ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

པཎ་ཆེན་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་སྲུང་བརྩི་༢༨པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༤།༢༦ཉིན་སྤེལ། ང་ཚོའི་བླ་མ་ནི་ང་ཚོས་བདག་པོ་རྒྱག་པའི་དབང་ཆ་སྤྲད་དགོས་ཀྱི་འདུག་ཅེས་རྒྱ་ནག་ལ་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་ས་གནས་ཚོག་གཞོན་གྱིས་བརྗོད་སོང་།

Tibet-Pencheng-2017ཁ་སང་སྔ་དྲོའི་ཆར།  བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གསུམ་གྱི་གོ་སྒྲིག་འོག བཞུགས་སྒར་ངྷ་སའི་གོས་ཐུང་གཞུང་ལམ་གྱི་སུམ་མདོ་རུ་ལས་འགུལ་ཞིག་སྤེལ་བ་དང་། དེ་ནི་རྒྱ་ནག་དམར་པོའི་གཞུང་གིས་རྒྱ་ནག་གི་བཙོན་འོག་ཏུ་དགོངས་ལོ་དྲུག་ནས་བཟུང་སྟེ། བཙན་འཁྲིད་བཙོན་འཇུག་བྱས་པའི་༧པཎ་ཆེན་སྐུ་ཕྲེང་༡༡པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་དང་སྟབས་བསྟུན།  ཡང་སྲིད་མཆོག་མྱུར་དུ་གློད་གྲོལ་བྱེད་པའི་འབོད་སྐུལ་ཞུ་ཞོར། ལོ་ན་མ་སོན་པ་དང་ཉེས་མེད་བཙན་འཁྲིད་བཙོན་འཇུག་བྱས་པར་ངོ་རྒོལ་གྱིས་ས་ཡིག་བསྡུ་རུབ་བྱས་སོང་།

སྐབས་དེར་འདི་ག་གསར་ཁང་གིས་ས་གནས་གཞོན་ནུའི་ཚོགས་གཞོན་བུད་མེད་ཉི་མ་ལགས་སུ་ལས་འགུལ་འདིའི་སྐོར་ནས་བཅར་འདྲི་ཞུས་པར། མོས་བརྗོད་དོན། "ང་ཚོ་ཚོགས་པ་གསུམ་གྱི་ངོས་ནས་པཎ་ཆེན་རིན་པོ་ཆེ་དགོངས་ལོ་༢༨སོན་པའི་འཁྲུངས་སྐར་སྲུང་བརྩི་ཞུས་ཤིང་། དེ་ནི་དགའ་དགའ་སྤྲོ་སྤྲོ་བྱེད་དགོས་པ་ཞིག་རེད་དེ། རིན་པོ་ཆེ་འཁྲུངས་ནས་བཟུང་ང་ཚོའི་མིག་གིས་མཐོང་ས་དང་མཇལ་བའི་གོ་སྐབས་ཅི་ཡང་མེད་པར་རྒྱའི་བཙོན་འོག་ཏུ་བཞུགས་པ་ནི་སྐྱོ་དགོས་པ་ཞིག་རེད། ཡིན་ནའང་། པཎ་ཆེན་རིན་པོ་ཆེ་མཆོག་མ་འོངས་པར་ང་ཚོས་དངོས་སུ་རྩེ་པོ་ཏ་ལར་གདན་དྲངས་ཏེ། སྐུའི་འཁྲུངས་སྐར་སྲུང་བརྩི་དང་མི་མང་མཉམ་དུ་ལྷན་འཛོམས་ཡོང་བའི་རེ་བ་དང་དམིགས་ཡུལ་བཅངས་ནས་ང་ཚོས་དགའ་སྤྲོ་སྐྱོ་གསུམ་གྱི་ངང་ལས་འགུལ་འདི་སྤེལ་བ་ཡིན། " ཅེས་དང་།

གཞན་ཡང་གསར་འགོད་པས་མུ་མཐུད་དུ་འཁྲུངས་སྐར་ཉིན་མོ་འདི་བརྒྱུད་དེ་རྒྱ་ནག་ལ་འབོད་སྐུལ་ག་རེ་ཞུ་རྒྱུ་ཡོད་པའི་དྲིན་ལན་དུ། མོས་བརྗོད་དོན། "པཎ་ཆེན་རིན་པོ་ཆེ་མཆོག་ནི་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་གཉིས་པ་ཆགས་ཡོད་པ་དང་། བོད་མི་ཚང་མ་ཁོང་ཉིད་ལ་མཇལ་བའི་འདོད་པ་ཡོད་པས་ན། རྒྱ་ནག་གཞུང་གིས་གང་མགྱོགས་གློད་གྲོལ་བཏང་སྟེ། ང་ཚོའི་བླ་མ་ནི་ང་ཚོས་བདག་པོ་རྒྱག་པའི་དབང་ཆ་སྤྲད་དགོས་ཀྱི་འདུག་ཅེས་འབོད་སྐུལ་ཞུ་རྒྱུ་ཡིན།"ཞེས་འགྲེལ་བརྗོད་གནང་སོང་།

Tibet-Penchenphoto-2017དེ་ཡང་གོང་ཚེས་ཉིན་བོད་ཀྱི་ས་གནས་གཞོན་ནུ་དང་བོད་ཀྱི་ས་གནས་བུད་མེད། བོད་རང་བཙན་སློབ་ཕྲུག་ཚོགས་པ་གསུམ་མཉམ་རུབ་ཀྱིས་ངྷ་སའི་གཞུང་ལམ་སུམ་མདོ་རུ་པཎ་ཆེན་ཡང་སྲིད་མཆོག་གི་ཡོངས་ཁྱབ་སྐུ་པར་གཅིག་ཡོད་པ་དེ་བོད་ཀྱི་རྒྱལ་དང་མཉམ་དུ་སྒྲིག་གཤོམ་བྱས་ཤིང་། སྐད་སྦུག་ལས་བོད་དབྱིན་ཧིན་གསུམ་ཐོག་ཏུ།  བཙོན་འོག་གི་པཎ་ཆེན་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་སྲུང་བརྩི་དང་སྦྲགས་མྱུར་དུ་གློད་གྲོལ་བྱེད་དགོས་པའི་འབོད་སྐུལ་དང་ཁོང་གི་སྐུ་འཚོ་བཞུགས་གང་ཡོད་ཀྱི་ལན་འདེབས་གསལ་བོ་བྱེད་དགོས་པ། རྒྱ་ནག་གིས་པཎ་ཆེན་རིན་པོ་ཆེ་མཆོག་གཙོས་བོད་ཀྱི་ཉེས་མེད་བཙོན་མ་མང་པོ་ཞིTibet-for sighn-2017ག་ལ་སྡུག་སྦྱོང་མནར་གཅོད་བཏང་སྟེ། ཁྲིམས་མུན་གྱི་ནག་ཁུང་དུ་བཅུག་ཡོད་པ་དེ་དག་གློད་གྲོལ་དགོས་པའི་འབོད་སྐུལ་ཞུ་སྐབས་སུ། རང་རིགས་གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་གི་མི་མང་པོས་དོ་སྣང་དང་ས་ཡིག་རྒྱག་པ། སྐད་ཆ་འདྲི་བ་སོགས་ཀྱི་ལས་འགུལ་འགྲོ་བཞིན་པ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།