དགོངས་ཚུལ།

༧གོང་ས་མཆོག་བཞུགས་སྒར་དུ་ཆིབས་བསྒྱུར་གནང་སོང་།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༡།༢༣ཉིན་སྤེལ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ངྷ་རམ་ས་ལར་བདེ་ལེགས་ངང་ཆིབས་བསྒྱུར་བསྐྱངས་སོང་།

དེ་ཡང་ཕྱི་ཚེ༢༣ཉིན་གྱི་ཉིན་རྒྱབ། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་དུ་ཆིབས་བསྒྱུར་བསྐྱངས་པ་དང་། སྐབས་དེར་ཧི་མ་ཅལ་ངྒ་རྒལ་གནམ་ཐང་དུ་དབུས་བོད་མའི་སྒྲིག་འཛུགས་ཀྱི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་གཞུང་འབྲེལ་མིན་པའི་ཚོགས་པ་སྐྱིད་སྡུག་ཁག་གི་མཛད་གཙོ་དང་སྐུ་ཚབ་རྣམས།  གཞན་ཡང་དད་ལྡན་བོད་མི་སེར་སྐྱ་མང་པོས་རྡ་སའི་ཕེབས་ལམ་གཡས་གཡོན་དུ་མཇལ་དར་བཟུང་བའི་ཁྲོད་ཆིབས་བསྒྱུར་བདེ་བར་འཁོད་སོང་།

དེ་མིན་ཟླ་འདིའི་ཕྱི་ཚེ༢ནས་༡༤བར་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོ་ཐེངས་སོ་༣༤ལེགས་པར་བསྩལ་བ་ལེགས་པར་གྲུབ་སྟེ། ཕྱི་ཚེས་༡༦ཉིན་རྒྱ་གར་རྒྱལ་ས་ལྡི་ལི་རུ་ཆིབས་བསྒྱུར་བསྐྱངས་པ་དང་།  ཕྱི་ཚེ་༢༡ཉིན་ས་གནས་དེ་གའི་རྒྱ་གར་རྒྱལ་ཡོངས་བུད་མེད་ཚོང་པ་ཚོགས་པས (FICCI)་ཇི་ལྟར་གསོལ་བ་བཏབ་པ་ལྟར་( the Power of Compassio)བྱམས་བརྩེ་ནུས་སྟོབས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་ཟབ་རྒྱས་གནང་ཞིང་།  ཕྱི་ཚེས་༢༢ཉིན་ལྡི་ལི་བོད་ཀྱི་གཞོན་ནུའི་སྡོད་ཁང་དུ་༧གོང་ས་མཆོག་དང་ Richard Davidson རིའི་ཆར་སྒྲི་ངྷེ་སྒྲི་སིན་ལྷན་དུ་དབང་རྩའི་ཚན་རིག་དང་སེམས་པ་ཞེས་པའི་བརྗོད་གཞི་ཐོག་བགྲོ་གླེང་གནང་ཡོད་པ་བཅས།།

གསར་འགོད་པ། བསྟན་འཛིན་ཆོས་གྲགས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།