ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

བརྡ་ཆད་རིག་པ་གཏན་འབེབ་ཀྱི་བགྲོ་གླེང་སྐོང་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༣།༢༠ཉིན་སྤེལ། ཚོགས་འདུ་ཐེངས་༥བའི་ཐོག དམིགས་གསལ་གྱི་ཆོས་བརྒྱུད་ཁག་གི་བརྡ་ཆད་རིག་པ་གཏན་འབེབ་སྐོར་ལ་བགྲོ་གླེང་ཡིན། ཞེས་དགེ་བཤེས་སྨོན་ལམ་ལགས་ཀྱིས་གསུང་སོང་།

Tibet-Moniam-2017དེ་རིང་སྔ་དྲོའི་ཚོུད་༡༠ཐོག  བཞུགས་སྒར་ངྷ་སའི་གངས་སྐྱིད་དཔེ་མཛོད་ཁང་གི་ཚོགས་ཁང་དུ། སྨོན་ལམ་ཚིག་མཛོད་ཆེན་མོའི་ཆོས་ལུགས་དང་འབྲེལ་བའི་ཐ་སྙད་རྩོམ་སྒྲིག་བྱེད་ཕྱོགས་ཐད་ཆོས་བརྒྱུད་གྲུབ་མཐའ་ཁག་གི་རྩོམ་སྒྲིག་མི་སྣའི་ཚོགས་འདུ་ཐེངས་༥པ་དབུ་འཛུགས་གནང་སོང་།

དེ་ཡང་གོང་ཚེས་ཉིན། སྐུ་མགྲོན་གཙོ་བོ་བོད་གཞུང་ཤེས་རིག་བཀའ་བློན་གྱི་ཚབ་དོད་དུ་ཤེས་ལྷན་འགན་འཛིན་ཚེ་རིང་བསམ་འགྲུབ་ལགས་དང་། རྒྱ་བལ་གཉིས་སུ་ཕེབས་པའི་ཆོས་བརྒྱུད་གྲུབ་མཐའ་ཁག་གི་རྩོམ་སྒྲིག་ཁང་གི་སྐུ་ཚབ། སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་གཙོས་ལས་མི་ཡོངས་བཅས་མི་གྲངས་༦༠ལྷག་ཚོགས་ཞུགས་གནང་སོང་།

Tibet-lobsang Monlam-2017ཐོག་མར་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་སྨོན་ལམ་ལགས་ཀྱིས་ཚོགས་འདུའི་དགོས་དམིགས་ངོ་སྤྲོད་གནང་དོན།  ང་ཚོས་སྨོན་ལམ་ཚིག་མཛོད་ཆེན་མོའི་ལས་གཞི་ནི་ལོ་དགུ་ཡི་རིང་ཡིན་པ་དང་། ད་ལྟ་ལོ་ལྔ་འགྲོ་བཞིན་ཡོད། རྩོམ་སྒྲིག་ཚོགས་ཆུང་ཁག་༣༣དང་བོད་ནང་དུ་ཁག་༥། རྩོམ་སྒྲིག་བྱེད་མཁན་༡༥༣ཡོད། ལོ་གསུམ་རའི་མཚམས་སུ་ཚིགས་མཛོད་ཆེན་མོ་གྲུབ་ཟིན་པ་དེ་ཕྱི་ལོགས་སུ་བཀྲམས་པ་གཞིར་བཟུང་གིས་བོད་ཕྱི་ནང་གཉིས་སུ་བེད་སྤྱོད་གཏོང་བཞིན་ཡོད།

ང་ཚོའི་ཆོས་དང་རིག་གཞུང་རྒྱལ་སྤྱིའི་རིག་པའི་སྡིངས་ཆ་སྒང་ལ་འགྲོ་ཐུབ་པ་ཞིག་བཟོ་བ་དང་ཐ་སྙད་གཅིག་སྟེང་ལ་ཡང་ཆད་ལྷག་ཅི་ཡང་མེད་པ་ཞིག ཐ་སྙད་ཀྱི་འབྱུང་ཁུངས་ལོ་ཚིགས། དབྱིན་ཇིའི་བརྡ་ཆད་ཀྱི་ཁྱད་ཆོས་གཙོ་བོ་ནི་ཐ་སྙན་དེ་ནི་ག་དུས་བྱུང་བ་དང་གོ་དོན་ལ་ག་དུས་འགྱུར་བ་ཐེབས་ཡོད་མེད་བཅས་རེད། ང་ཚོའི་བོད་ཡིག་ལ་ད་ལྟའི་བར་དུ་འདི་འདྲའི་འགྲོ་སྟངས་ཁུངས་གཏུགས་ས་ནི་ཏུན་ཧོང་གི་ཡིག་རྙིང་དག་ཆགས་ཡོད་པ་དང་། ཐ་སྙད་བརྒྱ་ཆའི་མང་ཤོས་ཤིག་ཐག་གཅོད་བྱུང་ཐུབ་པ་འདི་ཡིས། མ་འོངས་པར་ལྟ་བདེ་བ་ཞིག་ཡོང་གི་རེད། ལྷག་པར་དུ་ལས་ཀ་བྱེད་མཁན་མང་ཆེ་ཤོས་གྲྭ་བ་ཡིན་པ་དང་། ང་ཚོའི་ལུང་རྟོགས་ཀྱི་བསྟན་པ་འདི་གནས་དགོས་ན་དེང་སང་གི་བརྡ་འཕྲིན་གྱི་སྡིངས་ཆར་འགྲོ་དགོས་པ་དང་། ང་ཚོའི་སྐབས་ཐོག་འདི་ནི་ཧ་ཅང་གི་གནད་འགགས་ཆེན་པོ་ཡིན་པ་དང་། ད་ལྟ་ང་ཚོས་སོ་སོས་མ་ཤེས་པ་དེ་འདྲི་ས་ཞིག་ཡོད་པ་རེད། ང་ཚོ་རྒན་རྒོན་ཆགས་དུས་ང་ཚོར་འདྲི་ས་ཆགས་ཀྱི་ཡོད་དུས་ང་ཚོས་འགན་འཁུར་དགོས་པ་གལ་ཆེན་རེད། ཅེས་བརྗོད་སོང་།

སྐུ་མགྲོན་གཙོ་བོ་ཤེས་ལྷན་འགན་འཛིན་ཚེ་རིང་བསམ་འགྲུབ་ལགས་ཀྱིས་Tibet-Tseringtsamdub-2017འབྲེལ་ཡོད་གཏམ་བཤད་གནང་དོན། དགེ་བཤེས་སྨོན་ལམ་ལགས་ཀྱིས་སྨོན་ལམ་ཡིག་གཟུགས་རིམ་པའི་ཐོན་རིམ་གྱིས་མི་མང་པོ་ཞིག་ལ་ཕན་ཐོག་ཡོད་པ་དང་དུས་རབས་ཀྱི་སྡིངས་ཆ་དང་མཐུན་པ་ཞིག་ཏུ་བསྐྱལ་སོང་བསམ་གྱི་ཡོད། དེ་མིན་དགེ་བཤེས་ལགས་ཀྱིས་སྨོན་ལམ་སྒྲ་གདངས་ཤིག་བཟོས་ཡོད་པ་དེ་ཡང་སློབ་གྲྭ་ཁག་ཏུ་འགྲེམས་སྤེལ་ཞུས་ཡོད་ལ། ང་ཚོས་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱས་པའི་བརྒྱུད་རིམ་ལ་ཡང་ཧ་ཅང་གིས་ཐུགས་ཕན་ཆེན་པོ་བྱུང་སོང་། རང་ཉིད་ཀྱི་ཉམ་མྱོང་ལྟར་ན། ཕྱི་ལོ་༢༠༠༠ལོ་ནས་གངས་སྐྱིད་ལས་ཁུངས་སུ་ཞུགས་པ་ཡིན། སྐབས་དེར་ལས་ཁུངས་སོ་སོས་ཕན་ཚུན་ལ་ཁ་པར་བཏང་སྟེ་དག་ཆ་གང་ཡིན་གྱི་སྐད་ཆ་འདྲི་སྲོལ་ཡོད་པ་དེ་ཡང་ད་ལྟའི་རིང་ལ་མེད་པ་ཞིག་ཏུ་གྱུར་བ་ནི་སྨོན་ལམ་ཚིག་མཛོད་ཀྱི་དྲིན་རེད། ཅེས་འགྲེལ་བརྗོད་གནང་སོང་།

འདི་ག་གསར་འགོད་པས་དགེ་བཤེས་སྨོན་ལམ་ལགས་སུ་ཐེངས་འདིའི་བགྲོ་གླེང་སྐབས་ཀྱི་བརྡ་ཆད་རིག་པའི་སྒྲིག་རིམ་ལ་དཀའ་ངལ་ཆེ་ཤོས་གང་ཡིན་པ་དང་། དེ་སེལ་བར་ཐབས་ཤེས་ག་རེ་རག་ཡོད་པའི་སྐོར་ལ་བཅར་འདྲི་ཞུས་ལན་དུ། ཁོང་གིས་དཀའ་ངལ་སྐོར་ནས་བརྗོད་དོན། ང་ཚོའི་བོད་སྐད་ཡིག་སྟེངTibet-Tenkong-2017་དུ་བརྡ་ཆད་གཏན་འབེབ་ཚད་ལྡན་ཞིག་མེད་པ་དང་། ཡོད་པ་དེ་ནི་ཝ་རཱ་ཎཱ་སི་རུ་བོད་ཀྱི་དཀར་ཆག་རིག་པའི་ལག་དེབ་ཅེས་པ་ནི་ཡག་ཤོས་ཤིག་རེད། བོད་ནང་དུ་དུང་དཀར་རིན་པོ་ཆེ་ཡིས་དཔེ་མཛོད་སྐོར་ལ་རྩོམ་ཞིག་བྲིས་པའི་ནང་གི་དཀར་ཆག་རིག་པ་དེ་ཡང་ཚད་ལྡན་ཞིག་མ་རེད། དཀར་ཆག་རིག་པའི་ནང་དུ་སླེབས་ན་བརྡ་ཆད་ཅིག་ཆགས་ཀྱི་ཡོད་པ་དང་། ད་ལྟ་ང་ཚོའི་ངོས་ནས་རྩ་བའི་དབྱེ་བ་༡༦ཞིག་བགར་བ་གཞིར་བཞག་སྟེ་གོམ་པ་དང་པོ་སྤོ་བཞིན་ཡོད། རྒྱལ་སྤྱིའི་སྒང་ནས་ཀྱང་བོད་བརྒྱུད་ནང་བསྟན་གྱི་བརྡ་ཆད་ཐ་སྙད་གཏན་འབེབ་བྱས་པ་ཞིག་མེད་པས། ས་བོན་ཞིག་བཏབ་པ་འདིའི་ཐོག་རིམ་བཞིན་ཞིབ་འཇུག་བྱས་ཡོང་ན། མཁས་པ་ཡིན་པ་གཅིག་པུས་ཕན་ཐོག་མེད་པར་ཉམ་མྱོང་དང་ཐབས་ལམ་ཞིག་དགོས་ཀྱི་འདུག དེ་བས་ཐེངས་འདིའི་ཚོགས་འདུ་ནི་དམིགས་གསལ་གྱི་ཆོས་བརྒྱུད་ཁག་གི་བརྡ་ཆད་རིག་པ་གཏན་འབེབ་སྐོར་ལ་བགྲོ་གླེང་ཡིན། ཞེས་དང་།

གཞན་ཡང་ཁོང་གིས་དཀའTibet-tibetan-2017་ངལ་སེལ་པའི་ཐབས་ལམ་སྐོར་ནས་བརྗོད་དོན། གཞུང་ལུགས་ཀྱི་ཆེད་སྤྱོད་ཐ་སྙད་ནི་ལས་སླ་བོ་འདུག་མོད། ཐ་སྙད་ཁ་ཤས་གོ་དོན་མ་འདྲ་བར་འགྱུར་འགྲོ་བ་སོགས་ནི་ཐ་སྙད་དེའི་འབྱུང་ཁུངས་བཙལ་ཏེ་བང་རིམ་སྒྲིག་ནས་འགྲོ་བ་མ་གཏོགས་ཐབས་ཤེས་གཞན་མེད་པ་དང་། རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ཐོག་བསམ་ཚུལ་བསྡུ་ལེན་དང་གཙུག་ལེགས་སློབ་གྲྭ་མང་པོ་ཞིག་ལ་བཀྲམ་ནས་ཞིབ་འཇུག་བྱེད་ཀྱི་ཡོད། སྐོང་ཚོགས་འདིའི་ཐོག་ཆོས་བརྒྱུད་ཁག་གི་རྩོམ་སྒྲིག་མི་སྣ་དང་མཉམ་དུ་གྲོས་བསྡུར་བྱས་ཏེ་བསམ་ཚུལ་བསྡུ་རུབ་བྱེད་ཀྱི་ཡིན། ཞེས་བརྗོད་སོང་པ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།