དགོངས་ཚུལ།

དུས་དབང་སྟབས་བསྟུན་གྱིས་ལས་འགུལ་ཁ་ཤས་སྤེལ་འཆར་ཡོད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༡།༡༢ཉིན་སྤེལ། བོད་གཞིས་ལུས་མི་མང་གིས་གདོང་ལེན་དང་རྒྱ་ནག་གཞུང་ལ་ཁ་གཏད་ག་འདྲ་ཞིག་གཅོག་གི་ཡོད་མེད་སྐོར་གྱི་འགྲེམས་སྟོན་ཞིག་ཡིན། ཞེས་དགུ་བཅུ་གསུམ་གྱི་ཚོགས་གཙོས་འགྲེལ་བརྗོད་གནང་སོང་།

Tibet-Guchusun-2017རྡོར་གདན།  བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ངོས་ནས་དུས་དབང་སྐབས་དང་བསྟུན་ལས་འགུལ་ག་རེ་སྤེལ་གྱི་ཡོད་མེད་སྐོར་ལ་ཆེད་དུ་འདི་ག་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གསར་ཁང་གི་གསར་འགོད་པ་ཡུལ་དངོས་སུ་བསྐྱོད་དེ་བཅར་འདྲི་ཞུས་པ་ཡིན།

དེ་ཡང་དགུ་བཅུ་གསུམ་གྱི་ཚོགས་གཙོ་ལྷ་རྒྱལ་རི་རྣམ་རྒྱལ་སྒྲོན་དཀར་ལགས་ཀྱིས་གསར་འགོད་པའི་བཅར་འདྲིར་ལན་རྒྱབ་དོན། ཁོ་མོས་བརྗོད་དོན། དུས་དབང་ཀྱི་སྐབས་དང་བསྟུན་དེ་ང་ཚོའི་ཚོགས་པའི་ངོས་ནས་འགྲེམས་སྟོན་ཞིག་གི་ལས་གཞི་འག་འཛུགས་བྱས་ཡོད། པར་རིས་འགྲེམས་སྟོན་འདིའི་ནང་དུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་མནར་གཅོད་སོགས་ཀྱི་ཐོབ་ཐང་མེད་པའི་སྐོར་ཡིན་པ་དང་། བོད་ཀྱི་འདས་གྲོངས་སུ་སོང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ་མཆོད་རྟེན་རིན་པོ་ཆེ་ཡོད་སར་མཆོད་འབུལ་ཆེན་པོ་ཞིག་སྤེལ་བའི་ལས་གཞི། དགུ་བཅུ་གསུམ་གྱི་ངོས་ནས་བོད་སྐད་དང་བོད་ཡིག་གི་ཕྱོགས་སུ་ཤུགས་རྒྱག་པར་གྲོས་ཆོད་བཞག་ཡོད་པ་ནང་བཞིན་སྙན་ངག་མཚན་ཚོགས་ཤིག་ཚོགས་དགོས་བསམ་སོང་། ཅེས་དང་།

གཞན་ཡང་ཚོགས་གཙོ་ལགས་ཀྱིས་འགྲེམས་སྟོན་འདིའི་བརྗོད་གཞི་དང་འབྲེལ་བའི་སྐོར་ནས་བཅར་ལན་རྒྱབ་དོན། པར་རིས་འགྲེམས་སྟོན་འདིའི་བརྗོད་གཞི་རྡོག་རྡོག་ནི་མནར་གཅོད་ཅེས་པ་དང་། སྐབས་འདིའི་མནར་གཅོད་ནི་ལུས་པོ་གཅིག་པུ་མ་ཡིན་པར། བོད་ནང་གི་ཆོས་དང་རིག་གཞུང་། ཁོར་ཡུག ཆབ་སྲིད་ཀྱི་གནས་སྟངས་སོགས་ཕྱོགས་གང་ཅིའི་ཐོག་ཏུ་སྡུག་སྦྱོངས་མནར་གཅོད་འགྲོ་བཞིན་པ་དེར་གོ་དགོས་པ། དེ་འདྲའི་གནས་སྟངས་འོག བོད་གཞིས་ལུས་མི་མང་གིས་གདོང་ལེན་དང་རྒྱ་ནག་གཞུང་ལ་ཁ་གཏད་ག་འདྲ་ཞིག་གཅོག་གི་ཡོད་མེད་སྐོར་གྱི་འགྲེམས་སྟོན་ཞིག་ཡིན། ཞེས་དང་།

དེ་མིན་ཁོ་མོས་མུ་མཐུད་དུ་འགྲེམས་སྟོན་ཁང་དུ་ཕེབས་པའི་གཟིགས་མོ་བ་རྣམས་ཀྱིས་དྲི་བ་གལ་ཆེན་བྱུང་བའི་སྐོར་ནས་བརྗོད་དོན། ང་ཚོའི་འགྲེམས་སྟོན་འདིར་ཆོས་ཞུ་བ་མང་པོས་ཞིབ་གཟིགས་བྱེད་པ་དང་། ད་རེས་ཀྱི་ཚེས་༡དང་༢། ༣སོགས་སུ་བོད་ནང་ནས་ཕེབས་མཁན་མང་པོ་ཞིག་ཀྱང་སླེབས་སོང་། བཙན་བྱོལ་བོད་མི་དང་གཞན་བོད་རིགས་མིན་པ་སོགས་ཀྱིས་དྲི་བ་འདྲ་མིན་མང་པོ་ཞིག་འདྲི་ལ། བོད་ནས་ཕེམས་མཁན་མང་པོ་ཞིག་གིས་ས་གནས་ས་ཐོག་ལ་དོན་རྐྱེན་བྱུང་བར་གསལ་ཁ་འབྱེད་པ་སོགས་ཕན་ཐོགས་པའི་གསལ་བཤད་ཀྱང་སླེབས་ཀྱི་འདུག ཁ་ཤས་ཀྱིས་མི་འདི་སུ་རེད་ཅེས་མཛུབ་མོ་བཙུགས་ཏེ་སྐད་ཆ་དྲིས་དུས་ལན་རྒྱག་མ་ཐུབ་པའི་དཀའ་ངལ་ཀྱང་བྱུང་གི་འདུག ཅེས་དང་།

ད་དུང་མོ་རང་ངོས་ནས་དྲི་བ་གལ་ཆེ་ཤོས་ག་རེ་བྱུང་ཡོད་མེད་སྐོར་ལ་གསར་འགོད་པས་བཅར་འདྲི་བྱས་པའི་ལན་དུ། ཁོ་མོས་ལན་རྒྱབ་དོན། སྐབས་སུ་བབས་པའི་དྲི་བའི་ནང་དུ། བོད་པ་མ་ཡིན་པ་ཞིག་གི་དྲི་བ་ལས་ང་ཚོའི་འཐབ་རྩོད་འདི་ནི་སྤྱིར་ག་འདྲ་ཞིག་ཆགས་ཡོད་པ་དང་། རྒྱལ་སྤྱིའི་སྒང་ནས་ང་ཚོའི་འཐབ་རྩོད་ག་འདྲ་ཞིག་ཡིན་པ་དེ་དང་། གཞན་ཡང་མང་པོ་ཞིག་གིས་བཙན་བྱོལ་ནང་དུ་ལས་འགུལ་ཆེན་པོ་སྤེལ་དུས། ཕྱི་རྒྱལ་རིགས་ཀྱིས་དེའི་རྒྱབ་རྗོངས་སོགས་མ་ཤེས་པར་ཆེན་པོ་བཟོ་བ་ལྟ་བུ་བྱུང་སོང་། དེའི་ལན་དུ། ང་ཚོའི་བཙན་བྱོལ་ནང་གི་ལས་འགུལ་འདི་ནི་ཅི་ཡང་མ་རེད། ང་ཚོའི་བོད་ཀྱི་འཐབ་རྩོད་ཀྱི་དཔའ་བོ་དཔའ་མོ་དངོས་ནི་བོད་ནང་དུ་བཞུགས་ཡོད་ལ། དཀའ་ལས་དངོས་ནས་རྒྱག་མཁན་ནི་ཁོ་རང་ཚོ་རེད་ཅེས་ངས་ཁོ་ཚོར་གསལ་བཤད་བྱས་པ་ཡིན། ཞེས་ཚོགས་གཙོ་ལྷ་རྒྱལ་རི་རྣམ་རྒྱལ་སྒྲོན་དཀར་གྱིས་བཅར་ལན་བཏབ་པ་བཅས།།

གསར་འགོད་པ་ཆོས་ཉིད་ཀྱིས་རྡོར་གདན་ནས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།