དགོངས་ཚུལ།

གསུམ་བཅུའི་དུས་དྲན་ཐེངས་༥༨པ་བརྩི་སྲུང་བྱས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༣།༡༠ཉིན་སྤེལ།   དེ་རིང་ནི་བོད་ཀྱི་རྒྱལ་ས་ལྷ་སར་ཕྱི་ལོ༡༩༥༩ལོར་བོད་ཆོལ་ཁ་གསུམ་གྱི་བོད་མི་སེར་སྐྱ་ཕོ་མོ་རྒན་གཞོན་སྟོང་ཕྲག་མང་པོས་མ་གྲོས་བསམ་པ་གཅིག་མཐུན་གྱི་སྒོ་ནས་རྒྱ་དམར་གཞུང་གི་བཙན་བཟུང་ལ་ཞི་བའི་སྒེར་ལངས་བྱས་ནས་ལོ༥༨འཁོར་བའི་དུས་དྲན་གྱི་ཉིན་མོ་ཆགས་ཀྱི་ཡོད།

Tibet-Uprising Day-2017བཞུགས་སྒར་ངྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་རྭ་བར་བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བོད་མི་སེར་སྐྱ་ཡོངས་ནས་མ་གྲོས་བསམ་པ་གཅིག་མཐུན་གྱིས་རྒྱ་དམར་བཙན་འཛུལ་བྱས་པར་ཞི་རྒོལ་ཆེད་རང་དབང་སྒེར་ལངས་བྱས་པའི་དུས་དྲན་ཐེངས་ ༥༨གཞུང་འབྲེལ་ངོས་ནས་བརྩི་སྲུང་བྱས་སོང་།  ཁོང་རྣམ་པ་གསུམ་ནི་ཨི་ཊ་ལི། ལྷོ་ཊི་རོལ་གྱི་སྲིད་འཛིན་སྐུ་ཞབས་ Dr Arno Kompatscher མཆོག་དང་། ཕ་རན་སིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་སྐུ་ཞབས་ Michel Raison མཆོག ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་ Consiglio མཆོག་བཅས་ཡིན་འདུག
ད་ལམ་གསུམ་བཅུའི་དུས་དྲན་གྱི་མཛད་སྒོའི་ཐོག་ཏུ་རྒྱལ་ཁབ་མི་འདྲ་བ་གསུམ་ནས་ཕེབས་པའི་སྐུ་མགྲོན་རྣམ་པ་གསུམ་ཕེབས་ཡོད་ལ།  ཁོང་གསུམ་གྱིས་བོད་དོན་འབྲེལ་ནས་གསུང་བཤད་ཀྱང་གནང་སོང་།  ཁོང་གསུམ་ནི་ཨི་ཊ་ལིའི། ལྷོ་ཊི་རོལ་གྱི་སྲིད་འཛིན་སྐུ་ཞབས་ Dr Arno Kompatscher མཆོག་དང་། ཕ་རན་སིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་སྐུ་ཞབས་ Michel Raison མཆོག   ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་ Consiglio མཆོག་བཅས་སོ།།

Tibet-Uprising Day---2017དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་༡༠ཐོག་གཞུང་འབྲེལ་གྱི་མཛད་སྒོ་དངོས་གཞི་དབུ་འཛུགས་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། རང་དབང་ཅན་གྱི་ལས་ཁུངས་ཁག་གི་འགན་འཛིན་རྣམ་པ། བོད་མི་མང་སྤྱི་འཐུས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། དེ་བཞིན་སྲི་ཞུའི་ལས་བྱེད་རྣམ་པ། སྡེ་ཚན་ཁག་གི་འགན་འཛིན་རྣམ་པ།གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་འགན་འཛིན་དང་སེར་སྐྱ་མི་མང་། སློབ་ཕྲུག་སོགས་ཁྱོན་མི་གྲངས་སྟོང་ཕྲག་བརྒལ་བ་འདུ་འཛོམས་ཐོག་མཛད་སྒོ་དངོས་གཞི་དབུ་འཛུགས་ཀྱི་ཚང་མ་སྐུ་བཞེངས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་སྐབས། རྡ་སྟེང་བོད་ཁྱིམ་སློབ་ཕྲུག་རྣམས་ཀྱིས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་སོང་།

tibet-Uprising Day --2017དེ་ནས་བོད་དང་བོད་མིའི་རྩ་དོན་ཆེད་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་བའི་རྒྱལ་གཅེས་པ་ཕོ་མོ་རྣམས་ཀྱི་བཀའ་དྲིན་རྗེས་དྲན་དང་མྱ་ངན་གུས་འདུད་སླད་ངག་བཅད་སྐར་མ་གཅིག་ཞུས་གྲུབ་པ་བསྟུན་རྡ་སྟེང་བོད་ཁྱིམ་སློབ་གྲྭས་རྔ་རོལ་དང་བཅས་གསུམ་བཅུའི་དྲན་གླུ་བཏང་།
དེ་ནས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་༡༩༦༠ནས་༢༠༡༡་བར་གསུམ་བཅུའི་དུས་དྲན་སྐབས་སོ་སོར་སྩལ་བའི་གསུང་འཕྲིན་བོད་དབྱིན་སྐད་ཡིག་གཉིས་ཐོག་ཕྱོགས་སྒྲིག་ཞུས་པའི་ཕྱག་དེབ་དཔལ་ལྡན་སྲིད་སྐྱོང་མཆོག་ནས་དབུ་འབྱེད་གནང་སོང་།

དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་གནང་གྲུབ་མཚམས། གཞུང་འབྲེལ་སྐུ་མགྲོན་ཨི་ཊ་ལི། ལྷོ་ཊི་རོལ་གྱི་སྲིད་འཛིན་སྐུ་ཞབས་ Dr Arno Kompatscher མཆོག་དང་། ཕ་རན་སིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་སྐུ་ཞབས་ Michel Raison མཆོག ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་ Consiglio མཆོག་བཅས་ཀྱིས་གསུང་བཤད་གནང་སོང་།

Tibet-Uprising Day0-2017དེ་ནས་བོད་མིའི་ཆབ་སྲིད་ཀྱི་དབུ་འཁྲིད་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བཀའ་ཤག་གི་གསུང་བཤད་གནང་སོང་།
དེ་ནས་རྡ་སྟེང་བོད་ཁྱིམ་སློབ་གྲྭས་བདེན་ཚིག་སྨོན་ལམ་གསུང་བསྐུལ་དང་འབྲེལ་ཚང་མ་སྐུ་བཞེངས་ཐོག་ཕྱག་གཉིས་ཐལ་མོ་སྦྱར་ཏེ་མཉམ་དུ་འུར་འདོན་གནང་སྟེ་གཞུང་འབྲེལ་མཛད་སྒོ་གྲོལ་སོང་།
དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པ་ལྔའི་གོ་སྒྲིག་འོག་བཞུགས་སྒར་ངྷ་རམ་ལ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནས་ཀ་ཅཱ་རིའི་བར་དུ།  རང་རིག་སེར་སྐྱ་མི་མང་དང་གཞན་ཡུལ་གྲུ་ཁག་ནས་ཕེབས་པའི་བོད་དོན་རྒྱབ་སྐྱོར་བ་སྟོང་ཕྲག་ལྷག་ཞི་བའི་གོམ་བགྲོད་བྱས་སོང་།  ཀ་ཅཱ་རི་ནས་མི་མང་སེར་སྐྱ་མང་པོ་འདུ་འཛོམས་ཐོག བོད་ཀྱི་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་གཅེས་པའི་ལུས་སྲོག་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ་མྱ་ངན་ངག་བཅད་སྐར་མ་གཅིག་རིང་བྱས་རྗེས།  གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་དང་ཚོགས་གཞོན་རྣམ་པས་གསུམ་བཅུ་དུས་དྲན་དང་འབྲེལ་ནས་གསུང་གནང་སོང་།

གསར་འགོད་པ།  ཆོས་ཉིད་དང་བསྟན་འཛིན་ཆོས་གྲགས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།