དགོངས་ཚུལ།

"བརྡ་སྤྲོད་ཕྲན་ཚེགས་"ཞེས་པའི་བོད་ཡིག་གི་དེབ་གསར་པ་ཐོན་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧ལོའི་ཟླ་༢ཚེས༡༠ཉིན་སྤེལ། ཨ་རིར་གནས་སྡོད་དཔལ་ས་སྐྱའི་བླ་མ་པདྨ་དབང་གྲགས་མཆོག་གིས་བརྩམས་གནང་བའི་༼བརྡ་སྤྲོད་ཕྲན་ཚེགས་༽ཞེས་པ་་ཉེ་ཆར་དངོས་སུ་བཏོན་གནང་ཡོད་བ་རེད། དེ་ཡང་དཔེ་དེབ་དེ་འདྲ་ཞིག་བརྩམས་གནང་བའི་དགོས་དམིགས་སྐོར་ཁོང་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་གསུངས་དོན།

Lama-Pema-Wangdak"ནིའུ་ཡོག་པདྨ་ཚལ་བོད་ཀྱི་སྐད་ཡིག་ཉམས་ཞིབ་ནས་ཉམས་ཞིབ་བྱས་པ་ལས་བྱུང་པའི་བོད་ཀྱི་སྐད་ཡིག་སྐོར་གི་བརྩམས་གཞུང་"བརྡ་སྤྲོད་ཕྲན་ཚེགས་"ཞེས་པ་ལས་ཟུར་བཀོལ་བྱས་པའི་ལེའུ་གཉིས་འགྲེལ་སྤེལ་སྔོན་འདོན་བྱས་ཡོད། འཕྲོས་ཀྱི་ལེའུ་རྣམས་ནི་རིམ་པས་འཕྲུལ་དེབ་ཏུ་པར་བསྐྲུན་བྱ་རྒྱུ་ཡིན། ལས་དང་པོ་པ་དང་བར་མའམ་འབྲི་ཀློག་ལ་བྱང་པ་འཐོབ་པའི་མཁས་པའམ་སློབ་སྟོན་པའམ་མདོར་ན་བོད་རིགས་བོད་སྐད་སྨྲ་བ་སུ་རུང་ལ་ཉེ་བར་མཁོ་བར་དམིགས་པའི་"བརྡ་སྤྲོད་ཕྲན་ཚེགས་"ནི་ཉིན་རེའི་བྱ་བཞག་ཐམས་ཅད་ལ་བརྡ་འཕྲོད་པའི་བོད་སྐད་ཀྱི་ལྷན་ཐབས་སུ་བསྐྱར་བཤད་ཡང་བཤད་དུ་བྱས་ཏེ་ཚིག་ཚོགས་མང་པོས་ནག་པོ་འགོས་ཤེས་སུ་བཀོད་དེ་གོམས་པར་བྱས་ནས་སྐད་ཀྱི་གཞི་མ་ཤེས་ཐུབ་པའི་བརྩམས་ཆོས་ཤིག་ཡིན།" ཞེས་བཀོད་འདུག

"དེ་མ་ཟད་བོད་ཀྱི་ཕ་སྐད་ཀྱི་ཆ་མནའ་སྐད་ཁ་སྐད་ཡིག་སྐད་ཀྱི་ཆུ་བོ་གཅིག་འགྲིལ་འོང་བའི་ཐབས་ཤིག་ཀྱང་ཡིན། ཤེས་བྱའི་གནས་(ཚན་རིག དཔལ་འབྱོར། རྒྱལ་རབས། ཁོར་ཡུག་རྩིས།་སྨན། བོང་ཚད།་ལྕི་ཡང་། མཐོ་དམའ། རིང་ཐུང་། རྒྱ་ཁྱོན། དུས་ཚོད། ལྗིད་ཚད།་གཞན་ཡང་དགེ་སིྡག ལེགས་ཉེས། བདེ་སྡུག བཟང་ངན། མང་ཉུང་། སྔ་ཕྱི། ཐོག་མཐའ། སྐྱེ་འཆི། མདོར་ན་འཁོར་འདས་ཀྱི་ཆོས་མཐའ་དག་)་ཕན་ཚུན་དུ་བརྡ་འཕྲོད་པར་བྱེད་པའི་ཐབས་ལམ་ལ་གནས་དང་་དུས་དང་ཉམས་མྱོང་ལ་དཔག་པའི་ཚོད་འཛིན་བྱེད་སའི་སྤྱི་ལ་ཁྱབཔའི་ཚདགཞི་ཞིག་ལ་བརྟེན་ས་མེད་པའི་རིགས་ལ་བརྡ་འཕྲོད་པར་དཀའ་བའི་ཆ་ཞིག་འོང་བ་ལྟར་དུ། བོད་ཀྱི་སྐད་ཡིག་ལའང་འབྲི་ཀློག་་གཉིས་དང་ཀློག་པ་པོ་ཀློག་ལ་བྱང་པ་དང་མ་བྱང་པ་དང་བྲིས་པའི་མིང་ཚིག་དང་དེ་དག་གི་བརྡ་དོན་དང་འབྲི་བ་པོའ་ི བརྗོད་འདོད་དང་ཀོླག་པ་པོའ་ིགོ་ཚོད་ཁ་ནས་བརྗོད་པའི་སྐད་དང་ཡི་གེ་འབྲི་བའི་སྐད་གཉིས་ཀི་ཆ་སྙོམས་སོགས་ཕན་ཚུན་དུ་སྤྱི་ལ་ཁྱབ་པའི་ཐབས་ཀྱི་ཆ་མ་གསལ་བ་མང་པོ་ཞིག་ཡོད་པ་དང་གཞན་ཡང་སྐད་ཡིག་གི་གནད་མང་པོ་ཞིག་ལ་དོན་འཐོབ་ཏུ་གོ་བར་བྱས་ནས་བཞག་པ་མ་གཏོགས་བརྡ་སྤྲོད་པའི་གཞུང་གི་འགོས་མེད་པས་བརྡ་འཕྲོད་པ་ལ་དཀའ་བའི་ཆ་དག་ཡོད་པས་དེ་དག་ཁ་སྐོང་བར་བྱེད་པའི་ཐབས་སུ་སྔར་ཡོད་ཟབ་གཏོང་དང་སྔར་མེད་གསར་གཏོད་ཀྱི་ཆ་དག་བོད་སྐད་རང་གི་འགོས་ལ་གཞི་བྱས་ནས་འདི་ན་འཁོད་པར་བྱས་ཡོད།" ཅེས་གསལ་འདུག

"བརྩམས་ཆོས་འདི་ནི་སྒྲའི་བསྟན་བཅོས་གཏན་ལ་འབེབས་པར་བྱེད་པའི་མཐའ་དཔྱོད་སོགས་ཀྱིས་རྣམ་དཔྱོད་ཀྱི་རྩལ་བཏོན་ཅིང་མཁས་པ་དགའ་བར་བྱེད་པའི་བརྩམས་ཆོས་ཀྱི་རིགས་ལྟ་བུ་མ་ཡིན། འདི་ནི་དེ་ལས་བཟློག་སྟེ་ཞིང་པ། ཆོས་པ། རྣལ་འབྱོར་པ། ཚོང་པ།་སྤང་པོ། ཕྱུག་པོ། སྲིད་དོན་པ། ཕ་མ།རྒན་བྱིས། མཁས་པ། སྤང་པོ། ཐ་ན་གླེན་པས་ཀྱང་ཕན་ཚུན་དུ་བརྡ་འཕྲོད་པའི་བོད་ཀྱི་སྐད་འདི་ངལ་བ་ཆུང་ངུས་དང་ལས་སླ་བར་ཤེསཔའི་ཐབས་ཤིག་ཀྱང་ཡིན།" ཞེས་དང་། "བརྡ་སྤྲོད་ཕྲན་ཚེགས་"ཀྱི་བརྩམས་ཆོས་ནང་ན་འཁོད་པའི་བརྗོད་བྱ་གལ་ཆེ་བ་ཁག་ནི་"བརྗོད་པ་"། "ཁྱད་གཞི་དང་ཁྱད་ཆོས་"། "མིང་ཚིག་"། "ངང་ཚུལ་"། "བྱ་གྲོགས་"། "ལ་དོན་དང་ཨི་ལྡན་དང་ཨིས་ལྡན་སོགས་ཀྱི་ཚིག་ཕྲད་"། "ཚེགཤད་"། "སྦྱོར་ཀློག་"། "འབྲི་ཀློག་"། "ཚིག་ཀློག་"། "ཚིག་འགྲོས་"། "མིང་ཚིག་གི་གོ་རིམ་"། "ཨི་ལྡན་"། "ངལ་གསོ་"།་"སྒྲ་གདངས་"། "ཚིག་ཁྱིམ་དང་ཚིག་མཚམས་"། "ཚེག་འགྲོས་"ལ་སོགས་པ་ཡིན།" ཞེས་ཁོང་གིས་༼བརྡ་སྤྲོད་ཕྲན་ཚེགས་༽ལས་སྐབས་བབ་བརྗོད་པའི་འགྲོས་དཔེ་དེབ་འདི་ན་གསལ་བར་བྱས་ཡོད་ལུགས་འགྲེལ་གནང་འདུག

གཞན་ཡང་ཁོང་གིས་༧གོང་ས་མཆོག་གིས་གནའ་དེང་ཤེས་ཡོན་ཟུང་འབྲེལ་ཐོག་གནང་བའི་བཀའ་སློབ་ཅིག་ཟུར་འདོན་གྱིས་དཔེ་དེབ་ལ་ཆེད་བསྒྲིགས་གནང་བ། "འདས་པའི་ང་ཚོའི་མི་རབས་གཉིས་ཙམ་གྱི་དུས་ཚོད་ནང་འཛམ་གླིང་ལ་འགྱུར་བ་ཆེན་པོ་བྱུང་ཡོད། ང་ཚོ་བོད་པས་ཤེས་རྟོགས་དང་དོ་སྣང་བྱས་ནས་དེའི་རྗེས་སུ་ཟིན་ཐུབ་བ་སོགས་ཐབས་ཤེས་ཡོད་ན་ད་ལྟའི་གནས་ཚུལ་ཐབས་རྡུགས་འདི་འདྲ་འོང་མི་ཐུབ། འོན་ཀྱང་བོད་ཀྱི་གཏམ་དཔེར་མགོ་རུལ་སྣ་ཡིས་མ་ཚོར་ཟེར་བ་བྱས་འདུག ད་ཆ་དཀའ་ངལ་ཕྲན་བུ་འཕྲད་དུས་འགྱོད་པ་སྐྱེས་ཀྱང་ཐབས་མེད། ད་ནས་ང་ཚོས་འབྱུང་འགྱུར་དེང་དུས་ཀྱི་ཤེས་ཡོན་ཚད་ལོང་བ་འོང་ཐབས་བྱེད་བ་དང་ཆབས་ཅིག་ལོ་ངོ་སྟོང་ཕྲག་རིང་ཆོས་དང་འབྲེལ་བའི་བོད་ཀྱི་གོམས་གཤིས་དང་སྐད་ཡིག་ལོགས་སུ་རང་མགོ་ཐོན་ཐུབ་པ་ཞིག་ཡོད་པ་དེ་ཡང་སློབ་སྦྱོང་བྱས་ཏེ་འདབ་ཆགས་གཤོག་པ་ཟུང་ལྡན་བཞིན་ང་ཚོའི་བུ་ཕྲུག་ཚོར་དེང་དུས་ཀྱི་ཤེས་ཡོན་དང་གནའ་རབས་ཀྱི་བཟང་པོའི་ཤེས་ཡོན་ཀཉིས་ཀ་ཡོད་པ་ཞིག་བྱུང་ན་བོད་མི་ཚད་ལྡན་ཞིག་འོང་།"

ཡང་ཁོང་གིས་དེབ་དེའི་གླེང་གཞིར་འདི་འདྲ་ཞིག་གསུངས་འདུག "༧སྤྱི་ནོར་གོང་ས་༧སྐྱབས་མགོན་ཆེན་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོས་གཞིས་བྱེས་བོད་མི་རྣམས་ཀྱི་འཕྲལ་ཕུགས་ཀྱི་བདེ་དོན་ཆེད་དུ་སྩལ་བའི་བཀའ་སློབ་རྒྱ་མཚོ་ལྟ་བུ་དང་། སྐྱབས་མགོན་སྐྱ་ཁྲི་འཛིན་༧གོང་མ་རིན་པོ་ཆེ་མཆོག་གི་ཐུགས་བཞེད་རྒྱ་མཚོ་ལྟ་བུ་ལས་ཆུ་ཐིགས་ཙམ་དང་དུ་བླངས་ཤིང་བོད་སྤྱི་ཚོགས་ཀྱི་འགྲོ་སྟངས་བོད་མི་རང་གིས་འགན་རྐང་ལེན་དགོས་པ་ཡིད་ལ་བྱས་ནས་སྐབས་བབས་བོད་ཡིག་གི་བརྡ་སྤྲོད་ཕྲན་ཚེགས་དང་། གཞན་ཡང་"ཚེག"གི་ཉམ་ཞིབ་དང་། འདིའི་ཞར་ལ་འབུར་ཡིག་དང་དབྱངས་ཡིག་བཅས་ཀྱི་འབྲི་སྲོལ་ལ་མ་བསྐུལ་དང་བླངས་ཀྱི་འབད་པ་འདི་བརྩམས་པ་ཡིན། དེ་ཡང་ཤེས་བྱའི་གནས(ཚན་རིག དཔལ་འབྱོར། རྒྱལ་རབས། ཁོར་ཡུག རྩིས། སྨན། བོང་ཚད། ལྕི་ཡང་། མཐོ་དམའ། རིང་ཐུང་། རྒྱ་ཁྱོན། དུས་ཚོད། ལྗིད་ཚད། གཞན་ཡང་དགེ་སྡིག ལེགས་ཉེས། བདེ་སྡུག བཟང་ངན། མང་ཉུང་། སྔ་ཕྱི། ཐོག་དམའ། སྐྱེ་འཆི། མདོར་ན་འཁོར་འདས་ཀྱི་ཆོས་མཐའ་དག)ཕན་ཚུན་དུ་བརྡ་འཕྲོད་པར་བྱེད་པའི་ཐབས་ལམ་ལ་གནས་དང་། དུས་དང་། ཉམས་མྱོང་ལ་དཔག་པའི་ཚོད་འཛིན་བྱེད་སའི་སྐྱི་ལ་ཁྱབ་པའི་ཚད་གཞི་ཞིག་ལ་བརྟེན་ས་མེད་པའི་རིགས་ལ་བརྡ་འཕྲོད་པར་དཀའ་བའི་ཆ་ཞིག་འོང་བ་ལྟར་དུ། བོད་ཀྱི་སྐད་ཡིག་ལའང་འབྲི་ཀློག་གཉིས་དང་། ཀློག་པ་པོ་ཀློག་ལ་བྱང་པ་དང་མ་བྱང་པ་དང་། བྲིས་པའི་མིང་ཚིག་དང་དེ་དག་གི་བརྡ་དོན་དང་། འབྲི་བ་པོའི་བརྗོད་འདོད་དང་ཀློག་པ་པོའི་གོ་ཚོད། ཁ་ནས་བརྗོད་པའི་སྐད་དང་ཡི་གེ་འབྲི་བའི་སྐད་གཉིས་ཀྱི་ཆ་སྙོམས་སོགས་ཕན་ཚུན་དུ་སྤྱི་ལ་ཁྱབ་པའི་ཐབས་ཀྱི་ཆ་མ་གསལ་བ་མང་པོ་ཞིག་ཡོད་པ་དང་། གཞན་ཡང་སྐད་ཡིག་གི་གནད་མང་པོ་ཞིག་ལ་དོན་འཐོབ་ཏུ་གོ་བར་བྱས་ནས་བཞག་པ་མ་གཏོགས་བརྡ་སྤྲོད་པའི་གཞུང་གི་འགྲོས་མེད་པས་དཀའ་བའི་ཆ་དག་ཡོད་པས་དེ་དག་ཁ་སྐོང་བར་བྱེད་པའི་ཐབས་སུ་སྔར་ཡོད་ཟབ་གཏོདང་སྔར་མེད་གསར་གཏོད་ཀྱི་ཆ་དག་བོད་སྐད་རང་གི་འགྲོས་ལ་གཞི་བྱས་ནས་འདི་ན་འཁོད་པར་བྱས་ཡོད། བརྩམས་ཆོས་འདི་ནི་སྡེབ་སྦྱོར་དང་ཚིག་རྒྱན་དང་བཅད་ལྷུག་སོགས་ཀྱིས་མཛེས་པར་བྱས་པ་དང་། ཚིག་ཚོགས་ཉུང་ངུས་དོན་རྒྱ་ཆེ་བ་དང་ཟབ་པ་བསྟན་པ་དང་། ཡང་ན་སྒྲའི་བསྟན་བཅོས་གཏན་ལ་འབེབ་པར་བྱེད་པའི་མཐའ་དཔྱོད་སོགས་ཀྱིས་རྣམ་དཔྱོད་ཀྱི་རྩལ་བཏོན་ཅིང་མཁས་པ་དགའ་བར་བྱེད་པའི་བརྩམས་ཆོས་ཀྱི་རིགས་ལྟ་བུ་མ་ཡིན། འདི་ནི་དེ་ལས་བཟློག་སྟེ་ཞིང་པ། ཆོས་པ། རྣལ་འབྱོར་བ། ཉིནརེའི་བྱ་བཞག་ཐམས་ཅད་ལ་བརྡ་འཕྲོད་པའི་བོད་སྐད་ཀྱི་ལྷན་ཐབས་སུ་བསྐྱར་བཤད་ཡང་བཤད་དུ་བྱས་ཏེ་ཚིག་ཚོགས་མང་པོས་ནག་པོ་འགྲོས་ཤེས་སུ་བཀོད་དེ་གོམས་པར་བྱས་ནས་སྐད་ཀྱི་གཞི་མ་ཤེས་ཐུབ་པའི་རྩོམ་ཡིག་ཅིག་ཡིན། བརྡ་སྤྲོད་ཕྲན་ཚེགས་ལས་སྐབས་བབ"བརྗོད་པའི་འགྲོས"འདི་ན་གསལ་བར་བྱས་ཡོད།" ཅེས་གསལ་འདུག

མ་པདྨ་དབང་གྲགས་ནི་སྤྱི་ལོ་ ༡༩༥༤ ལོར་སྤུ་ཧྲེངས་སུ་སྐུ་འཁྲུངས་པ་དང་། ༡༩༥༩ ལོར་ཕ་མ་དང་མཉམ་དུ་བཙན་བྱོལ་ལ་ཕེབས་ཏེ་ལྷོ་ཕྱོགས་མོན་གྷོ་གཞིས་ཆགས་སུ་བཞུགས་ཡོད་འདུག ཁོང་དགུང་ལོ་ ༧ ལ་ཕེབས་སྐབས་རབ་ཏུ་བྱུང་ཞིང་། དེ་ནས་བཟུང་དཔལ་ས་སྐྱ་ཁྲི་འཛིན་རིན་པོ་ཆེ་སོགས་དགེ་བའི་བཤེས་གཉེན་དུ་མའི་ཞབས་ལ་གཏུགས་ནས་སློབ་གཉེར་གནང་འདུག ༡༩༨༢ ལོར་ས་སྐྱ་ཁྲི་འཛིན་རིན་པོ་ཆེ་ཡིས་ཁོང་ཉིད་ཆེད་དུ་ཨ་རིར་ནང་ཆོས་སྤེལ་བར་མངགས་ཡོད་པ་དང་། ད་ལྟ་ཁོང་ཉིད་ཨ་རི་ནིའུ་ཡོག་དཔལ་ས་སྐྱའི་ཆོས་ཚོགས་ཀྱི་ངེས་སྟོན་པ་དང་ཝིག་རམ་ཤཱི་ལ་རྨང་གཛུགས་གནང་མཁན་ཡིན་ལ། ད་དུང་བལ་ཡུལ་དང་རྒྱ་གར་ལྷོ་ཕྱོགས་མོན་གྷོ་བཅས་སུ་དགོན་པ་དང་སློབ་གྲྭ་སོགས་ཀྱང་གསར་འཛུགས་གནང་ཡོད་འདུག ཁོང་ལ་ཨ་རིའི་ (National Ethnic Coalition Of Organization foundation,Ins)ནས་ཆེ་བསྟོད་གཟེངས་རྟགས་ (Ellis Lsland Medal Of Honor Awards)ཞེས་པ་དེ་ཐོབ་་ཡོད་འདུག་བ་བཅས།

དཔེ་དེབ་དེ་ལ་གཟིགས་འདོད་གནང་ཚེས་དྲ་ཐག་འདིའི་ཐོག་བསྣུན་ན་(PDF)ཆ་ཚང་ཡོད།
བརྡ་སྤྲོད་ཕྲན་ཚེགས།

གསར་འགོད་པ་བསྟན་འཛིན་ནོར་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།