ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

སྲི་ཞུ་བ་གསར་བ་ཁག་ཅིག་ལ་ཟབ་སྦྱོང་སྟ་གོན་གྱི་དབུ་འབྱེད་མཛད་སྒོ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༡།༣༡ཉིན་སྤེལ། གཞུང་ཞབས་འདེམས་བསྐོ་ལྷན་ཁང་གི་གོ་སྒྲིག་འོག་བཞུགས་སྒར་རྡ་རམ་ས་ལའི་དབུས་སྣེ་ལེན་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཞབས་གསར་འདེམས་བྱུང་བ་རྣམས་ལ་ཟབ་སྦྱོང་སྤྲོད་པའི་མཛད་སྒོ་ཚོགས་ཡོད།

འདི་ཟླའི་ཕྱི་ཚེས༣༠ཉིན་གྱི་སྔ་དྲོར། བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཞབས་འདེམས་བསྐོ་ལྷན་ཁང་གི་གོ་སྒྲིག་འོག་བཞུགས་སྒར་རྡ་རམ་ས་ལའི་དབུས་སྣེ་ལེན་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཞབས་གསར་འདེམས་བྱུང་བ་རྣམས་ལ་ཟབ་སྦྱོང་སྤྲོད་པའི་མཛད་སྒོ་ཚོགས་ཡོད།  
ཉིན་དེའི་ཞོགས་པའི་ཆུ་ཚོད་༡༠།༣༠ཐོག་ཟབ་སྦྱོང་གི་མཛད་སྒོར་ཕེབས་པའི་སྐུ་མགྲོན་གཙོ་བོ་ལས་བྱེད་འདེམས་བསྐོ་ལྷན་ཁང་དང་འོས་བསྡུའི་འགན་འཛིན་གཅིག་ལྕོགས་ཤོ་ཟུར་བསོད་ནམས་ཆོས་འཕེལ་མཆོག་དང་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་མི་དང་རྡ་སྟེང་བོད་ཁྱིམ་གྱི་འགན་འཛིན་གཅིག་ལྕོགས་སྐུ་ངོ་དངོས་གྲུབ་དབང་འདུས་ལགས་དང་སྐལ་བཟང་གཡུ་སྒྲོན་ལགས།  དེ་བཞིན་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་དྲུང་ཆེ་འཇིགས་མེད་ཚེ་རིང་ལགས་བཅས་དང་ཟབ་སྦྱོང་དུ་མཉམ་ཞུགས་གནང་མཁན་སྲི་ཞུའི་ལས་བྱེད་པ་དང་གཞན་ཡང་གསར་འགོད་པ་བཅས་ཚང་འཛོམས་ཐོག་སྐུ་མགྲོན་གཙོ་བོ་མཆོག་གིས་ཟབ་སྦྱོིང་དབུ་འབྱེད་ཀྱི་སྣང་གསལ་ཞལ་ཕྱེ་གནང་རྗེས་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས།
དེ་ནས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་དྲུང་ཆེ་འཇིགས་མེད་ཚེ་རིང་ལགས་ཀྱིས་ད་ཐེངས་ཟབ་སྦྱོང་གི་བོད་དབྱིན་དགེ་རྒན་གཉིས་ཏེ།  བོད་དགེ་ན་ག་སངས་རྒྱས་བསྟན་དར་ལགས་དང་དབྱིན་དགེ་འཇམ་དཔལ་ཆོས་བཟང་ལགས་གཉིས་འཚམས་སྦྱོར་བྱས་རྗེས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་མི་དང་རྡ་སྟེང་བོད་ཁྱིམ་གྱི་འགན་འཛིན་སྐུ་ངོ་དངོས་གྲུབ་དབང་འདུས་ལགས་ཀྱིས་གསུང་བཤད་གནངས་ཤིང་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་མི་སྐལ་བཟང་གཡུ་སྒྲོན་ལགས་ཀྱིས་ཟབ་སྦྱོང་བ་ཡོངས་ལ་གསུང་བཤད་གནངས།  
དེ་ནས་སྐུ་མགྲོན་གཙོ་བོ་མཆོག་ནས་ཟབ་སྦྱོང་གི་དགོས་དམིགས་དང་འབྲེལ་བའི་གསུངས་བཤད་ལྷུག་པོར་གནངས་རྗེས།  དྲུང་གཞོན་ཚེ་རིང་ལྷ་མོ་ལགས་ཀྱིས་མཇུག་མཐའི་ཐུགས་རྗེ་བཀའ་དྲིན་གསུང་བཤད་གནངས་ཏེ་སྲི་ཞུའི་ཟབ་སྦྱོང་གི་མཛད་སྒོ་ལེགས་པར་གྲུབ་སོང་།
ད་ཐེངས་ཟབ་སྦྱོང་ལ་མཉམ་ཞུགས་བྱེད་མཁན་ཁྱོན་བསྡོམས་སྲི་ཞུ་བ༣༢ཡོད་པ་ལས་༡༩ནི་ད་ལྟ་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ནང་ཕྱག་ནས་གནང་མུས་ཡིན་འདུག  གཞན་རྣམས་ད་ལྟ་ལས་འགན་བཀོད་སྒྲིག་གནང་རྒྱུན་ཡིན་པ་རེད།  ཐེངས་འདིའི་ཟབ་སྦྱོང་གི་ཆེད་དུ་མཐུན་རྐྱེན་སྐྲུན་གནང་མཁན་ནི་ཨ་རིའི་རོགས་སྐྱོབ་ཚོགས་པUSAIUDཡིན་འདུག་པ་དང་བཅས།།

གསར་འགོད་པ།  བསྟན་འཛིན་ཆོས་གྲགས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།