དགོངས་ཚུལ།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་འཕྲིན་བསྐྱང་འཆར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧། ༠༢། ༠༢ཉིན་སྤེལ།   ལྷོ་ཕྱོགས་ཁུལ་དུ་མཛད་འཕྲིན་དབུ་འཛུགས་མ་མཛད་གོང་༸གོང་ས་མཆོག་གིས་རྒྱལ་ས་ལྡི་ལིའི་ནང་གི་མཛད་འཆར་ཁག་གཅིག་བསྐྱངས་གཏན་འཁེལ་ཡོད་པ་རེད་འདུག

དེ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར༧གོང་ས༧སྐྱབས་མགོན་མཆོག་ཕྱི་ལོ༢༠༡༧ཟླ༢ཚེས༢ནས་བཞུགས་སྒར་རྡ་རམ་ས་ལ་ནས་ཆིབས་བསྒྱུར་བསྐྱངས་ཏེ་ཕྱི་ཚེ༣ལ་རྒྱ་གར་རྒྱལ་ས་ལྡི་ལི་དང་ལྷོ་ཕྱོགས་ཨནྡྲ་པར་དེ་ཤིའི་མངའ་སྡེའི་གྲོང་ཁྱེར་བི་ཇཱ་ཡ་ཝ་ཌ།  Vijayawada  ཧེ་དར་བྷ་ཏི།  Hyderabad  དེ་བཞིན་ནང་པའི་གནས་ས་ཨ་མྲཱ་ཝ་ཏི་ Amravati བཅས་སུ་ཆིབས་སྒྱུར་བསྐྱངས་གནང་མཛད་རྒྱུ་ཡིན་འདུག

དེ་བཞིན་མགོན་པོ་གང་ཉིད་མཆོག་གིས་ཕྱི་ཟླ༢ཚེས༩ཉིན་རྒྱ་གར་རྒྱལ་ས་ལྡི་ལི་ནས་མཛད་འཕྲིད་ཁག་ལེགས་པར་གྲུབ་རྗེས་རྒྱ་གར་ལྷོ་ཕྱོགས་ཀྱི་ས་གནས་ཁག་ཅིག་ལ་ཆིབས་བསྒྱུར་གནང་འཆར་ཡོད་པ་རེད།  ས་གནས་དེ་དག་ནི་ལྷོ་ཕྱོགས་ཁུལ་གྱི་གྲོང་ཁྱེརབི་ཇཱ་ཝ་ཌ། vijayawadaདང་ཨ་མྲཱ་ཝ་ཏིAmravatiཡིན་འདུག  དེ་ཡང་ཨནྡྲ་པར་དེ་ཤི་མངའ་སྡེའི་གྲོས་ཚོགས་ཀྱིས་ཇི་ལྟར་གསོལ་བཏབ་པ་བཞིན་ཡིན་འདུག

དེ་བཞིན་པྱི་ཟླ༢ཚེས༡༡དང་༡༢གཉིས་ལ་མགོན་པོ་མཆོག་གིས་གྲོང་ཁྱེར་ཧེ་དར་བྷ་ཏི་ནང་རྟེན་གཞི་བྱས་པའི་རྒྱལ་ཡོངས་སྐོར་སྲུང་ཤེས་ཡོན་བསྟི་གནས་ཁངNational Police Academyདུ་བཀའ་སློབ་སྩལ་འཆར་ཡང་འདུག

སྤྱིར་ལྷོ་ཕྱོགས་ཁུལ་དུ་མཛད་འཕྲིན་དབུ་འཛུགས་མ་མཛད་གོང་༸གོང་ས་མཆོག་གིས་རྒྱལ་ས་ལྡི་ལིའི་ནང་གི་མཛད་འཆར་ཁག་གཅིག་བསྐྱངས་གཏན་འཁེལ་ཡོད་པ་ནི།  ཕྱི་ཟླ་ ༢ ཚེས་ ༣ དང་ ༤  བཅས་སུ་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་བིདྱཱ་ལོཀ་ Vidyaloke  ཞེས་རྒྱ་གར་ན་གཞོན་ཤེས་ཡོན་ཚོགས་ཆུང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་གྱིས་ཏལ་ཀ་ཏོ་ར།  Talkatora ཞེས་པའི་རྩེད་ཐང་ཆེན་མོར།  རྒྱ་གར་གྱི་ན་གཞོན་དད་ལྡན་པ་ཚོར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བཤེས་སྤྲིངས་བཀའ་ཆོས་མཛད་རྒྱུ་དང་།   དེ་ཞིན་ཕྱི་ཚེས་ ༥ ཉིན་དེང་རྒྱ་གར་སྤྱི་ཚོགས་ནང་གནའ་བོའི་རྒྱ་གར་སྲོལ་རྒྱུན་གྱི་ལེགས་བཤད་སླར་གསོ། ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་སྩལ་རྒྱུ་མ་ཟད།

ཕྱི་ཚེས་ ༦ ཉིན་ཁུལ་དེའི་རྒྱ་གར་གཞུང་གི་བསྟི་གནས་ཁང་དུ།  བདེ་སྐྱིད་ཀྱི་རྩ་བ་ནི་སྙིང་རྗེ་དང་བཟང་སྤྱོད།  ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་གནང་མཛད་རྒྱུ།   དེ་བཞིན་ཕྱི་ཚེས་༨ ཉིན་ཁུལ་དེར་བརྟེན་གཞི་བྱས་པའི་སེན་མེ་རི་ St Merry གཙུག་ལག་སློབ་གཉེར་ཁང་དང་ཕྱི་ཚེས་ ༩ ཉིན་ཁུལ་དེར་བརྟེན་གཞི་བྱས་པའི་ Vivekananda International Foundation བཅས་ཁག་སོ་སོར་ཆིབ་སྒྱུར་གྱིས་མཛད་འཆར་ཁག་ལེགས་པར་གྲུབ་རྗེས་ཕྱི་ཟླ་ ༢ ཚེས་ ༡༣ ཉིན་བཞུགས་སྒར་རྡ་རམ་ས་ལར་༸ཞབས་སོར་འཁོད་གནང་མཛད་རྒྱུ་ཡིན་འདུག་པ་བཅས།།

གསར་འགོད།  བསྟན་འཛིན་ཆོས་གྲགས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།