ང་ཚོས་ཉིན་མཚན་དུས་དྲུག་ཏུ་ཞབས་འདེགས་ཞུ་བཞིན་ཡོད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༡།༡༠ཉིན་སྤེལ། རྡོར་གདན། འདི་ག་གསར་ཁང་གི་ངོས་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་ལགས་སུ་དུས་སྐབས་དང་བསྟུན་ནས་གཞོན་ནུའི་ལས་འགུལ་ག་རེ་སྤེལ་གྱི་ཡོད་མེད་སྐོར་ལ་ཆེད་བཅར་གྱིས་བཅར་འདྲི་ཞུས་དོན།

Tibet-TYC-2017བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཞོན་རྟ་མགྲིན་སྲིད་གཅོད་ལགས་ཀྱིས་དུས་དབང་སྐབས་འདི་དང་བསྟུན་བོད་ཀྱི་གཞོན་ལྷན་ངོས་ནས་ལས་འགུལ་ག་རེ་་སྤེལ་གྱི་ཡོད་མེད་སྐོར་འདི་ག་གསར་འགོད་པར་བརྗོད་དོན། དུས་དབང་ཐེངས་༣༤པའི་སྐབས་སུ་བོད་ཀྱི་གཞོན་ལྷན་གྱིས་སྡེ་ཚན་ཁག་དགུ་ཡི་ཞབས་ཞུ་སྒྲུབ་བཞིན་ཡོད་ལ། ༡༈ མཆོད་རྟེན་རིན་པོ་ཆེི་སྒོ་ཆེན་གྱི་མདུན་འདིར་གསལ་བསྒྲགས་ཁང་དང་པོ། ༢༈ མ་གྷ་ངྷ་མཐོ་སློབ་ཀྱི་མི་མང་སྡོད་གུར་འགྲམ་དུ་གསལ་བསྒྲགས་ཁང་གཉིས་པ། (གསལ་བསྒྲགས་ཁང་དེ་གཉིས་བརྒྱུད་དེ་གསུང་ཆོས་ཀྱི་མཛད་རིམ་ཡོངས་རྫོགས་ཤིག་མི་མང་ལ་སྙན་སེང་ཞུ་བ། དད་ལྡན་ཆོས་ཞུ་བའི་སྒུ་སྒེར་གྱི་ངོས་ནས་གལ་ཆེའི་གསལ་བསྒྲགས་རིགས་སྙན་སེང་ཞུ་བ། མི་ཚོགས་མང་པོ་ཞིག་འཛོམས་པའི་སྐབས་འདིར་ཕ་མ་དང་བུ་ཕྲུག་མང་པོ་ཞིག་ཁ་བྲལ་དང་ལྷག་པར་དུ་རྒན་རྒོན་སྐོར་བ་ཕེབས་མཁན་རྣམས་འདུག་སར་ལོག་མ་ཤེས་པའི་དཀའ་ངལ་སོགས་སུ་རོགས་རམ་བྱེད་པ་བཅས་ཡིན།  དེ་བཞིན་དུ་ཅ་ལག་བོར་བརླག་མང་པོ་ཞིག་ཡོང་བསྡད་པའི་སྐབས་སུ། ཡར་སྙན་སེང་བྱུང་བ་བཞིན་དུ་གསལ་བསྒྲགས་ཁང་བརྒྱུད་དེ་བརླག་མཁན་ལ་བརྩིས་སྤྲོད་བྱེད་པ། ཛ་དྲག་གི་འབྲེལ་མཐུད་ཁང་ཞིག་བཙུགས་ཏེ་དད་ལྡན་ཆོས་པ་སུ་ལ་ཛ་དྲག་གི་དཀའ་ངལ་ག་རེ་བྱུང་བའི་རིགས་སུ་རོགས་རམ་བཅས་བྱེད་ཀྱི་ཡོད། )
༣༈ མི་འདས་གྲོང་ཕྱིན་པའི་རིགས་སུ་སྐུ་ཕུང་ཞིག་འབུལ་སོགས་ཀྱི་རོགས་རམ་བྱེད་ཀྱི་ཡོད།

༤༈ དེ་བཞིན་དད་ལྡན་སུ་ཞིག་གནས་སྐོར་ལ་ཕེབས་པར་རླངས་འཁོར་གྲ་སྒྲིག

༥༈ རླངས་འཁོར་འབབ་ཚིགས་སུ་དད་ལྡན་ཆོས་ཞུ་བ་ཚོར་སྣེ་ལེན་ལམ་སྟོན།

༦༈ སྡོད་གུར་གྱི་ས་གནས་ཆེ་ཤོས་མ་གྷ་ངྷ་མཐོ་སློབ་ཡིན་པས་ན། མི་མང་གསུང་ཆོས་སུ་ཕེབས་ཤུལ་སྡོད་གུར་སྲུང་མཁན།

༧༈ དགོང་མོར་སྡོད་གུར་ཡོངས་སུ་མཚན་སྲུང་སྐོར་བསྐྱོད་བྱེད་པ།
༨༈ བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་མི་ཉམ་ཐག་དང་སློབ་གྲྭ་ཁག་མང་པོ་ཞིག་གདན་འདྲེན་ཞུས་ཏེ་བཀའ་བརྒྱུད་དགོན་གྱི་སྨོན་ལམ་ཚོགས་ཁང་དུ་ཡོད་པ་དང་། གཞོན་ནུའི་རུ་ཁག་གཅིག་གིས་ས་གནས་དེར་ཞབས་འདེགས་ཞུ་བཞིན་ཡོད།

༩༈ ལོ་ན་བགྲེས་པ་དང་དབང་པོ་སྐྱོན་ཅན་རིགས་སུ་འདྲུད་འཁོར་བེད་སྤྱད་དེ་ཁོ་རང་ཚོ་བཞུགས་ས་ནས་གསུང་ཆོས་ར་བའི་བར་དུ་བསྐྱལ་བ་དང་། དེ་མིན་མཆོད་མཇལ་དང་སྐོར་བར་ཕེབས་མཁན་རྣམས་སུ་འདྲུད་
འཁོར་བེད་སྤྱོད་ཀྱིས་ཞབས་འདེགས་ཞུ་བ། ཞེས་བརྗོད་སོང་།

Tibet-TYC vice-2017གཞན་ཡང་ཚོགས་གཞོན་གྱིས་མུ་མཐུད་དུ་དང་བླངས་པ་ག་ཚོད་ཡོད་མེད་དང་གཞོན་ནུའི་ས་གནས་ཁག་གང་ནས་ཕེབས་སྐོར་གྱི་གནས་ཚུལ་བརྗོད་དོན།
སྡེ་ཚན་ཁག་དགུ་ཚང་མའི་འགན་ནི་གཞོན་ནུ་དབུས་སྤྱི་ཁྱབ་རྒྱུན་ལས་སུ་ཡོད་པ་དང་། ང་ཚོའི་དང་བླངས་ནང་ས་གནས་ཁག་མང་པོ་ཞིག་ནས་ཕེབས་ཡོད་ལ། ཁྱོན་བསྡོམས་དང་བླངས་པ་༢༤༠དང་དབུས་རྒྱུན་ལས་མི་༡༠བཅས་༢༥༠ཡོད། གཞོན་ནུའི་ས་གནས་ཁག་ཆ་ཚང་ནས་ཕེབས་ཐུབ་མེད།  ཕྱི་རྒྱལ་ཡུལ་གྲུ་ཁག་གི་ས་གནས་གཞོན་ནུ་དང་འབྲུག་བཅས་ནས་ཕེབས་ཐུབ་མེད། ཅེས་དང་།

ད་དུང་ཁོང་གིས་དང་བླངས་པར་དཀའ་ངལ་ཆེ་ཤོས་ཀྱི་སྐོར་ནས་བརྗོད་དོན། དང་བླངས་པ་ཚང་མར་དད་ལྡན་ཆོས་ཞུ་བར་རོགས་རམ་བྱེད་དགོས་པའི་བསམ་བློ་ཡོད་བསྡད་པ་ཞིག་རེད། ཡིན་ནའང་། དཀའ་ངལ་ཆེ་ཤོས་ནི་མཆོད་རྟེན་ཆེན་མོའི་ནང་དུ་ཕྱག་སྐོར་ལ་ཕེབས་དུས་ལག་འཁྱེར་ཁ་པར་བསྣམས་ཆོག་གི་མེད་དུས། ནང་མི་དང་བུ་ཕྲུག་མང་པོ་ཞིག་ཁ་བྲལ་ནས་གཅིག་གིས་གཅིག་ལ་རྩད་གཅོད་གཏོང་བའི་འབྲེལ་ལམ་མེད་པར་ལྷག་པ་མང་པོ་ཞིག་བྱུང་གི་འདུག དེ་ནི་ཉིན་མཚན་གཉིས་ལ་འཚོལ་གྱི་འགྲོ་དགོས་པའི་དཀའ་ངལ་འདུག དེ་མིན་དུས་དབང་ལ་བཅར་བ་མིན་པའི་རྒྱ་གར་ཡུལ་སྐོར་བ་མང་པོ་ཞིག་གིས་ཀྱང་བོར་གཏོར་བྱུང་བའི་གནས་ཚུལ་མང་པོ་ཡོད་པ་སོགས་སུ་རོགས་རམ་བྱེད་ཀྱི་ཡོད། ཅེས་གསལ་བརྗོད་གནང་སོང་།

མཐར་དུས་འཁོར་དབང་ཆེན་གྱི་སྐབས་འདིར་ང་ཚོས་དང་བླངས་ཞབས་ཞུ་བ་བྱེད་པ་མ་གཏོགས་བོད་དོན་འབྲེལ་བའི་ལས་འགུལ་ཅི་ཡང་སྤེལ་གྱི་མེད་པ་བཅས།།

གསར་འགོད་པ་ཆོས་ཉིད་ཀྱིས་རྡོར་གདན་ནས།

 

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།