དགོངས་ཚུལ།

ད་སྔ་སྡོད་གུར་བརྒྱ་ཆའི་༨༠བཀང་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༡།༠༨ཉིན་སྤེལ། ས་ཚིགས་ཆེ་ཤོས་སུ་ཡོད་པའི་སྡོད་གུར་ལ་མི་ཁྲི་གཅིག་ལྷག་གི་འཆར་གཞི་བཀོད་ཡོད་པ་དང་ད་སྔ་སྡོད་གུར་བརྒྱ་ཆའི་༨༠བཀང་འདུག ཅེས་ས་སྡོད་གུར་འགན་འཛིན་གྱིས་གསུངས་སོང་།

Tibet-Tent2-2017རྡོར་གདན། དེ་རིང་ཕྱི་ཚེས་༨ཉིན། འདི་ག་གསར་ཁང་གི་གསར་འགོད་པ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དུས་དབང་གོ་སྒྲིག་ཚོགས་ཆུང་གིས་བཀོད་སྒྲིག་གནང་བའི་མ་གྷ་ངྷ་མཐོ་སློབ་མཁྲིས་སུ་ཡོད་པའི་དད་ལྡན་ཆོས་ཞུ་བ་སེར་སྐྱ་མི་མང་རྣམས་སུ་བཞུགས་གནས་དབུ་གུར་དང་ཆུ་གློག་འཁྲིད་འཛུགས་གོ་སྒྲིག་གོ་སྒྲིག་ཚོགས་ཆུང་འབྲེལ་མཐུད་ཁང་ངམ་ས་གནས་ཆེ་ཤོས་ཀྱི་ཡུལ་དངོས་སུ་ཆེད་སྐྱོད་བྱས་ཏེ། ས་ཚིག་དེ་རུ་སྡོད་གུར་རྣམ་གྲངས་དང་ཤོང་ཚད་མ་འདྲ་བ་བརྩིས་ཏེ་ཁྱོན་བསྡོམས་༡༣༠༠ལྷག་ཅིག་ཡོད་ཅིང་། སྡོད་ས་མང་ཆེ་ཤོས་ཆོས་ཞུ་བས་ཁང་ཡོད་པར་འདུག

Tibet-Tent1-2017དེ་བཞིན་སྡོད་གུར་ས་ཚིག་ཆེ་ཤོས་ཀྱི་སྡོད་གུར་འགན་ཁུར་བ་ཀརྨ་སེང་གེ་ལགས་སུ་སྡོད་གུར་དང་སྡོད་མཁན་སྐོར་ལ་བཅར་འདྲི་ཞུས་པར། ཁོང་གིས་བརྗོད་དོན། མ་གྷ་ངྷ་མཐོ་སློབ་འདིའི་མཁྲིས་སུ་སྡོད་གུར་རྣམ་གྲངས་དང་ཤོང་ཚད་མ་འདྲ་བ་བརྩིས་ཏེ་ཁྱོན་བསྡོམས་༡༣༠༠ལྷག་ཅིག་རྒྱབ་ཡོད་ཅིང་། རྣམས་གྲངས་དེ་དག་ནི། ཤིང་ཁང་༢༨༠་ཡོད་པ་དང་གཅིག་གི་ནང་དུ་མི་བརྒྱད་ཤོང་བ། མི་བཞི་ཤོང་བའི་སྡོད་གུར་༢༧༠། མི་༨ཤོང་བའི་སྡོད་གུར་༨༠༠། གུར་ཆེན་པོ་༤༠ཡོད་པ་དང་གཅིག་གི་ནང་དུ་མི་༤༠ཤོང་བ། ཁྱོན་བསྡོམས་སྡོད་གུར་ས་ཚིག་འདིར་མི་༡༠༠༠༠ལྷག་ཤོང་བ་ཞིག་བཟོས་ཡོད། ཅེས་དང་།

Tibet-Tent4-2017གཞན་ཡང་ཁོང་གིས་མུ་མཐུད་དུ་བརྗོད་དོན། ང་ཚོས་མངག་ཉོ་བྱས་པ་ལྟར་གུར་ཆ་ཚང་རྒྱབ་པ་ཡིན་པས་སྡོད་གུར་སྟོང་པ་ཉུང་ཉུང་ཞིག་མ་གཏོགས་ལྷག་མེད། རེ་ཟུང་ཞིག་ཆོས་རར་ཐག་རིང་པོ་ཡིན་ཙང་གནས་སྤོས་སོང་བ་དང་། མི་བརྒྱད་ཤོང་བའི་སྡོད་གུར་ལ་བོད་མིའི་སྒྲིག་འཛུགས་ནས་བརྒྱ་ཆའི་༥༠མཐུན་འགྱུར་གནང་སྟེ། གུར་གླ་ཆགས་ཡང་བྱས་ཡོད་པ་དང་། རྣམས་གྲངས་གཞན་གསུམ་ལ་བརྒྱ་ཆའི་༢༥མཐུན་འགྱུར་གྱིས་གུར་གླ་དེ་བཞིན་ཆགས་ཡང་བྱས་ཡོད་པ་རེད། ད་སྔ་སྡོད་གུར་གྱི་བརྒྱ་ཆའི་༨༠བཀང་ཡོད་ལ། ཁ་ཤས་ཤིག་དུས་དབང་གི་དངོས་གཞི་ལ་ཕེབས་མཁན་ཀྱང་ཡོད། ཅེས་དང་།

དེ་མིན་ཁོང་གིས་ཆུ་གློག་གི་སྐོར་ནས་བརྗོད་དོན། སྤྱིར་ཀི་ང་ཚོས་ཆུ་གློག་གི་མཐུན་རྐྱེན་སྦྱར་གྱི་ཡོད་པ་རེད་མོད། ཆུའི་ཤུགས་ཚད་ཆུང་ཆུང་ཡིན་པས་ཆུའི་དཀའ་ངལ་ཅུང་ཙམ་འདུག་མོད། དེ་བས་ང་ཚོས་ཆུ་རླངས་འཁོར་ནང་དུ་དབོར་ནས་དཀའ་ངལ་གང་འཚམས་སེལ་ཐུབ་ཡོད། སྡོད་གུར་ས་ཚིག་འདི་ནི་བོད་པ་གཅིག་པུ་མ་ཡིན་པར་ཧི་མ་ལའི་མི་དང་ཕྱི་རྒྱལ་མི་རིགས་སོག་ས་ཕེབས་འདུག ཅེས་དང་།

Tibet-Tent3-2017ད་དུང་ཁོང་གིས་བརྗོད་དོན། ས་ཚིག་འདིར་རྒྱ་གར་ས་གནས་གཞུང་གིས་མེ་གསོད་རུ་ཁག་དང་སྐོར་སྲུང་བ་སོགས་རླངས་འཁོར་ཆེ་ཆུང་བཞི་དང་སྐོར་སྲུང་བ་མི་༥༠ལྷག་ཅིག གཞོན་ནུ་དྭང་བླངས་པས་ཉིན་མཚན་མེད་པར་བདེ་སྲུང་བྱེད་པ། འདིར་གནས་སྡོད་བྱེད་མཁན་གྱི་ཆོས་ཞུ་བ་རྣམས་གསུང་ཆོས་ར་བ་བར་དུ་ཀེ་ལོ་རྨི་ཁྲི་༢།༥ལྷག་ལ་འགྲོ་དགོས་པས་ན། ང་ཚོས་མང་ཚོགས་འགྲིམས་འགྲུལ་བདེ་བོ་ཡོང་ཆེད་དུ། ཞོགས་པ་ཡར་འགྲོ་དང་དགོང་ཁ་མར་ལོག་མཁན་རྣམས་སུ་རིན་མེད་སྤྱི་སྤྱོད་རླངས་འཁོར་༡༠ བཀོད་སྒྲིག་དང་། དགའ་ལྡན་ཕོ་བྲང་གིས་བཀའ་མོལ་གནང་བ་གཞིར་བཟུང་གིས་ཞོགས་པར་སྡོད་གུར་ནང་གི་མི་མང་ལ་གསོལ་ཇ་ཕུལ་གྱི་ཡོད། ཅེས་འགྲེལ་བརྗོད་གནང་སོང་པ་བཅས།།

གསར་འགོད་པ་ཆོས་ཉིད་ཀྱིས་རྡོར་གདན་ནས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།