༧གོང་ས་མཆོག་བཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༢།༡༤ཉིན་སྤེལ།          ༧གོང་ས་མཆོག་གིས་ཉིན་གྲངས་བཅུ་ཕྲག་ཅིག་ལྷག་རྒྱ་གར་ནང་ཁུལ་ལ་མཛད་རྒྱས་ཟབ་རྒྱས་བསྐྱངས་པ།

 

ཕྱི་ལོ༢༠༡༧ཟླ༢ཚེས༡༣ཉིན་གྱི་སྔ་དྲོའི་ཆུ་ཚོད༩།༣༠ཙམ་ལ་༧སྤྱི་ནོར་གོང་ས་སྐྱབས་མགོན་མཆོག་གིས་རྒྱ་གར་རྒྱལ་ས་ལྡི་ལི་དང་ལྷོ་ཕྱོགས་ཨནྡྲ་པར་དེ་ཤིའི་ Andhra Pradesh མངའ་སྡེའི་གྲོང་ཁྱེར་བི་ཇཱ་ཡ་ཝ་ཌ། Vijayawada ཧེ་དར་བྷ་ཏི། Hyderabad དེ་བཞིན་ནང་པའི་གནས་ས་ཨ་མྲཱ་ཝ་ཏི་ Amravati བཅས་སུ་གདན་ཞུས་ལྟར་བསྟན་འགྲོའི་བདེ་ཐབས་ལ་སྨན་པའི་རླབས་ཆེན་གྱི་མཛད་འཕྲིན་ཁག་ལེགས་གྲུབ་བྱུང་སྟེ་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་སོང་།  
དེ་ཡང་མགོན་པོ་མཆོག་ཟླ༢ཚེས༢ཉིན་བཞུགས་སྒར་ནས་ཆིབས་ཐོན་གྱིས་ཕྱི་ཚེས་ ༣ དང་ ༤ བཅས་སུ་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་བིདྱཱ་ལོཀ་ Vidyaloke ཞེས་པའི་རྒྱ་གར་ན་གཞོན་ཤེས་ཡོན་ཚོགས་ཆུང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་གྱིས་ཏལ་ཀ་ཏོ་ར། Talkatora ཞེས་པའི་རྩེད་ཐང་ཆེན་མོར། རྒྱ་གར་གྱི་ན་གཞོན་དད་ལྡན་པ་ཚོར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བཤེས་སྤྲིངས་བཀའ་ཆོས་གནངས།

ཕྱི་ཚེས་ ༥ ཉིན་དེང་རྒྱ་གར་སྤྱི་ཚོགས་ནང་གནའ་བོའི་རྒྱ་གར་སྲོལ་རྒྱུན་གྱི་ལེགས་བཤད་སླར་གསོ། ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ།
ཕྱི་ཚེས་ ༦ ཉིན་རྒྱ་གར་གཞུང་གི་བསྟི་གནས་ཁང་དུ། བདེ་སྐྱིད་ཀྱི་རྩ་བ་ནི་སྙིང་རྗེ་དང་བཟང་སྤྱོད། ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་བ་མ་ཟད།
ཕྱི་ཚེས་ ༧ ཉིན་ཡེ་ཤུའི་བུད་མེད་ཀྱི་མཐོ་སློབ་ཏུ་༸སྐུའི་རླབས་ཆེན་གྱི་མཛད་ཁུར་གཙོ་བོ་གསུམ་གྱི་སྐོར་བཀའ་སློབ་དང་སློབ་ཕྲུག་གི་དྲི་བར་བཀའ་ལན་སྩལ།

ཕྱི་ཚེས་ ༨ ཉིན་ Vivekananda International Foundation
ཞེས་པའི་ཐེབས་རྩ་ཁང་དུ་དེང་སྐབས་འཛམ་གླིང་གི་སྤྱི་ཚོགས་ནང་རྒྱ་གར་སྲོལ་རྒྱུན་གྱི་ལེགས་བཤད་ཀྱི་རིན་ཐང་དང་ཕན་ཐོགས། ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྗེས་ཕྱི་ཚེས་ ༩ ཉིན་རྒྱ་གར་ལྷོ་ཕྱོགས་ཨནྡྲ་པྲདེ་ཤི་མངའ་སྡེའི་གྲོང་ཁྱེར་ཨམྲ་ཝ་ཏིར་ཆིབས་སྒྱུར་བསྐྱངས་ཏེ་ཕྱི་ཚེས་ ༡༠ ཉིན་ཨནྡྲ་པར་དེ་ཤི་མངའ་སྡེའི་སྲིད་གཞུང་དང་གྲོས་ཚོགས་བཅས་ཀྱི་གོ་སྒྲིག་འོག་རྒྱ་གར་རྒྱལ་ཡོངས་བུད་མེད་ཀྱི་གྲོས་ཚོགས་ཕྱི་ལོ་ ༢༠༡༧ National Women’s Parliament 2017 ཞེས་ལོ་རྒྱུས་རང་བཞིན་ལྡན་པའི་ལྷན་ཚོགས་དབུ་འབྱེད་དང་ཕྱི་ཚེས་ ༡༡ ཉིན་རྒྱ་གར་སྐོར་སྲུང་ཉེན་རྟོག་པ་མི་གྲངས་ ༢༠༠ བརྒལ་བར་བཀའ་སློབ། ཕྱི་ཚེས་ ༡༢ ཉིན་ལྷོ་ཨེ་ཤི་ཡའི་ཏཱ་ལའི་བླ་མའི་བཟང་སྤྱོད་ཐེབས་རྩ་ཁང་ Dalai Lama Centre For Ethics and Transformative Values གསར་བཞེངས་ཆེད་རྩིག་རྨང་བཏིང་གནང་མཛད་པ་སོགས་ཀྱི་མཛད་འཆར་ཁག་ལེགས་པར་གྲུབ་རྗེས་ཕྱི་ཚེས་ ༡༣ ཉིན་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་ཡོད་པ་བཅས།།

 

གསར་འགོད་པ།   བསྟན་འཛིན་ཆོས་གྲགས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།