དགོངས་ཚུལ།

ནོར་གླིང་ཁང་དབུ་བརྙེས་ནས་ལོ་ངོ་༢༡འཁོར་བའི་མཛད་སྒོ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༣།༠༩ཉིན་སྤེལ། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དབུ་བརྙེས་ནས་ལོ་ངོ་༢༡འཁོར་བའི་མཛད་སྒོ་འཚོགས་སོང་།

Tibet-HHDalailama-2017དེ་རིང་སྔ་དྲོ་ཚོུད་༨ཐོག  ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ངྷ་སའི་ཉེ་འདབས་སུ་ཡོད་པའི་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དབུ་བརྙེས་ནས་ལོ་ངོ་༢༡དང་། དེ་གར་བཞེངས་བསྐྲུན་བྱས་པའི་༧རྒྱལ་བའི་འཁྲུངས་རབས་ཞལ་ཐང་། གངས་ཅན་ཤེས་རིག་དཔར་བསྐྲུན་ཐོག་མ་བཅས་ཀྱི་དབུ་འབྱེད་ཐོག་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར་ནོར་གླིང་བདེ་ལྡན་གཙུག་ལག་ཁང་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་སོང་།

དེ་ཡང་གོང་ཚེས་ཉིན་གྱི་མཛད་སྒོའི་ཐོག  ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་སྐུ་མགྲོན་གཙོ་བོ་མང་གཙོ་ཀ་བ་གསུམ་མཛད་གཙོ་རྣམ་པ་དང་བོད་མི་མང་སྤྱི་འཐུས་རྣམ་པ། བཀའ་ཟུར་དང་འབྲེལ་ཡོད་ཀྱི་ལས་མི་གལ་ཆེན། ནོར་གླིང་རང་གི་ལས་ཁུར་གཙོ་བོ་དང་ལས་བྱེད་ཡོངས། ཕྱོགས་མཐའ་ཁག་ནས་ཕེབས་པའི་སྐྱ་སེར་ཕོ་མོ་དང་ཡུལ་གྲུ་གཞན་གྱི་མི་སྣ་བཅས་མི་མང་༡༠༠༠ལྷག་ཅིག་གི་འདུ་འཛོམས་གནང་སོང་།

དེ་བཞིན་དུ་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ངེས་སྟོན་པ་བཀའ་བློན་ཁྲི་ཟུར་སྐལ་བཟང་ཡེ་ཤེས་ལགས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོར་རྟེན་གསུམ་འདེགས་འབུལ་ཞུས་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དེ་དཔར་བསྐྲུན་བྱས་པའི་གངས་ཅན་ཤེས་རིག་བང་མཛོད་དབ་ཕྲེང་བཅུ་གཅིག་ཅན་ཞིག་དབུ་འབྱེད་དང་། ༧གོང་ས་མཆོག་གིས་ནོར་གླིང་བོད་ཀྱི་རིག་གནས་ཆེས་མཐོའི་སློབ་གྲྭའི་སྐབས་དང་པོ་ནས་དྲུབ་པའི་བར་གྱི་སློབ་ཟུར་ཐུན་མོང་གིས་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ངེས་སྟོན་པ་བཀའ་བློན་ཁྲི་ཟུར་སྐལ་བཟང་ཡེ་ཤེས་མཆོག་ལ། གང་ཉིད་ཀྱིས་བོད་གཞུང་མང་གཉིས་ཀར་ཞབས་འདེགས་རླབས་ཆེན་གནང་བ་དང་། ཁྱད་པར་དུ་ཀེམ་ཡེ་ཤེས་མཆོག་ནས་ཁྲི་ཟུར་ཁོང་དང་ཕྱར་གྲུ་མཉམ་འདེགས་ཀྱིས་ནོར་གླིང་མཐོ་སློབ་དབུ་འཛུགས་བྱས་ཏེ། ད་ལྟའི་བར་སློབ་ཕྲུག་སྐྱེད་སྲིང་ཐེངས་དྲུག་གནང་བ་དང་། དེང་ཐེངས་བདུན་པ་འགྲོ་བཞིན་པ་བཅས་སུ་ཐུགས་རྗེ་ཆེ་ཞུ་བའི་གཟེངས་རྟགས། སྒྲོན་མའི་སྐུ་འབྲིང་ཙམ་དང་དངུལ་གྱི་མཆོད་རྐོང་བཅས་ཕྱགས་བསྟར་བཀའ་དྲིན་བསྐྱངས་གནང་སོང་།

དེ་རྗེས་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་བཀའ་རྒྱུད་དོན་འགྲུབ་མཆོག་གིས་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ངེས་སྟོན་པ་བཀའ་བློན་ཁྲི་ཟུར་སྐལ་བཟང་ཡེ་ཤེས་མཆོག་ལ། གང་ཉིད་ཀྱི་བོད་ཀྱི་རིག་གཞུང་འཛིན་སྐྱོང་སྤེལ་བའི་ཐད་ཞབས་འདེགས་རླབས་ཆེན་དང་། ཁྱད་པར་དུ་ནོར་གླིང་མི་ངམང་ཡོངས་ལ་གཟིགས་སྐྱོང་རླབས་པོ་ཆེ་བསྐྱངས་དང་སྐྱོང་མུས་ལ་ཐུགས་རྗེ་ཆེ་ཞུ་བའི་གཟེངས་རྟགས་ནོར་གླིང་མི་མང་ནས་ཕུལ་བ་ཕྱག་བསྟར་གནང་སོང་།

དེ་བཞིན་དཔལ་སྲིད་སྐྱོང་མཆོག་གིས་ལོ་ངོ་༢༠རིང་ཞབས་འདེགས་སྒྲུབ་པའི་ལས་བྱེད་གྲངས་༡༩ལ་སྟོན་སྐུ་གདན་དང་བཅས་པའི་གཟེངས་རྟགས་ཕྱགས་བསྟར་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་ལོ་ངོ་༡༠རིང་ཞབས་འདེགས་སྒྲུབ་པའི་ལས་བྱེད་གྲངས་༦༢ལ་སྟོན་སྐུ་གདན་དང་བཅས་པའི་གཟེངས་རྟགས་ཕྱག་བསྟར་གནང་སོང་།

གཞན་ཡང་ཆོས་རིག་དྲུང་ཆེ་བསྟན་འཛིན་ལུང་རྟོགས་མཆོག་ནས་སྐབས་དྲུབ་པའི་ནོར་གླིང་མཐོ་རིམ་སློབ་ཕྲུག་གྲངས་༡༩ལ་བསླབ་པ་མཐར་སོན་གྱི་ཕྱག་འཁྱེར་གནང་སོང་།

དེ་མིན་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ངེས་སྟོན་པ་བཀའ་བློན་ཁྲི་ཟུར་སྐལ་བཟང་ཡེ་ཤེས་མཆོག་གིས་ཐོག་མར་༧གོང་ས་མཆོག་ལ་གུས་འཚམས་ཀྱི་ཤིས་བརྗོད་སྔོན་བཏང་ནས། དེ་ག་ལྟེ་གནས་ཀྱི་ལས་དོན་ཆེ་ཆུང་གསུམ་གང་ཡིན་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཆེད་ཡིན་པ་དང་། མ་འོངས་པར་ཡང་དུས་ཀྱི་འགྱུར་བ་དང་བསྟུན་སྟེ་ཡར་རྒྱས་གོང་འཕེལ་དུ་གཏོང་གི་ཡིན་པ། ད་ལྟའི་ཆར་འདི་གའི་གླ་ཕོགས་མཐོ་ཤོས་ཟླ་རེར་སྒོར་༤༩༢༠༠དང་། དམའ་ཤོས་ལ་སྒོར་༩༠༠༠སྤྲོད་བཞིན་པ། མཐོ་རིམ་སློབ་གཉེར་ཁང་ལ་ཉལ་ཁང་དང་སྔ་དགོང་གུང་གསུམ་གྱི་འཚོ་བ་སྦྱར་མུས། བྱིས་གཉོར་ཁང་ལ་མཐུན་རྐྱེན་སྦྱོར་གྱི་ཡོད་པ་སོགས་ཀྱི་སྐོར་ནས་འགྲེལ་བརྗོད་ལྷུག་པོར་གནང་སོང་བ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།