བོད་ཀྱི་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་གྱི་ཚོགས་ཆེན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༢།༢༡ཉིན་སྤེལ།   བོད་ཀྱི་བུད་མེད་རྣམས་ལ་སྔར་མེད་ཀྱི་ཐོབ་ཐང་ཞིག་གསར་དུ་སྤྲོད་པ་མིན་པར་སྔར་ཡོད་པ་དེ་གོང་སྤེལ་གྱི་ལས་རིམ་ཞིག་སྤེལ་གྱི་ཡིན། ཅེས་བཀའ་བློན་མཆོག་གིས་བརྗོད་སོང་།

Tibet-Women-2017ཕྱི་ཚེས༢༡ཉིན་གྱི་ཞོགས་པའི་ཆུ་ཚོད་༩།༠༠ཐོག     དབུས་ནང་སྲིད་ལས་ཁུངས་ཀྱི་གོ་སྒྲིག་འོག  བཞུགས་སྒར་ངྷ་རམ་ས་ལའི་སྨན་རྩིས་ཁང་གི་ཚོགས་ཁང་ནང་བོདཀྱི་བུད་མེད་ནུས་སྟོབས་གོང་སྤེལ་གྱི་ཚོགས་ཆེན་དང་པོ་སྐོང་ཚོགས་དབུ་འཛུགས་གནང་སོང་།  

གོང་ཚེས་ཉིན་གྱི་དབུ་འཛུགས་མཛད་སྒོའི་ཐོག་ཏུ་སྐུ་མགྲོན་གྱི་གཙོ་བོ་དཔལ་ལྡན་སྲིད་སྐྱོང་འབུམ་རམས་པ་བློ་བཟང་སེང་གེ་མཆོག་དང་།    དཔལ་ལྡན་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གཉིས་་གཙོས་པའི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ ། ས་གནས་མི་འདྲ་བ༥༣། མཐོ་སློབ་ཁག་༢༦། ཁྱོན་ཕྱོགས་མཐའ་ཁག་ནས་ཕེབས་པའི་ཚོགས་བཅར་བ༣༤༨མཉམ་ཞུགས་བྱས་སོང་།

Tibet-Kalon-2017དེ་ཡང་ནང་སྲིདབཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས་ཚོགས་ཆེན་ངོ་སྤྲོད་དང་སྦྲགས་ནས།  སྤྱིར་བོད་ཀྱི་ལོ་རྒྱུས་ཁྲོད་དུ་ཕོ་མོ་དབྱེ་འབྱེད་ཀྱི་གནས་སྟངས་རྒྱལ་ཁབ་གཞན་དང་བསྡུར་ན་ཧ་ལམ་མེད་ཅེས་ན་འགྲིག་གི་རེད།  ཡིན་ཡང་།  ས་ཁུལ་ཁ་ཤས་ལ་ཁྱོ་གས་བུད་མེད་ལ་གཅར་རྡུང་བྱེད་པ་སོགས་དུས་རབས་ཀྱི་རྗེས་མ་ཟིན་པ་རེ་ཟུང་ཏན་ཏན་ཡོད་སྲིད།  སྤྱིའི་ཆ་ནས་བོད་ལ་རྒྱ་གར་སོགས་ཀྱི་འགྲོ་ལུགས་ལྟ་བུའི།  ཁྱོ་བོ་ཤི་ན་སྐྱེས་དམན་ཡང་མཉམ་དུ་མེར་སྲེག་བྱེད་པ་ལྟ་བུ་སོགས།  དེ་འདྲའི་ཐབས་སྐྱོ་བའི་རིགས་དེ་བོད་ཀྱི་ལོ་རྒྱུས་ཁྲོད་དུ་བྱུང་མྱོང་ཡོད་པ་མ་རེད།   དེར་བརྟེན་ད་ཐེངས་ཡང་བོད་ཀྱི་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་གྱི་ལས་རིམ་ཞིག་གོ་སྒྲིག་ཞུ་དགོས་དོན་གཙོ་བོ་དེ་ནི།   བོད་ཀྱི་བུད་མེད་ལ་སྔར་མེད་ཀྱི་ཐོབ་ཐང་ཞིག་གསར་དུ་སྤྲོད་པ་མིན་པར་སྔར་ཡོད་པ་དེ་གོང་སྤེལ་གྱི་ལས་རིམ་ཞིག་ཡིན་ཞེས་གསུངས་བཤད་ལྷུག་པོར་བསྩལ་སོང་།

Tibet-Sykong-2017དེ་བཞིན་དཔལ་ལྡན་སྲིད་སྐྱོང་འབུམ་རམས་པ་བློ་བཟང་སེང་གེ་མཆོག་གིས་ཀྱང་སྤྱིར་བུད་མེད་ཀྱི་ནུས་སྟོབས་ནི་བྱམས་བརྩེ་དང་ཞི་བདེ་རང་བཞིན་ཅན་ཞིག་ཡིན་པ་དང་།  དེ་བཞིན་བོད་ཀྱི་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་གཏོང་བ་ནི༡༩༩༤ཟླ༤ཚེས༡ཉིན༧གོང་ས་མཆོག་གིས་བུད་མེད་ལྷན་ཚོགས་ལ་བསྩལ་བའི་བཀའ་གཞི་བཟུང་བྱས་ནས།  རིམ་བཞིན་ཁ་བཤད་ཙམ་མིན་པར་དངོས་སུ་ལག་ལེན་གྱི་སྟེང་ནས་བཀའ་ཤག་སྐབས་བཅུ་བཞི་དང་བཅོ་ལྔས་ཤུགས་བརྒྱབ་དང་རྒྱག་བཞིན་པ་རེད་ལ།  འོང་འགྱུར་གྱི་ཕྱི་ཟླ་༣་ཚེས་༡༢ཉིན་བོད་ཀྱི་བུད་མེད་ཉིན་མོར་གཙི་སྲུང་བྱེད་པར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་གཏན་འབེབས་བྱས་ཟིན་པ་རེད།  དེ་བས་ད་ལམ་ང་ཚོ་ལོ་སར་གྱི་འབྲས་ཆང་བསྙལ་བ་སོགས་རྒྱབ་ཏུ་བཞག་ནས་ཞེས་སྐུ་རྩེད་དང་བཅས་ལས་རིམ་འདི་སྤེལ་དོན་གྱི་དམིགས་ཡུལ་གཅིག་དེ་ཡོང་འགྱུར་གྱི་བུད་མེད་ཉིན་མོ་ལ་དམིགས་པ་རེད།  སྤྱིར་བུད་མེད་ཀྱི་རང་གཤིས་ནི་བྱམས་བརྩེ་དང་ཞི་བདེ་རང་བཞིན་པ་ནི་སོ་སོ་ཨ་མའི་སར་ནས་ཤེས་པ་བཞིན་དང་།  གལ་ཏེ་འཛམ་གླིང་གི་འགོ་ཁྲིད་བུད་མེད་ཅིག་ཡིན་ན་འཛམ་གླིང་ཡང་ཞི་བདེ་ཡོང་བའི་རེ་བ་ཡོད་ཚུལ་སོགས་སྐུ་རྩེད་དང་སྦྲགས་ནས་གསུང་བཤད་ལྷུག་པོར་གནང་སོང་།

སྤྱིར་ལས་རིམ་འདིའི་དུས་ཡུན་ནི་ཕྱི་ཟླ༢ཚེས༢༡ནས་ཕྱི་ཟླ༢ཚེས༢༣བར་རེད་འདུག་ལ་ཚོགས་ཡུན་ཞོགས་པ་ཆུ་ཚོད༩།༠༠ནས་ཕྱི་དྲོའི༤།༠༠ཡན་མན་རེད་འདུག  ཚོགས་སྟངས་ནི་སྔ་དྲོར་བུད་མེད་དང་འབྲེལ་བའི་ཆེད་མཁས་པ་དག་གིས་གཏམ་བཤད་གནང་བ་དང་།  ཕྱི་དྲོར་ཚོགས་བཅར་བ་རྣམས་ཀྱིས་བུད་མེད་དང་འབྲེལ་བའི་བསམ་ཚུལ་འདོན་རྒྱུ་རེད་འདུག་པ་བཅས།

གསར་འགོད་པ།  ཆོས་ཉིད་དང་བསྟན་འཛིན་ཆོས་གྲགས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།