དགོངས་ཚུལ།

མཉམ་འབྲེལ་རྒྱལ་ཚོགས་ལ་བོད་དོན་ཞུ་གཏུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༢།༡༠།ཉིན་སྤེལ།  སུད་སི་གནས་སྡོད་བོད་རིགས་ཁྱིམ་ཚང་དྲུག་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་བོད་དོན་ཞུ་གཏུག་གི་ལས་འགུལ།

འདི་ཟླའི་ཕྱི་ཚེས༨ཉིན། ཡུ་རོབ་གནས་སྡོད་བོད་མི་ཁྱིམ་ཚང་དྲུག་གིས་སུད་སི་ཇི་ནི་ཝ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ། བོད་དོན་ཞུ་གཏུག་གི་ལས་འགུལ་ཐེངས་༦༢པ་སྤེལ་སྟེ། ཐེངས་འདིའི་ལས་འགུལ་ནང་བོད་དོན་འགྲེལ་བརྗོད་ཀྱི་ཡིག་ཆ་གྲངས་༧༠༠ལྷག་དང་།  བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་འཁོད་པའི་ཡིག་ཆ་གྲངས༢༠༠ལྷག་འགྲེམ་སྤེལ་གནང་ཡོད་འདུག

དེ་ཡང་ལས་འགུལ་འདིར་མཉམ་ཞུགས་གནང་མཁན་ལུ་ཛན་ཚོགས་ཆུང་གི་མི་༢༢དང་། གྷི་ལ་རོ་སིར་གནས་སྡོད་ཚེ་རིང་རྒྱལ་པོ་ལགས་སོགས་ཡིན་པ་དང་། ཚེ་རིང་རྒྱལ་པོ་ནི་ད་ལམ་ཙམ་མ་ཡིན་པར་དེ་སྔོན་ཐེངས་མང་པོར་ལས་འགུལ་མཉམ་ཞུགས་གནང་མཁན་གྱི་མི་སྣ་ཞིག་ཡིན་པ་རེད།   ལས་འགུལ་སྤེལ་བཞིན་པའི་སྐབས་སུད་སི་དོན་གཅོད་སྐུ་ངོ་དངོས་གྲུབ་རྡོ་རྗེ་ལགས་དང་ཟླ་བ་ཚུལ་ཁྲིམས་ལགས་གཉིས་ཆེད་ཕེབས་ཀྱིས་ལས་འགུལ་བ་རྣམས་ལ་ཐུགས་རྗེ་ལེགས་འབུལ་ཆེད་དུ་ཁ་བཏགས་རེ་ཕུལ་ཡོད་པ་རེད། དམིགས་བསལ་ཚེ་རིང་རྒྱལ་པོ་ལགས་ལས་འགུལ་ནང་མཉམ་ཞུགས་གནང་བར་ཁ་བཏགས་ཤིག་དང་བོད་ཀྱི་རྒྱལ་དར་བཅས་ཐུགས་རྗེ་ལེགས་འབུལ་གནངས་ཡོད་པ་དང་།  ལུ་ཛན་ཚོགས་ཆུང་གི་སྤྱི་མོས་བཞིན་བོད་ཀྱི་རྩ་དོན་ཐོག་ལ་དཀའ་ལས་བསྐྱོན་མུས་ཡིན་པའི་ངོས་འཛིན་ཐོག་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞེས་བརྗོད་ཡོད་པ་རེད།

དེ་མིན་སྤྱིར་ལས་འགུལ་འདིའི་བྱུང་རིམ་ནི་ཕྱི་ལོ༢༠༡༢ཟླ༡༢ཚེས༡༠ཉིན་ཇི་ནེ་ཝ་རྒྱལ་ཚོགས་མདུན་དུ་སུད་མི་གནས་བོད་རིགས་ཁྱིམ་ཚང་གཉིས་ཀྱིས་འགོ་འཛུགས་གནང་བ་དང་། ཕྱི་ལོ༢༠༡༤དང་༢༠༡༥ལོར་རིམ་བཞིན་ཁྱིམ་ཚང་གསུམ་དང་ཁྱིམ་ཚང་བཞི་ཡིས་ཟླ་རེའི་གཟའ་ལྷག་པ་ནམ་འཁེལ་ལ་ལས་འགུལ་སྤེལ་ཏེ། ཕྱི་ལོ༢༠༡༦ཟླ༡ཚེས༡༣ནས་བཟུང་བོད་རིགས་ཁྱིམ་ཚང་དྲུག་གི་ལས་འགུལ་དུ་གྱུར།  བོད་རིགས་ཁྱིམ་ཚང་དེ་དག་གིས་ལོ་ལྟར་ཟླ་རེའི་རེས་གཟའ་ལྷག་པ་གཉིས་པ་ནམ་འཁེལ་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཙོས་པའི་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་།  གྲོས་མཐུན།  ཚོགས་སྡེ་དང་མི་སྒེར་བཅས་འཛམ་གླིང་མི་མང་ལ།  བོད་ནང་གི་བོད་མིའི་མངོན་འདོད་དང་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་འབོད་སྒྲ་དང་ཞལ་ཆེམས་དོན་ཚན་ཁག་ཞུ་གཏུག་བྱེད་བཞིན་ཡོད་པ་བཅས།།

གསར་འགོད་པ།  བསྟན་འཛིན་ཆོས་གྲགས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།