དགོངས་ཚུལ།

བཀྲ་ཤིས་དབང་ཕྱུག་གློད་གྲོལ་དགོས་པའི་ལས་འགུལ་སྤེལ་སོང་།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧ལོའི་ཟླ༡ཚེས༢༧ཉིན་སྤེལ། ཕྱི་ཚེས༢༧ཉིན་གྱི་ཞོགས་པར་བཞུགས་སྒར་རྡ་རམ་ས་ལ་ནས་བཀྲ་ཤིས་དབང་ཕྱུག་ལགས་རྒྱ་ནག་གཞུང་གིས་བཙན་བཟུང་བྱས་ནས་ལོ་གཅིག་འཁོར་བའི་དུས་དྲན་དང་སྟབས་བསྟུན་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་།

Free-Tashi-Wangchuk-Tibet-2017དེ་ཡང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ས་གནས་ཚོགས་གཙོ་བསྟན་འཛིན་ཚེ་ལྷ་ལགས་ཀྱིས་བཤད་རྒྱུ"ཚང་མ་འདིར་ཕེབས་ཐུགས་པར་རྗེ་ཆེ་ཞུ། དེ་རིང་ཉིན་མོ་འདི་ལ་ལས་འགུལ་འདི་སྤེལ་དོན་གཙོ་བོ་ནི་བཀྲ་ཤིས་དབང་ཕྱུག་ལགས་རྒྱ་ནག་གིས་གཞུང་གིས་འཛིན་བཟུང་བྱས་ནས་ལོ་གཅིག་འཁོར་བའི་ཉིན་མོ་ཡིན། མ་ཟད་བཀྲ་ཤིས་དབང་ཕྱུག་གིས་སྐད་ཡིག་དང་འབྲེལ་ནས་བོད་ནང་ལ་ལས་འགུལ་ཤུགས་ཆེན་པོ་སྤེལ་ཡོད་རེད།"ཅེས་འགྲེལ་བརྗོད་གནངས་སོང་།

ཁོ་མོས་མུ་མཐུད་དུ་གསུངས་དོན"ལས་འགུལ་དེ་ཡང་དམིགས་བསལ་རྒྱ་ནག་གི་ཁྲིམས་དང་མཐུན་པ་ལྟར་ལས་འགུལ་སྤེལ་ཡང་རྒྱ་གཞུང་གིས་ཁྲིམས་འགལ་གྱིས་ཁོང་ལ་ཁ་བྲལ་རིང་ལུགས་ཀྱི་མ་ཉེས་ཁ་ཡོག་བྱས་ཡོད། དེའི་ནང་གི་ཉེན་ཁ་ཆེ་ཤོས་གཅིག་ལ་བཀྲ་ཤིས་དབང་ཕྱུག་ལགས་འཛིན་བཟུང་བྱས་ནས་བདུན་ཕྲག་གཅིག་གི་རྗེས་ནས་མ་གཏོགས་ཕ་མས་ཀྱང་གོ་ཡོད་མ་རེད། ད་ལྟ་ཁོ་རང་ཐག་ཆོད་ཀྱི་ཁྲིམས་ར་འགྲོ་བཞིན་ཡོད་པས་ང་ཚོས་ལས་འགུལ་གང་ཞིག་ཤུགས་ཆེན་པོས་མ་སྤེལ་བ་ཡིན་ན་ཁོ་རང་ལ་ཁྲིམས་ཐད་ལོ་བཅོ་ལྔ་ཕོག་པའི་ཉེན་ཁ་ཆེན་པོ་ཞིག་ཆགས་འདུག"ཅེས་གསུངས་སོང་།

ཡང་ཁོ་མོས་ས་གནས་གང་སར་ལས་འགུལ་སྤེལ་བཞིན་ཡོད་པའི་སྐོར་ལ"དེ་འདྲའི་སེམས་འཚབ་ཀྱིསYorkནེའུ་ཡོག་ཁུ་ལ་ཆ་མཚོན་ན་རྒྱ་ནག་གཞུང་ཚབ་ལ་སྐད་འབོད་བྱེད་པ་དང་རྡ་རམ་ས་ལ་མཚོན་ན་མཚན་རྟགས་བསྡུ་རུག་གི་ལས་འགུལ་ཞིག་སྤེལ་བ་དང་མཉམ་དུ་མི་སྒེར་རེ་རེ་ངོས་ནས་རྒྱ་ནག་གཞུང་ཚབ་ཁང་ལ་མཚན་རྟགས་བརྒྱབས་ཏེ་ཡི་གེ་བཏང་བ་དང་དྲ་རྒྱའི་ནང་ནས་མཚན་རྟགས་བསྡུ་རུག་བྱེད་པའི་ལས་འགུལ་ཞིག་སྤེལ་ཡོད། ལས་འགུལ་འདི་ང་ཚོ་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཅིག་པུ་མ་ཡིན་པར་རྒྱལ་སྤྱིའི་བོད་མཐུན་འབྲེལ་རྒྱུད་ལྷན་ཁང་དང་རྒྱལ་སྤྱིའི་ནང་ལོགས་ཀྱི་ཚོགས་པ་གལ་ཆེན་Amnsty internationalདང་Human right Watchཚོགས་པ་འདི་ཚོས་ཁོ་ལ་རྒྱབ་སྐྱོར་ཤུགས་ཆེན་པོ་བྱེད་བཞིན་ཡོད་པས་ཁོ་རང་གང་མགྱོགས་མགྱོགས་ཀྱིས་གློད་གྲོལ་ཡོང་བའི་ལས་འགུལ་སྤེལ་བཞིན་ཡོད་རེད།" ཅེས་འགྲེལ་བརྗོད་གནངས་པ་བཅས།

གསར་འགོད་པ། བསྟ་འཛིན་ཆོས་གྲགས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།