དུས་དབང་ཐེངས་༣༤རྡོར་གདན་དུ་དབུ་འཛུགས་གནང་སོང་།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༡།༠༢ཉིན་སྤེལ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོར་གདན་དུ་དུས་འཁོར་དབང་ཆེན་ཐེངས་༣༤་དབུ་འཛུགས་དང་དུས་འཁོར་གྱི་སློབ་མ་རྗེས་འཛིན་ཆོ་ག་སྒྲིབ་གནང་སོང་།

དེ་རིང་སྔ་དྲོ་ཚོུད་༧ཐོག ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོར་གདན་དུ་དུས་འཁོར་དབང་ཆེན་ཐེངས་༣༤་དབུ་འཛུགས་དང་། ཐེངས་འདིའི་དུས་དབང་སྐབས་ཨ་རི་དང་ཡུ་རོབ། རྒྱ་ནག་སྐམ་ཆེན་མོའི་གཙོས་ཨེ་ཤ་ཡའི་རྒྱལ་ཁབ་ཁག་བཅས་ཁྱོན་འཛམ་གླིང་གི་རྒྱལ་ཁབ་ ༦༩ ནས་མདང་དགོང་བར་དུ་དད་ལྡན་ཆོས་ཞུ་བ་འབུམ་གཅིག་ལས་བརྒལ་བ་འབྱོར་ཡོད་འདུག

༧གོང་ས་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་སློབ་མ་རྗེས་འཛིན་སྐབས་སུ་འབྲེལ་ཡོད་ཀྱི་བཀའ་སློབ་གཟབ་མོ་སྩལ་དོན།
རྒྱ་གར་འཕགས་པའི་ཡུལ་གྱི་དམ་པ་མཁས་པའི་དབང་བོ་ཁག་དང་བོད་ཀྱི་མཁས་པ་མང་པོས་ཞབས་ཀྱིས་བཅག་པ་ལ་བརྟེན་ནས་དུས་འཁོར་དབང་ཆེན་ཚོགས་རྒྱུར་གཏན་འཁེལ་བྱུང་བ་ཞིག་ཡིན་པ་རེད། ཅེས་དང་།

གཞན་ཡང་ངོས་རྒྱ་གར་ལ་སླེབས་རྗེས་དུས་དབང་ཐེངས་དང་པོ་དེ་རྒྱ་གར་བྱང་ཕྱོགས་ངྷ་རམ་སར་གནང་གྲུབ་རྗེས་ཀྱི་དགོང་མོ་དེར། ངོས་རང་དཀྱིལ་འཁོར་གྱི་དབུས་སུ་ཡོད་པ་ཞིག་དང་ཕྱོགས་གྲྭ་ཁག་མཐའ་ནས་ཡོད་པའི་རྨི་ལམ་ཞིག་རྨིས་བྱུང་བ་དེ་ནི། ད་ལྟའི་བར་དུ་དུས་དབང་ཐེངས་༣༤་གནང་ཐུབ་པའི་སྔ་བལྟས་བཟང་པོ་ཞིག་ཡིན་པ་ཤེས་སོང་། ཞེས་དང་།

དེ་མིན་མགོན་པོ་གང་ཉིད་ཀྱིས་ཆོས་ཆོས་སུ་སོང་བའི་བློ་ཞིག་ཡིན་དགོས་པ་དང་། སེམས་སུ་བསྒྱུར་བཅོས་གཏོང་དགོས་པ་ཞིག་རེད། དེ་མ་ཡིན་ན། རྡོར་གདན་དུ་སླེབས་པ་ནི་གནས་མཇལ་དུ་སླེབས་པ་དང་གཅིག་མཚུངས་རེད། གང་ལྟར་བདུན་ཕྲག་གཉིས་རིང་དུས་དབང་ཞུས་རྗེས་ངའི་མི་ཚེ་ལ་འགྱུར་བ་ཕྱིན་སོང་ཟེར་བ་ཞིག་ཡིན་དགོས་པ་རེད། ཅེས་བཀའ་སློབ་ཟབ་མོ་གནང་འདུག

སྤྱིར་ཐེངས་འདིའི་ཆོས་འབྲེལ་རྣམས་སྐད་ཡིག་ཁག་ ༢༠ ཐོག་ཐད་ཀར་གསུང་བསྒྱུར་ཞུ་བཞིན་འདུག་པ་མ་ཟད།  དྲ་རྒྱའི་ལམ་ནས་འཛམ་གླིང་ས་ཕྱོགས་གང་ས་ནས་གསུང་ཆོས་ཞུ་ཐུབ་པའི་མཐུན་རྐྱེན་ཡང་བསྐྲུན་ཡོད། ཐད་ཀར་གསུང་སྒྱུར་ཞུ་བཞིན་པའི་སྐད་ཡིག་དེ་དག་ནི། ཨིན་སྐད་དང་། རྒྱ་སྐད། ཝི་ཏི་ནམ། ཀོ་རི་ཡ། ཧིན་དི། ཉི་ཧོང་། ཐའེ་ལན་ཌི། སི་པན། སོག་སྐད། ཨི་ཊ་ལི། ཝེ་ཐི་ནམ། ཕ་རན་སི། པོར་ཏུ་གྷལ། བལ་པོ། ལ་དྭགས། འབྲུག ཁམས་སྐད་ཁག་གཉིས། ཨ་མདོའི་སྐད་བཅས་ཡིན་འདུག

ཕྱི་ཚེས་ ༥ ཉིན་གྱི་ཉིན་བརྒྱབ་ནས་ཉིན་བཞིའི་རིང་སློབ་དཔོན་ཀརྨ་ལེགས་བཤད་ཀྱིས་མཛད་པའི་སྒོམ་རིམ་བར་མ་གཙོ་བོ་མཛད་དེ་སློབ་དཔོན་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་བཀའ་འཁྲིད་གནང་རྒྱུ་ཡིན་པ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།