དགེ་བཤེས་མའི་གྲྭ་བསྐོར་དམ་བཅའ་ཚོགས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༡༢།༡༣ཉིན་སྤེལ། མོན་གྷོ་བཙུན་དགོོན་བྱང་ཆུབ་ཆོས་གླིང་དུ་དགེ་བཤེས་མའི་གྲྭ་བསྐོར་དམ་བཅའ་ཚོགས་ཡོད་པའི་གནས་ཚུལ་འདུག

dunchaའདི་ག་གསར་ཁང་དུ་གནས་ཚུལ་བཏང་འབྱོར་ལྟར་ན། དགེ་བཤེས་མའི་སློབ་པ་མཐར་སོན་བཙུན་མ་ ༢༠ རྣམས་ཀྱིས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་བཙུན་དགོན་བྱང་ཆུབ་ཆོས་གླིང་དུ་དགེ་བཤེས་མའི་གྲྭ་བསྐོར་དམ་བཅའ་འཇོག་འགོ་ཚུགས་ཡོད་འདུག

དེ་ཡང་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་གཙོ་འགན་བཞེས་པའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་དགོངས་བཞིན་ཕྱི་ལོ་ ༢༠༡༢ ལོར་བོད་ཀྱི་བཙུན་དགོན་དང་སློབ་གཉེར་ཁང་ནས་གཞུང་ཆེན་བསླབ་པ་མཐར་སོན་བཙུན་མ་རྣམས་ལ་དགེ་བཤེས་མའི་རྒྱུགས་སྤྲོད་དང་མཚན་རྟགས་འབུལ་ཕྱོགས་ཀྱི་སྒྲིག་གཞི་ཞེས་པ་གསར་དུ་གཏན་ལ་ཕབ་ཅིང་། ཕྱི་ལོ་ ༢༠༡༣ ནས་ ༢༠༡༦ བར་རྒྱུགས་སྤྲོད་ཀྱི་ལས་རིམ་རྣམས་ཚགས་ཚུད་བསྐྱངས་འབྲས། ཕྱི་ཚེས་༡༢བཟུང་ཉིན་བཞིའི་རིང་དགེ་བཤེས་མའི་སློབ་པ་མཐར་སོན་བཙུན་མ་ ༢༠ རྣམས་ཀྱིས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་བཙུན་དགོན་བྱང་ཆུབ་ཆོས་གླིང་དུ་དགེ་བཤེས་མའི་གྲྭ་བསྐོར་དམ་བཅའ་འཇོག་འགོ་ཚུགས་ཡོད། ཅེས་དང་།

གཞན་ཡང་དགེ་བཤེས་དམ་བཅའ་ནི་ལོ་རྒྱུས་ཀྱི་རྒྱུན་དང་ལྡན་པའི་ཕྱག་བཞེས་གལ་ཆེན་ཞིག་ཡིན། དེ་རྗེས་ཕྱི་ཚེས་ ༢༢ ཉིན་འབྲས་སྤུངས་བླ་སྤྱིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དགེ་བཤེས་མའི་མཚན་རྟགས་ཀྱི་ཕྱག་འཁྱེར་ཞུ་འཆར་ཡོད་འདུག

དེ་མིན་ཆོས་རིག་ལས་ཁུངས་དང་། དགེ་བཤེས་མའི་རྒྱུགས་སྤྲོད་དོ་དམ་ལྷན་ཚོགས། དེ་བཞིན་བཙུན་དགོན་བྱང་ཆུབ་ཆོས་གླིང་ནས་ཇི་ལྟར་གསོལ་པ་བཏབ་པ་ལྟར་༸སྐྱབས་རྗེ་དགའ་ལྡན་ཁྲི་ཟུར་རི་རྫོང་སྲས་སྤྲུལ་རིན་པོ་ཆེ་མཆོག་དམ་བཅའི་ཚོགས་མགོན་དུ་༸ཞབས་སོར་བཀའ་དྲིན་བསྐྱངས་པ་དང་། འདུས་ཚོགས་ནས་སེར་བང་བསྟར་སྒྲིག་ཕེབས་བསུ་ཞུས། ༸སྐྱབས་རྗེ་མཆོག་ནས་རྟེན་གཙོ་སྤྱན་སྔར་སྐུ་ཕྱག་དང་འབྲེལ་བཞུགས་ཁྲིར་འཁོད་རྗེས་འདུས་ཚོགས་རྣམས་འདུ་ཁང་དུ་ཕེབས་འཛོམས་ཐོག དབུ་མཛད་ལགས་ཀྱིས་སྒྲོལ་མ་དང་། ཤེས་རབ་སྙིང་པོ། པཎ་གྲུབ་བསྟོད་ཆེན། གང་བློ་མ་བཅས་གསུང་བསྐུལ་ཞུས། མཁན་ཚབ་དགེ་བཤེས་པ་སངས་འབྲུག་སྒྲ་ལགས་ནས་རྟེན་གསུམ་འདེགས་འབུལ་དང་། དགེ་བཤེས་མ་རྣམས་ཡར་འདུ་ཁང་དུ་ཕེབས། སྐུ་ཕྱག་ཕུལ། བཞུགས་ཁྲི་རིན་པོ་ཆེ་དང་དབུ་བཞུགས་ཀྱི་མཇལ་ཁ་ཞུས། དེ་ནས་མཆོད་བརྗོད་གསུངས། མཐར་གཞུང་ཆེན་བཀའ་པོད་ལྔའི་དམ་བཅའི་ཚིག་རྣམས་རིམ་བཞིན་གསུངས་གྲུབ་མཚམས། ཚད་མའི་དམ་བཅའ་དབུ་ཚུགས་འདུག

དེ་ལྟར་ཆོས་རིག་ལས་ཁུངས་ཀྱིས་གནས་ཚུལ་བཏང་དོན། ཞོགས་པ་ཆུ་ཚོད་ ༨་༣༠ ནས་ ༡༡ བར་ཚད་མ་དང་། ༣་༠༠ ནས་ ༤་༣༠ བར་དབུ་ཕར། དགོང་དྲོ་ཆུ་ཚོད་ ༦་༠༠ ནས་ ༧་༣༠ བར་འདུལ་མཛོད་ཀྱི་དམ་བཅའ་ཚོགས་རྒྱུ། ཉིན་འདིའི་དམ་བཅའ་བ་རྣམས་ནི་བྱང་ཆུབ་ཆོས་གླིང་གི་དགེ་བཤེས་མ་ཕུན་ཚོགས་སྒྲོལ་དཀར་དང་། དགེ་བཤེས་མ་ངག་དབང་ཆོས་སྐྱིད། འཇམ་དབྱངས་ཆོས་གླིང་གི་དགེ་བཤེས་མ་བསྟན་འཛིན་བདེ་ལྡན། སྒྲོལ་མ་གླིང་གི་དགེ་བཤེས་མ་བདེ་ལེགས་སྒྲོལ་མ་དང་། དགེ་བཤེས་མ་བདེ་ལེགས་དཔལ་མོ་བཅས་ཡིན། ཉིན་རེར་དགེ་བཤེས་མ་ལྔ་ཡིས་དམ་བཅའ་འཇོག་གི་ཡོད་པ་བཅས་ཀྱི་གནས་ཚུལ་མདོར་བསྡུས་བཅས།།

གསར་འགོད་པ།ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།