དགོངས་ཚུལ།

བོད་ཀྱི་ཁོར་ཡུག་དེ་ཨེ་ཤ་ཡར་གལ་ཆེན་པོ་ཡིན་ཞེས་གསུངས་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༥།༢ཉིན་སྤེལ།  བོད་མིས་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་གནས་བབ་རྩོད་ལེན་བྱེད་བཞིན་པར་རྒྱབ་སྐྱོར་གནང་རོགས།  ཞེས་འབོད་སྐུལ་ཞུས་འདུག

ཟླ་འདིའི་ཚེས་༡ཉིན། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ནིའུ་ཛི་ལེན་ཌིའི་རྒྱལ་ས་ཨོག་ལེན་ཌིར་ (Auckland) རྟེན་གཞི་བྱས་པའི་བྷི་ཆི་ཧེ་ཝེན་ཚོགས་ཁང་ནང་དུ།   བོད་དང་རྒྱ་ནག་གཉིས་ཀྱི་འདས་པའི་ལོ་རྒྱུས་དང་ད་ལྟའི་གནས་སྟངས། མ་འོངས་པར་བོད་རྒྱའི་གནད་དོན་གྱི་ཁ་ཕྱོགས་ཇི་འདྲ་ཞིག་གི་ཐོག་ལ་འགྲོ་རྒྱུའི་སྐོར་ལ་བགྲོ་གླེང་གཏམ་བཤད་དང་། བགྲོ་གླེང་ལྷན་ཚོགས་སྐབས་ས་གནས་བོད་མི་དང་རྒྱ་རིགས། ཡུལ་དེའི་མང་ཚོགས་དང་བོད་དོན་རྒྱབ་སྐྱོར་བ་བཅས་ཁྱོན་མི་གྲངས་༢༥༠་ཙམ་མཉམ་ཞུགས་གནང་ཡོད་འདུག

དེ་ཡང་ སྲིད་སྐྱོང་མཆོག་གིས་གསུངས་དོན། བོད་དང་བོད་ཀྱི་གནས་སྟངས་སྐོར་ཡག་པོ་ཤེས་དགོས་ན། རྒྱ་ནག་གི་སྐོར་ལ་ངེས་པར་དུ་ཤེས་དགོས་པ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱུན་སྐྱོང་བྱེད་བཞིན་པའི་དབུ་མའི་ལམ་གྱི་སྲིད་བྱུས་འོག་བོད་ཀྱི་གནད་དོན་སེལ་ཐབས་བྱེད་བཞིན་པའི་སྐོར་དང་བོད་ནང་དུ་ཕྱི་ལོ་༢༠༠༩ནས་བཟུང་བོད་མིས་རང་ལུས་མེར་སྲེག་གི་ལས་འགུལ་སྤེལ་བ་དང་།  བོད་མི་ཚོས་རང་གི་ཆོས་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་ཧ་ཅང་གནད་འགག་ཆེན་པོ་ཆགས་ཡོད་པ་མ་ཟད། བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་སྤྱི་དང་ལྷག་དོན་དུ་ཨེ་ཤི་ཡེའི་གཙང་པོ་མང་པོ་ཞིག་ཡོངས་ཁུངས་དེ་བོད་ནས་ཡིན་པས་་ཨེ་ཤི་ཡའི་མི་འབོར་དུང་ཕྱུར་མང་པོའི་འཚོ་བར་བོད་ཀྱི་ཁོར་ཡུག་དེ་གལ་གནད་ཇི་ཙམ་ཆེན་པོ་ཡིན་པའི་སྐོར་སོགས་གསུངས།
ཕྱོགས་མཚུངས་བོད་མིའི་ཤེས་ཡོན་ཚགས་ཚུད་ཡོང་སླད་བཀའ་ཤག་གིས་ཆེད་མངགས་སྲིད་བྱུས་གཏན་འབེབས་ཐོག་ནས་ཤེས་ཡོན་གོང་མཐོར་གཏོང་ཐབས་གནང་བཞིན་པའི་སྐོར་ཡང་གསུངས་འདུག་པ་མ་ཟད་བོད་མིས་དབུ་མའི་ལམ་གྱི་སྲིད་བྱུས་འོག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་རང་སྐྱོང་གི་གནས་བབ་རྩོད་ལེན་བྱེད་བཞིན་པར་རྒྱབ་སྐྱོར་གནང་རོགས།  ཞེས་འབོད་སྐུལ་ཡང་ཞུས་འདུག

དེ་རྗེས་སྲིད་སྐྱོང་མཆོག་གིས་ཡུལ་དེའི་བོད་དོན་རྒྱབ་སྐྱོར་བ་ཁག་གཅིག་ལ་ཕྱག་རྟགས་འབུལ་ལམ་ཞུས། གོང་ཚེས་ཉིན་གྱི་་སྔ་དྲོར་སྲིད་སྐྱོང་མཆོག་གིས་ཡུལ་དེའི་རྒྱལ་ཡོངས་རླུང་འཕྲིན་ལས་ཁང་ (Radio New Zealand) གི་གསར་འགོད་པ་སྐུ་ཞབས་ (Guyan Espiner) ལགས་ཀྱི་བཅའ་འདྲི་ཁག་ལ་ལན་འདེབས་གསལ་བཤད་ཀྱང་གནང་འདུག་པ་བཅས།   

གསར་འགོད་པ་སྨར་བློ་བཟང་དམ་ཆོས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།