ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

དུངས་བརྗོད་སྒྲུང་དེབ་ཅིག་དབུ་འབྱེད་བྱས་སོང་།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༢།༢༤ཉིན་སྤེལ།  
༼བྱ་དེ་ཁྲུང་ཁྲུང་དཀར་མོ།།   གཤོག་རྩལ་ང་ལ་གཡོར་དང་།།༽ཞེས་པའི་དེབ་ཞིག་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུ་འབྱེད་བྱས་སོང་།

Tibet-Lunched book-2017བོད་ཀྱི་སྨན་པ་ཚེ་དབང་ཡེ་ཤེས་སྤེན་པ་ལགས་ཀྱིས་དངོས་བྱུང་ལོ་རྒྱུས་གཞིར་བཟུང་སྟེ་གསར་བརྩམས་བྱས་པའི་སྒྲུང་རྩོམ་དེབ་ཅིག་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་དབུ་འབྱེད་མཛད་སྒོ་བསྡུས་སོང་།

སྒྲུང་རིང་དེབའདིའི་དབུ་འབྱེད་མཛད་སྒོའི་ཐོག་ཏུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་འབུམ་རམས་པ་བློ་བཟང་སེང་གེ་མཆོག་དང་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས།  རྩོམ་པ་པོའི་བུ་མོ་སྤེན་པ་ལྷ་མོ་བཅས་ཉམས་ཞུགས་གནང་སོང་།

དེ་ཡང་སྤེན་པ་ལྷ་མོ་ལགས་ཀྱིས་ཁོང་མོའི་ཕ་ཚེ་དབང་ཡེ་ཤེས་སམ་སྒྲུང་རིང་དེབ་འདིའི་རྩོམ་པ་པོ་ངོ་སྤྲོད་གནང་པ་ལྟར་ན། སྨན་པ་ཚེ་དབང་ཡེ་ཤེས་སྤེན་པ་ལགས་ནི་ ༡༩༣༢ ལོར་བོད་ཀྱི་ས་ཆ་རྒྱང་རྩེར་སྐུ་འཁྲུངས་ཤིང་ ༢༠༡༡ ལོའི་ཟླ་ ༡༡ ཚེས་ ༢༦ ཉིན་སྐུ་གྲོངས་ཡོད་པ་དང་། སྔོན་ཆད་རྒྱ་གར་དར་རྒྱས་གླིང་ནས་སློབ་སྦྱོང་གནང་ཡོད་འདུག  ཕྱིས་སུ་ལོན་ཌོན་གཙུག་ལག་སློབ་ཆེན་དུ་ཕེབས་ནས་ཕྱི་ལུགས་གཤག་བཅོས་རབ་འབྱམས་པ་ (MBBS) ཞེས་པའི་མཚན་རྟགས་བཞེས་ཡོད་འདུག ལོན་ཌོན་གཙུག་ལག་སློབ་ཆེན་གྱི་གཤག་བཅོས་ཚན་པས་ཁོང་ལ་ (Hallet Prize) ཞེས་པའི་གཟེངས་རྟགས་ཤིག་ཀྱང་གནང་ཡོད་འདུག

Tibet-auther-2017སྤྱིར་ཚེ་དབང་ཡེ་ཤེས་སྤེན་པ་ལགས་ཀྱིས་དེ་སྔ་དབྱིན་ཡིག་ནང་དེབ་གཉིས་བྲིས་ཡོད་ཅིང་། ༡༩༥༧ ལོར་ཁོང་གི་མཛད་རྣམ་ཕྱག་དེབ་ Young Days in Tibet ཞེས་པ་དང་།  ༡༩༦༦ ལོར་སྒྲུང་དེབ་ Idols on the Pathཞེས་པ་བྲིས་ཡོད་པ་དང་། བྱ་དེ་ཁྲུང་ཁྲུང་དཀར་མོ།།  གཤོག་རྩལ་ང་ལ་གཡོར་དང་།།  ཞེས་པའི་དེབ་འདི་ནི་ཁོང་གི་དེབ་ཕྲང་གསུམ་པ་དེ་ཡིན་འདུག  

དེབ་འདིའི་འབྲི་སྟངས་ནི་ལོ་རྒྱུས་གཞི་བཞག་གིས་བྲིས་པའི་དུངས་བརྗོད་བརྩམས་སྒྲུང་ཞིག་ཡིན་ལ་ཤོག་ངོས་ ༤༦༨ ཡོད།
དེབ་འདིའི་ནང་གི་མི་སྣ་ནི་ཨ་རི་ནས་ཡེ་ཤུ་ཆོས་སྤེལ་མཁན་གཉིས་བོད་ཀྱི་ས་ཁུལ་ཉག་རོང་དུ་སླེབས་ཏེ།  ས་དེ་གའི་དཔོན་པོའི་བུ་དང་མཛའ་མཐུན་བྱུང་བ་དང་། སྐབས་དེར་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པའི་ལོ་རྒྱུས་སྤྱི་དང་བྱེ་བྲག་གིས་གཞུང་བསྲིངས་ཏེ་འབྲི་བཞེངས་བྱས་ཡོད་འདུག  
དེབ་འདིའི་མིང་ལ་ཞེས་འདོགས་དོན་ནི་རྒྱལ་དབང་སྐུ་ཕྲེང་བདུན་པ་ཚང་དབྱངས་རྒྱལ་མཚོ་མམཆོག་ཁམས་ལི་ཐང་ནས་སྐུ་འཁྲུངས་ཡོད་པ་དང་། རྩེད་གྲོགས་ཀྱི་གཏམ་བརྒྱུད་དེའང་ཁམས་ཕྱོགས་ནས་བྱུང་ཡོད་སྟབས། སྒྲུང་དེབ་ཀྱི་མིང་ལའང་དེ་ལྟར་བཏགས་རབས་འདུག

Tibet-news book-2017མཛད་སྒྲོའི་ལས་རིམ་མཐའ་མར།  སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས། རྩོམ་པ་པོའི་བུ་མོ་སྤེན་པ་ལྷ་མོ་ལགས་དང་སྙན་ངག་པ་བུ་ཆུང་བསོད་ནམས་ལགས། སྒྲུང་དེབ་དེ་སྒྲ་འཇུག་གནང་མཁན་ལྕམ་སུ་མེ་ཊ་སི་ཧ་གྷལ་ (Summit Sehgal)ལགས་བཅས་ཀྱིས་སྒྲུང་དེབ་དེའི་སྐོར་ལ་བཞུགས་མོལ་བགྲོ་གླེང་ཆུ་ཚོད་གཅིག་ལྷག་གནང་སོང་།

གསར་འགོད་པ།  བསྟན་འཛིན་ཆོས་གྲགས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།