དགོངས་ཚུལ།

༧གོང་ས་མཆོག་བཞུགས་སྒར་ངྷ་སར་ཞབས་སོར་བདེ་བར་འཁོད་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༤།༡༢ཉིན་གྱི་སྤེལ། ༧གོང་ས་མཆོག་གིས་བོད་དང་རྒྱ་གར་གྱི་མཐའ་མཚམས་ཁུལ་དང་། ལྷག་པར་༡༩༥༩ལོར་རིན་པོ་ཆེ་བཙན་བྱོལ་ལ་ཕེབས་སའི་རྒྱ་གར་མཐའ་མཚམས་སོགས་སུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་བ་གྲུབ་རྗེས་ཕྱིར་བཞུགས་སྒར་རུ་ཞབས་སོར་བདེ་བར་འཁོད་སོང་།

Tibet-HHdalailama-2017དེ་རིང་སྔ་དྲོའི་ཚོུད་༡༡ཐོག ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་བྱང་ཤར་ཁུལ་གྱི་ཨ་སམ་དང་ཨ་རུ་ན་ཅལ་མངའ་སྡེ་བོད་དང་འབྲེལ་བའི་ས་མཚམས་སུ། ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་བཀའ་དྲིན་བསྐྱངས་པའི་མཛད་རིམ་གྲུབ་ཞིང་། འདི་ཟླའི་ཕྱི་ཚེས་༡༢ཉིན་ཕྱིར་བཞུགས་སྒར་ངྷ་སའི་གཟིམས་ཤག་ཏུ་ཆིབས་བསྒྱུར་བསྐྱངས་སོང་།

Tibet-Temple Gate-2017དེ་ཡང་གཞུང་དང་གཞུང་འབྲེལ་མིན་པའི་མཛད་གཙོ་རྣམས་ཀྱིས་གྷ་རྒལ་གནམ་ཐང་དུ་ཕེབས་བསུར་བཅར་ཞིང་། ངྷ་སའི་ཕེབས་ལམ་གྱི་གཡས་གཡོན་དུ་དད་ལྡན་རང་རིགས་སེར་སྐྱ་ཕོ་མོ་དང་གཞན་རིགས་བཅས་ཀྱི་ལག་ཏུ་སྤོས་སྣེ་དང་དཀར་གཙང་མཇལ་དར་ཐོགས་ཏེ། དགའ་དད་སྤྲོ་གསུམ་གྱི་སྤུ་ལོང་རབ་ཏུ་རྒྱས་ཞོར་རིན་པོ་ཆེའི་ཕེབས་བསུར་བཅར་ཞིང་ལྷ་གསང་གི་དུ་བས་བར་སྣང་ལ་ལྡིང་སྐོར་རྒྱག་བཞིན་འདུག

Tibet-Near temple-2017གཞན་ཡང་། ཐེངས་འདིར་༧གོང་ས་མཆོག་ཆིབས་བསྒྱུར་བསྐྱངས་བའི་ཡུལ་གྲུ་དེ་དག་ནི་རྒྱ་གར་དང་བོད་ཀྱི་ས་མཚམས་སུ་འཁེལ་ཡོད་ཅིང་། རྒྱ་ནག་གིས་རྒྱ་གར་གྱིས་ཕེབས་པར་བཀག་འགོག་བྱེད་དགོས་པའི་བརྡ་ལན་སྤྲད་ཀྱང་། མང་གཙོའི་རང་དབང་ལྡན་པའི་རྒྱ་གར་གྱིས་ཡ་ལན་ཅི་ཡང་སྤྲད་མེད་པ་མ་ཟད། རྒྱ་གར་གཅིག་ཅེས་པའི་ཚིག་ཅིག་ཟུར་སྟོན་གནང་ཡོད་པ་དང་། ཕལ་ཆེར་༧གོང་ས་མཆོག་ཨ་སམ་ལ་ཕེབས་ཉིན་ནས་བཟུང་། འཛམ་གླིང་གི་བརྒྱུད་ལམ་དང་ཆབ་སྲིད་པ། རྒྱལ་ཁབ་ཁག་གི་སྲིད་འཛིན་རྣམས་ཀྱི་མིག་དང་རྣ་བ་ནན་ཏན་གྱིས་གཏད་ཡོད་པ་གདོན་མི་ཟ་མོད། སྐབས་འདིར་རྒྱ་གར་གྱི་གསར་འགོད་པ་རྣམས་ཀྱིས་གང་ཐུབ་ཅི་ཐུབ་ཀྱིས་རིན་པོ་ཆེ་ཡི་མཛད་རིམ་སྐོར་བརྒྱུད་ལམ་ལ་གཏོང་ཅི་ཐུབ་བྱས་ཤིང་། གསར་འགོད་པར་ཁ་ཐུགས་ཀྱིས་བཀའ་ལན་སྩལ་བ་སོགས་ཀྱི་གནTibet-Audence-2017ས་ཚུལ་མངོན་ལྐོག་མེད་པ་གང་མང་ཞིག་བརྡ་འཕྲིན་གྱི་བང་རིམ་བརྟོལ་བར་བཏང་སོང་།


སྐུ་སྒེར་དྲ་བའི་མཛད་འཆར་ལྟར་ན། འབྱུང་འགྱུར་ཕྱི་ཟླ་ ༥ ཚེས་ ༡༢  ཉིན་ཧི་མ་ཅལ་མངའ་སྡེའི་མ་ན་ལི་རུ་ཡོད་པའི་རྙིང་མའི་དགོན་པ་རུ་ཚེ་དཔག་མེད་ཀྱི་ཚེ་དབང་ཆོས་འབྲེལ་བསྩལ་རྒྱུ་དང་། དེ་ནས་རིམ་བཞིན་ཧི་མ་ཅལ་མངའ་སྡེའི་ཇ་སི་པཱ་དང་འཕགས་པ་(Triloknath)ལྷ་ཁང་། བྲང་དཀར་དགོན་པ་སོགས་སུ་ཆོས་འབྲེལ་བཀའ་དྲིན་བསྐྱང་རྒྱུ་ཡིན་པ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།