དགོངས་ཚུལ།

བཀྲ་ཤིས་ནོར་བུ་ལགས་ཀྱི་རི་མོ་རྒྱ་ནག་གི་སྟངས་འཛིན་འོག་ཏུ་ལྷུང་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༣།༠༢ཉིན་སྤེལ། རི་མོའི་སྒྱུ་རྩལ་པ་བཀྲ་ཤིས་ནོར་བུ་ལགས་ཀྱི་རི་མོའི་འགྲེམས་སྟོན་ཞིག་རྒྱ་ནག་གཞུང་གིས་བཀག་འགོག་བྱས་ཡོད་འདུག

Tibet-Tashi Norbu-2017དེ་རིང་སྔ་དྲོའི་ཚོུད་༡༠།༤༠ཐོག བཞུགས་སྒར་ངྷ་སར་ཡོད་པའི་Moonpeakཇ་ཁང་དུ། རི་མོའི་སྒྱུ་རྩལ་པ་བཀྲ་ཤིས་ནོར་བུ་ལགས་ཀྱིས་ཁོང་གི་རི་མོའི་འགྲེམས་སྟོན་ཞིག་མེ་ཁཱོའམ་ཨོ་མན་ Macao དུ་གདན་འདྲེན་ཞུས་པ་བཞིན་སོང་ཡོད་ཀྱང་། གནམ་ཐང་ནས་ཕྱིར་ལོག་དགོས་བྱུང་སོང་བའི་གནས་ཚུལ་ཞིག་གི་སྐོར་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང

དེ་ཡང་ཁོང་གིས་བརྗོད་པ་ལྟར་ན། ད་ཐེངས་ཀྱི་རི་མོའི་འགྲེམས་སྟོན་འདི་བཀག་འགོག་བྱས་པ་ནི་རི་མོའི་ནང་དུ། སྟོན་པ་མེ་འབར་ཞིག་དང་གྲྭ་བ་མེ་འབར་གཉིས་ཡོད་པའི་རྐྱེན་མིན་འགྲོ་བསམ། ཅེས་དང་།

གཞན་ཡང་ཁོང་གིས་དེ་དང་འབྲེལ་ཡོད་ཀྱི་གནས་ཚུལ་བརྗོད་དོན། འདི་ལོའི་ཕྱི་ཟླ་༠༢ཚེས་༢༦ཉིན། ཨོ་མན་གྱི་གནམ་ཐང་ནས་ཕྱིར་ལོག་དགོས་བྱུང་བ་དང་། སྤྱིར་བཏང་ང་རང་གིས་ངོས་ནས་བོད་དོན་དང་འབྲེལ་བའི་རི་མོའི་སྒྱུ་རྩལ་ཞིག་སྤེལ་གྱི་ཡོད་ཙང་། ད་རེས་ཀྱི་རི་མོའི་འགྲེམས་སྟོན་བཀོད་སྒྲིག་བྱས་པ་འདི་ནག་གསུབ་ཆགས་པ་ཞིག་རེད། ལོ་སྔོན་མའི་ཕྱི་ཟླ་༤བའི་ནང་དུ། ངས་ཨོ་མན་རི་མོའི་འགྲེམས་སྟོན་གཅིག་བྱས་མྱོང་ཡོད་ལ། ང་རང་གི་ངོས་རི་མོ་འབྲི་དུས་ཕྱོགས་ཚང་མར་ཁྱབ་པའི་དབུ་མའི་ལམ་ཞིག་ཏུ་འགྲོ་ཡི་ཡོད། དེ་མིན་ངའི་རི་མོ་དེས་རྒྱ་ནག་གཞུང་ལ་ཤུགས་རྐྱེན་ཞིག་སླེབས་ཀྱི་ཡོད་པ་ཚོར་དུས་དམིགས་གསལ་གྱིས་སེམས་ཤུགས་ཆེན་པོ་བསྐྱེད་སོང་། ཞེས་དང་།

ད་དུང་ཁོང་གིས་བརྗོད་དོན། བལ་ཡུལ་རྒྱལ་ཁབ་ཀྱི་སྲིད་བློན་གྱི་སྐྱེས་དམན་གྱིས་རི་མོའི་འགྲེམས་སྟོན་ཞིག་བཀོད་སྒྲིག་བྱས་པ་དེ་ནི་ཕྱིར་འཐེན་བྱེད་དགོས་སོང་ཡོད་པ་རེད། དེ་བས་ལྡི་ལི་ནས་རི་མོའི་འགྲེམས་སྟོན་བྱེད་ཀྱི་ཡིན་ཞེས་བརྗོད་སོང་།

བཀྲ་ཤིས་ནོར་བུ་ལགས་ནི། རྒྱ་གར་གྱི་ཊལ་ཧོར་སློབ་གྲྭ་དང་མ་སུ་རི་སོགས་ཀྱི་སློབ་གྲྭ་འགྲིམས་ཤིང་། ཁོང་རང་ཆུང་དུས་ནས་རི་མོ་འབྲི་བར་དགའ་སྤོབས་ཞེ་དྲག་ཆེ་བས་ན། སྤྱི་ཚོགས་ཁྲོད་དུ་རི་མོ་འབྲི་མཁན་ནི་ཆེས་སློབ་སྦྱོང་མེད་པའི་སྣང་ཚུལ་དེར་གདོང་ལེན་བྱས་ཏེ་རང་གི་དགའ་ཕྱོགས་ཀྱི་འདོད་མོས་སུ་མདུན་བསྐྱོད་བྱས་ཡོད་པ་དང་། ད་ལྟའི་དུས་ཁོང་གི་གནའ་དེང་ཟུང་སྦྲེལ་གྱི་རི་མོའི་སྒྱུ་རྩལ་གྱི་ལམ་བུ་ནི་ཡངས་ཤིང་རྒྱ་ཆེ་ལ། ལྷག་པར་དུ་ཆ་འཕྲིན་གྱི་ལམ་དུ་འཛམ་གླིང་གང་སར་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་ཞིག་དང་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།