གཞིས་ལུས་རྒྱ་ཆེ་མང་ཚོགས་ཀྱི་སྙིང་སྟོབས་སུ་ཡི་རང་མཛད་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༤།༠༥ཉིན་སྤེལ། གཞིས་ལུས་རྒྱ་ཆེ་མང་ཚོགས་རྣམས་ཀྱི་སེམས་ཤུགས་དང་ལྷག་བསམ་ཧ་ལས་དགོས་པ་ཞིག་ཐོག་ནས་བོད་མིའི་ཐུན་མིན་རིག་གཞུང་དང་གོམས་གཤིས།  སྐད་ཡིག་སོགས་ལ་དང་འདོད་ཆེ་བ་དང་།   སྤོབས་པ་དང་བཅས་རང་མི་རིགས་ཀྱི་ངོ་བོ་དེ་དག་མུ་མཐུད་ནས་སྲུང་སྐྱོབ་བྱེད་བཞིན་ཡོད་པ་དེར་ཡི་རང་བསྔག་བརྗོད་མཛད།

དེ་ཡང་ཕྱི་ཚེས་ ༤ ཉིན་གྱི་སྔ་དྲོ། གྷོ་ཧ་ཊི་ནས་བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་སུ་ཆིབས་སྒྱུར་བསྐྱངས་ཏེ། ཁུལ་དེར་རྟེན་གཞི་བྱས་པའི་ས་ནས་བོད་རིགས་ཕོ་མོ་རྒན་གཞོན་རྣམས་ལ་བཀའ་སློབ་སྩོལ་པ་དབུས་བོད་མིའི་སྒྲིག་འཛུགས་དྲ་བར་འཁོད་དོན། བོད་མི་བཙན་བྱོལ་བ་རྣམས་གཞན་ཡུལ་དུ་གྱར་ནས་ད་ཆ་མི་ལོ་ ༥༨ འགྲོ་བཞིན་ཡོད་ཀྱང་བོད་དབུས་ཕྱོགས་སུ་གནས་སྟངས་ཧ་ཅང་ཛ་དྲག་པོ་ཡོད་པ་དང་།  འོན་ཀྱང་ཁམས་དང་ཨ་མདོའི་ཕྱོགས་སུ་དམ་བསྒྲགས་དེ་ཙམ་མེད་སྐོར་དང་།   འོན་ཀྱང་གཞིས་ལུས་རྒྱ་ཆེ་མང་ཚོགས་རྣམས་ཀྱི་སེམས་ཤུགས་དང་ལྷག་བསམ་ཧ་ལས་དགོས་པ་ཞིག་ཐོག་ནས་བོད་མིའི་ཐུན་མིན་རིག་གཞུང་དང་གོམས་གཤིས།  སྐད་ཡིག་སོགས་ལ་དང་འདོད་ཆེ་བ་དང་།   སྤོབས་པ་དང་བཅས་རང་མི་རིགས་ཀྱི་ངོ་བོ་དེ་དག་མུ་མཐུད་ནས་སྲུང་སྐྱོབ་བྱེད་བཞིན་ཡོད་པ་དེར་ཡི་རང་བསྔག་བརྗོད་མཛད།  དེ་ལྟ་བུའི་བོད་མི་ཚོས་སྤོབས་སེམས་ལྡན་པའི་ཐོག་ནས་རང་གི་ཐུན་མིན་རིག་གཞུང་སྤྱི་དང་ལྷག་པར་རྒྱ་གར་གནའ་རབས་དཔལ་ན་ལེནྡྲའི་བཞེད་སྲོལ་དྲི་མ་མེད་པའི་བོད་བརྒྱུད་ནང་བསྟན་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུའི་སྲོལ་བཟང་དེ་བཙན་བྱོལ་བོད་མིའི་དགོན་སྡེ་གྲྭ་ཚང་ཁག་ཏུ་མུ་མཐུད་རྒྱུན་འཛིན་གནང་བཞིན་ཡོད་སྐོར་དང་།

སྤྱིར་བཙན་བྱོལ་བའི་གནས་སྟངས་དེ་སེམས་སྐྱོ་པོ་ཞིག་ཡིན་ནའང་གནས་སྟངས་དེའི་འོག་ནས་ཉམས་མྱོང་དང་མཐོང་རྒྱ་ཆེ་རུ་འགྲོ་རྒྱུའི་གོ་སྐབས་བཟང་པོ་ཞིག་ཀྱང་ཆགས་ཡོད་སྟབས།  བྱེས་འབྱོར་བ་རྣམས་འབྱུང་འགྱུར་རང་དབང་ཉི་མ་འཆར་ནས་བོད་དུ་ཕྱིར་ལོག་རྗེས་ཕྱིའི་གནས་སྟངས་མང་པོ་ཞིག་རྟོགས་ཐུབ་རྒྱུ་ཡིན་སྐོར་བཀའ་སློབ་སྩལ་པ་འཁོད་འདུག་པ་བཅས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།