དགོངས་ཚུལ།

དྲུང་ཆེ་ཟུར་པ་སྣར་སྐྱིད་ངག་དབང་དོན་འགྲུབ་ལགས་སྐུ་གཤེགས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༢།༡༧ཉིན་སྤེལ།    བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་ཟུར་པ་ངག་དབང་དོན་འགྲུབ་ལགས་ནད་ཀྱིས་མནར་ཏེ་སྐུ་ཚེ་མ་ཟིན་པ།

བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་ཟུར་པ་སྣར་སྐྱིད་ངག་དབང་དོན་གྲུབ་ལགས་ཉེ་ལམ་ནད་མནར་གྱིས་ལྡི་ལི་ཧོ་ལི་ཕེ་མི་ལི་ Holy family Hospital སྨན་ཁང་དུ་སྨན་བཅོས་ཞུས་ཀྱང་དྭང་བསྐྱེད་མ་བྱུང་བར། ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༡༣ ཉིན་གྱི་དགོང་མོ་ཆུ་ཚོད་ ༩།༠༥ ཐོག་དགོངས་པ་རྫོགས་ཡོད་པ་རེད་འདུག
དཔལ་ལྡན་བཀའ་ཤག་ནས་ཐུགས་ཕམ་དང་སྦྲགས་འདས་པོ་གང་གིས་སྐུ་ཚེ་ཧྲིལ་བོ་བོད་མི་རིགས་ཀྱི་རྩ་དོན་ལ་ཞབས་འདེགས་བསྒྲུབས་པའི་རྗེས་དྲན་སླད་དུ།  
ཕྱི་ཚེས་༡༦ཉིན་གྱི་ཉིན་གུང་ཆུ་ཚོད༢ཐོག་གངས་སྐྱིད་ལས་བྱེད་གསོལ་ཚང་ཡང་ཐོག་གི་གཉའ་ཁྲི་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རངནམ་པས་དབུས་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། དེ་བཞིན་སྲི་ཞུའི་ལས་བྱེད་བཅས་ཚང་འཛོམས་ཐོག་བཀའ་དྲུང་སྟོབས་རྒྱལ་ཚེ་རིང་ལགས་ཀྱིས་དམ་པ་ཁོང་གི་ལོ་རྒྱུས་སྒྲོགས་སྦྱང་གནང་རྗེས་བསྔོ་སྨོན་གསུང་འདོན་དང་།   དམ་པ་ཁོང་ལ་མྱ་ངན་གུས་འདུད་དང་གདུང་སེམས་མཉམ་སྐྱེད་མཚོན་ཆེད་དུ་ཉིན་རྒྱབ་ཆུ་ཚོད༣ནས་གཞུང་འབྲེལ་མྱ་ངན་གུས་འདུད་མཚོན་ཕྱིར་དབུས་ཀྱི་ལས་ཁུངས་ཁག་ལས་མཚམས་བཞག་ཡོད་པ་དང་བཅས།

གསར་འགོད་པ།  བསྟན་འཛིན་ཆོས་གྲགས།

 

 

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།