མོས་འཐུན་ཡ་ལན་དེ་ལས། ད་ལྟར་བོད་ནང་དུ་རྒྱ་ནག་གཞུང་གིས་ཚབ་ཆེ་བའི་ལས་འགུལ་དཔེར་ན། རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་དང༌། ༧གོང་ས་མཆོག་ལ་མཚན་སྨད་ཞུ་དགོས་པ། ཆོས་ལུགས་བྱེད་སྒོ་ཁག་ལ་དམ་བསྒྲགས་སོགས་མེད་པ་བཟོ་དགོས་པའི་རེ་བ་བརྒྱབ་ཡོད་པ་རེད་འདུག

སྤྱི་ལོ་༢༠༠༨ལོར་བོད་ནང་གི་ཞི་རྒོལ་རྗེས། དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་བོད་གཞུང་གི་ས་གནས་རང་སྐྱོང་གི་དགོས་འདུན་ཡིག་ཆ་དེ་ལ་རྒྱ་ནག་གཞུང་གིས་ངོ་ལེན་བྱས་ཡོད་པ་མ་རེད། དགོས་འདུན་ཡིག་ཆ་དེའི་ནང་བོད་མི་རྣམས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་ཚད་ལྡན་གྱི་ཐོབ་ཐང་དགོས་པ་འཁོད་ཡོད་པ་དང༌། མ་ཚད་ད་ལྟ་ཡང་༧གོང་ས་མཆོག་གིས་རྒྱ་བོད་འབྲེལ་ལམ་ཐོག་འབད་བརྩོན་བྱེད་བཞིན་ཡོད་པ་རེད་ཅེས་རེད་འགྲེལ་བརྗོད་བྱས་ཡོད་པ་རེད།

ཡང་ཁོང་གིས་རྒྱ་ནག་པེ་ཅིང་གཞུང་གིས་༧གོང་ས་མཆོག་གི་རང་བཙན་རྩོད་བཞིན་མེད་པ་ཤེས་བཞིན་དུ། རྒྱ་ནག་གཞུང་གིས་གང་ཉིད་ལ་ཁ་བྲལ་རིང་ལུགས་པ་ཞེས་པའི་ཞྭ་མོ་དེ་ཕུད་དགོས་པ་ཞིག་རེད། ན་ནིང་སྤྱི་ལོ་༢༠༠༨ཟླ་༧པའི་ནང་གྲོས་འཆར་སྐབས། རྒྱ་ནག་གཞུང་གིས་གསར་ལམ་ཁག་ནས་༧གོང་ས་མཆོག་ལ་༼པེ་ཅིང་ཨོ་རྩལ་འགྲན་ཚོགས་གཏོར་བཤིག་གཏོང་མཁན་དང༌། ལས་འགུལ་ལ་རྒྱུད་སྐུལ་བྱེད་མཁན། ཁ་བྲལ་གྱི་ལས་འགུལ་སྤེལ་མཁན། རང་བཙན་འཐབ་རྩོད་བྱེད་མཁན་༽སོགས་ཉེས་འཛུགས་དེ་དག་ནི་དོན་དངོས་མིན་པའི་འགྲེལ་བརྗོད་བྱས་ཡོད་པ་རེད།

མཇུག་མཐར་གསར་འགོད་གསལ་བསྒྲགས་དེའི་ཐོག་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས། གལ་སྲིད་རྒྱ་ནག་གཞུང་གི་ངོས་ནས་བོད་མི་རྣམས་ལ་རྒྱ་ནག་གི་རྩ་ཁྲིམས་ནང་འདྲ་མཉམ་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་སྤྲད་རྒྱུ་སྐོར་བཀའ་མོལ་བྱ་འདོད་ཡོད་པ་ཡིན་ན། ང་ཚོས་ཀྱང་ཁ་ཐུག་གྲོས་མོ་བྱ་རྒྱུ་མ་ཟད། ༧གོང་ས་མཆོག་གིས་ག་དུས་ཡིན་རུང་གྲོས་མོལ་བྱ་རྒྱུར་གྲ་སྒྲིག་བྱེད་ནས་བཞུགས་ཡོད་པ་རེད།

བཙན་བྱོལ་བོད་གཞུང་གི་ན་ནིང་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཡོང་སླད་བསམ་ཆར་ཕུལ་ཟིན་པ་དང༌། བསམ་འཆར་དེ་གཞི་ལ་བཞག་པའི་ཐོག་ནས་རྒྱ་བོད་དབར་གྱི་དཀའ་རྙོག་སེལ་ཐབས་སླད་དུ། བཙན་བྱོལ་བོད་གཞུང་གིས་ངོས་ནས་རྒྱ་ནག་ཁ་བྲལ་མི་འགྲོ་ཆེད་འབད་བརྩོན་རྒྱུན་འཁྱོངས་གནང་རྒྱུ་ཡིན་པ་དང་།  རྣམ་དཔྱོད་དང་ཞི་མོལ་གྱི་ལམ་ནས་དཀའ་རྙོག་སེལ་དགོས་པ་ནི། མི་མང་གི་འདོད་བློ་དང་མཐུན་པ་མ་ཟད། འདྲ་མཉམ་དང༌། རང་དབང༌། མང་གཙོ། འགྲོ་བ་མིའི་ཐོབ་ཐང་བཅས་ནི་འཛམ་གླིང་ཡོངས་ཀྱི་རིན་ཐང་ཞིག་ཡིན་དུས། རྒྱ་ནག་གི་དབུ་ཁྲིད་ཚོས་ཀྱང་བོད་རྒྱ་གཉིས་ཀྱི་ཕུགས་ཀྱི་ཁེ་ཕན་དང༌། རྒྱ་ནག་གི་བརྟན་རླིང་སྲུང་སྐྱོབ་བྱ་ཆེད་རྒྱ་སྤྱིའི་སྤྱི་ཚོགས་ཀྱི་འབོད་སྐུལ་ལ་དང་ལེན་ཞུ་དགོས་པ་མཐོང་གི་འདུག་ཅེས་འགྲེལ་བརྗོད་གནང་ཡོད་པ་རེད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བའི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་ཞུས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (3)
མུ་འཐུད་ནས་འབྲེལ་ལམ་ཡག་པོ་ཞིག་བྱས་ན་རེ་བ་ཞིག་གཏན་གཏན་ཡོད་རེད། ཐུགས་རྗེ་ཆེ་འབྲེལ་མཐུད་རྣམ་པ་སྐུ་ངལ་འདུག་ཡིན་ཡང་སྤྱིར་སངས་རྒྱས་བསྟན་པའི་དོན་དང་སེམས་ཅན་བདེ་སྡུག་སོགས་ཀྱིས་ཆེད་ཡིན་པའི་ང་ཚོའི་དམིགས་བསལ་གྱིས་ཁྱེད་ཚོ་ལ་རྒྱབ་སྐྱོར་དང་མོས་མཐུན་ཡོད། ལི་ལྗོངས་ཕོ་ཉ
2 ༡༤༢༠༠༩༠༩༥༥
སྐུ་ཉིད་ནས་ང་ཚོའི་དྲ་བར་དགོངས་ཚུལ་གསུངས་གནང་བར་བཀའ་དྲིན་ཆེ། གལ་ཏེ་བོད་ཡིག་ཡག་པོ་ཆར་མ་ཐུབ་ཚེ་ཉིད་ཀྱི་གློག་ཀླད་XPཡིན་པ་འདྲ་། དེར་བརྟེན་ངེས་པར་དུ་USP10.DLLསྨོན་ལམ་བོད་ཡིག་དྲ་ངོས་ནས་ཕབ་ལེན་གྱིས་བླུགས་ཐུབ་ན་དྲ་ངོས་བདེ་ལེགས་ངང་འཆར་ཐུབ།
ཁྱེད་ཅག་གི་དྲ་ངོས་འདིར་ཐིག་ཕྲེང་རེ་རེ་མཇུག་གི་ཡི་གེ་མང་པོ་ཞིག་མཐོང་མི་ཐུབ་ལགས། དེ་ལ་བཅོས་སྒྱུར་རེ་བྱ་ཐུབ་པར་བཀའ་དྲིན་སྙིང་ནས་ཞུ།



བརྗོད་གཞི་གཞན་ཁག་ལ་གཟིགས།