བོད་མི་ཉམས་ཞིབ་པ་གང་མང་རྒྱལ་སྤྱིའི་སྡིངས་ཆར་ཐོན་པའི་རེ་བ་ཡོད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༡༢།༢༧ཉིན་སྤེལ། སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཚོར་ཉམས་ཞིབ་ལས་དོན་དང་འབྲེལ་བའི་ཤེས་བྱ་གོང་སྤེལ་གཏོང་ཆེད་དུ་མཁས་དབང་ཁག་གཅིག་གདན་ཞུ་གནང་སྟེ། འབྱུང་འགྱུར་བོད་རིགས་ཉམས་ཞིབ་པ་གང་མང་རྒྱལ་སྤྱིའི་སྡིངས་ཆའི་སྟེང་འཐོན་ཐུབ་པའི་རེ་བ་ཡོད། ཅེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བརྗོད་སོང་།

Tibet-Conference-2016དེ་རིང་སྔ་དྲོ་ཚོུད་༩།༠༠ཡོལ་ཙམ་ལ། བཞུགས་ངྷ་སར་ཡོད་པའི་གངས་སྐྱིད་གཉའ་ཚོགས་ཁང་དུ། བཱེ་སི་ཁྲི་མས་ནི་ཁྲིར་གཙུག་ལག་སློབ་གྲྭའི་མང་གཙོ་དོན་གཉེར་ལྟེ་གནས་དང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གཉིས་ཀྱིས་རྒྱ་ནག བོད་དང་ཧི་མ་ལ་ཟེར་བའི་བརྗོད་གཞིའི་ཐོག་ཉིན་གཅིག་བགྲོ་གླེང་སྐོང་ཚོགས་ཤིག་གནང་སོང་།

དེ་ཡང་གོང་ཚེས་ཉིན་ཚོགས་འདུའི་ཐོག སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་དང་།  ཨིན་ཡུལ་ཝེ་སི་མིན་སི་ཊར་གཙུག་ལག་སློབ་གྲྭའི་ཆབ་སྲིད་དང་རྒྱལ་སྤྱིའི་འབྲེལ་ལམ་ཚན་པའི་འགན་འཛིན་སྐུ་ཞབས་ཌིབ་ཡེ་ཤི་ཨཱ་ནནྡ་ Dibyesh Anand ལགས་དང་། གཙུག་ལག་སློབ་ཁང་དེ་ཉིད་ཀྱི་འབུམ་རམས་པ་ལྕམ་སྐུ་ནི་ཏ་ཤ་ཀོལ་Dr.Nitasha Kaul ལགས སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས། དེ་མིན་གཞུང་ཞབས་ཀྱི་དྲུང་ཆེ་དང་སྲི་ཞུ་བའི་ལས་བྱེད་བཅས་མི་གྲངས་བརྒྱ་ལྷག་ཅིག་གིས་ཚོགས་ཁང་ཡོངས་སུ་བཀང་སོང་།

ཚོགས་འདིའི་ཐོག་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བརྗོད་དོན། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནི་བཀའ་ཤག་གི་ལྔ་དང་ལྔ་བཅུའི་སྲིད་བྱུས་ཀྱི་ཆ་ཤས་གལ་ཆེན་ཞིག་ཡིན་པ་དང་།
སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཚོར་ཉམས་ཞིབ་ལས་དོན་དང་འབྲེལ་བའི་ཤེས་བྱ་གོང་སྤེལ་གཏོང་ཆེད་དུ་མཁས་དབང་ཁག་གཅིག་གདན་ཞུ་གནང་སྟེ། འབྱུང་འགྱུར་བོད་རིགས་ཉམས་ཞིབ་པ་གང་མང་རྒྱལ་སྤྱིའི་སྡིངས་ཆའི་སྟེང་འཐོན་ཐུབ་པའི་རེ་བ་དང་། དེའི་ཐད་བཀའ་ཤག་ནས་ལམ་གྲོན་གྱི་མཐུན་འགྱུར་ཡང་གང་ཙམ་སྦྱར་རྒྱུའི་འཆར་གཞི་བང་སྒྲིག་ཡོད་ལ། སྲིད་བྱུས་ཉམས་ཞིབ་ཁང་གིས་མ་འོངས་པར་དབུས་བོད་མིའི་སྒྲིག་འཛུགས་ལ་མཐུན་འགྱུར་རོགས་རམ་གནང་དགོས་པ་བཅས་ཀྱི་སྐོར་ནས་གསུངས་བཤད་གནང་སོང་།

Tibet-ChinaTibet and Himalayasཚོགས་འདུ་དེ་བཞིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་དབྱིན་ཡུལ་རྒྱལ་ས་ལོན་ཌོན་དུ་རྟེན་གཞི་བྱས་པའི་ Westminster མཐོ་སློབ་ཀྱི་མང་གཙོ་ལྟེ་གནས་ཁང་གཉིས་ཟུང་སྦྲེལ་ཐོག་གོ་སྒྲིག་གནང་བ་ཞིག་ཡིན་པ་དང་། ལོན་ཌོན་དུ་རྟེན་གཞི་བྱས་པའི་ཝེ་སི་མིན་སི་ཊར་གཙུག་ལག་སློབ་ཁང་དེའི་སློབ་དཔོན་ Dibyesh Anand དང་འབུམ་རམས་པ་ལྕམ་སྐུ་Dr. Nitasha Kaul རྣམ་གཉིས་ཆེད་ཕེབས་ཀྱིས། རྒྱ་ནག་གི་མི་སེར་སྤེལ་ཡུལ་རིང་ལུགས་དང་དེ་འབྲེལ་བོད་དང་རྒྱ་གར་སོགས་ཀྱིས་གདོང་ལེན་བྱེད་དགོས་པའི་གནད་དོན་ཇི་ཡོད་སྐོར།  དེ་བཞིན་འབྲུག་དང་ཧི་མཱ་ལ་ཡ་ཁུལ་གྱི་ས་བབ་གནས་སྟངས་subaltern geopolitics སྐོར་བཅས་ཀྱི་ཐོག་གསུང་བཤད་དང་དྲི་བ་དྲིས་ལན་གནང་ཡོད།

ཕྱོགས་མཚུངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་འབུམ་རམས་པ་བསྟན་འཛིན་ཚུལ་ཁྲིམས་ལགས་དང་། འབུམ་རམས་པ་བསྟན་འཛིན་བདེ་གསལ་ལགས། དེ་བཞིན་འབུམ་རམས་པ་རིག་འཛིན་རྡོ་རྗེ་ལགས། ཉམས་ཞིབ་པ་བདེ་ཆེན་དཔལ་མོ་ལགས་དང་ཉམས་ཞིབ་པ་ཤེས་རབ་འོད་གསེར་ལགས་བཅས་ཀྱིས་མཐོ་སྒང་བོད་དུ་དྲག་པོའི་དམག་དཔུང་རྒྱ་སྐྱེད་གཏོང་བཞིན་པ་དང་། ས་ཁྲ་འབྲི་བཀོད་དང་འབྲེལ་མི་སེར་སྤེལ་ཡུལ་རིང་ལུགས་དར་རྗེས་སུ་བོད་ཀྱི་ས་བབ་ཀྱི་གནས་སྟངས། བོད་ཀྱི་ས་ཁུལ་མང་པོ་ཞིག་གྲོང་ཁྱེར་ཅན་དུ་བསྒྱུར་རྒྱུའི་ལས་གཞི། ཡར་ཀླུངས་གཙང་པོ་དང་འབྲེལ་རྒྱ་ནག་གཞུང་གི་དམིགས་ཡུལ། དེ་བཞིན་བོད་ཀྱི་རིག་གཞུང་རྩ་བརླག་ཏུ་གཏོང་རྒྱུའི་སྐོར་བཅས་རང་ཉིད་ཀྱིས་ཉམས་ཞིབ་གནང་བའི་བརྗོད་གཞི་ཁག་གི་ཐོག་གསུང་བཤད་དང་ཚོགས་བཅར་བའི་དྲི་བར་ལན་འདེབས་བཅས་ཉིན་གཅིག་རིང་ཚོགས་རྒྱུ་ཡིན་འདུག

Tibet-Panel-2016དེ་ཡང་གསར་འགོད་པས་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་སུ་གོང་གི་ཚོགས་འདུའི་སྐོར་བཅར་འདྲི་ཞུས་པ་ལས། ཁོང་གིོས་བརྗོད་དོན།  "འདི་ལྟར་བགྲོ་གླེང་སྐོང་དགོས་དོན་ནི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཚོར་སྡིངས་ཆ་ཞིག་བསྐྲུན་སྟེ། སོ་སོའི་ཉམས་ཞིབ་ལ་གདེང་ཚོད་ཡོད་པ་དང་། ཉམས་ཞིབ་གཞན་ལ་ཚད་མཐོ་བའི་ངང་འགྲེལ་བཤད་སྐྱོན་ཐུབ་པའི་ཉམ་མྱོང་གསོག་ཆེད་ཡིན། "ཞེས་དང་། ང་རང་ཚོའི་ངོས་ནས་ཡར་རྒྱས་སུ་གཏོང་དགོས་པ་གཙོ་བོ་ནི། "ང་ཚོའི་ཉམས་ཞིབ་པ་ཚོར་མཐོང་རྒྱ་མེད་པ་དང་། ཉམས་ཞིབ་རྙིང་པ་དེ་རྣམས་ལས་བྱེད་ནང་ནས་ཡོང་བ་ཡིན་པས། སོ་སོའི་ཉམས་ཞིབ་ཀྱི་རྒྱུ་ཆ་མང་པོ་ཞིག་མིས་མགོ་འཚོས་པ་དང་བསམ་བློར་འགྱུར་བ་གཏོང་ཐུབ་པའི་སྒྲིག་སྦྱོར་ལ་་ཤུགས་རྒྱག་དགོས་ཀྱི་འདུག་བསམ། "ཞེས་བརྗོད་སོང་པ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།