༧གོང་ས་མཆོག་ལ་ནོ་སྦེལ་གཟེངས་རྟགས་འབུལ་བཞེས་ཀྱི་ཉིན་མོ་སྲུང་བརྩི།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༡༢།༡༢ཉིན་སྤེལ། ༧གོང་ས་མཆོག་ལ་འཛམ་གླིང་ནང་ཆེས་སྙན་གྲགས་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་གཞུང་འབྲེལ་མཛད་སྒོ་ཐེངས་ ༢༧ པ་སྲུང་བརྩི་ཞུས་སོང་།

དེ་ཡང་བོད་རྒྱལ་ལོ་ ༢༡༤༣ ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༡༠ ཉིན། བོད་ཀྱི་བླ་ན་མེད་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་༧རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་འཛམ་གླིང་ནང་ཆེས་སྙན་གྲགས་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་གཞུང་འབྲེལ་མཛད་སྒོ་ཐེངས་ ༢༧ པ་སྲུང་བརྩི་ཞུས་སོང་།

གཞན་ཡང་མཛད་རིམ་གྱི་ཐོག་མར་ཚོགས་བཅར་བ་ཚང་མས་སྐུ་བཞེངས་ཐོག་བོད་ཀྱི་ཟློས་གར་ཚོགས་པ་ནས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དབྱངས་སུ་གྱེར། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བོད་ཀྱི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་།

དེ་རྗེས་བོད་ཀྱི་ཟློས་གར་ཚོགས་པ་ནས་ནོ་བེལ་ཞི་བདེའི་གཟེངས་རྟགས་ཀྱི་ཆེ་བསྟོད་མཉམ་གཞས་འབུལ་ལམ་ཞུས་གྲུབ་བསྟུན། འཕྲོད་བསྟེན་ལས་ཁུངས་ནས་བོད་མིའི་སྤྱི་ཚོགས་ནང་འཕྲོད་བསྟེན་དང་འབྲེལ་བའི་སྲི་ཞུ་གནང་མཁན་ལས་བྱེད་གཅིག་ལ་ཞབས་ལོ་ ༢༥ ཧྲིལ་པོ་འཁོར་བའི་གཟེངས་བསྟོད་ལེགས་སྐྱེས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ནས་ཕུལ་ཡོད།

དེ་རྗེས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་སྒྲོག་སྦྱངས་གནང་རྗེས། བོད་མིའི་སྒྲིག་འཛུགས་ལས་བྱེད་འདེམས་ལྷན་ནས་སྲི་ཞུ་བ་ལུགས་མཐུན་བགྲེས་ཡོལ་དང་། བགྲེས་ཡོལ་སྔ་བསྣུར་ཕེབས་མཁན་ལ་རྗེས་དྲན་ལེགས་གསོལ་ཕྱག་ཁྱེར་དང་། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་བརྙན་བྱིན་རན་རེ་འབུལ་སྲོལ་ཡོད་པ་ལྟར་འདི་ལོ་འཕྲོད་བསྟེན་བཀའ་ཟུར་ཚེ་རིང་དབང་ཕྱུག་མཆོག་ལ་དཔལ་ལྡན་སྲིད་སྐྱོང་མཆོག་ནས་གསོལ་རས་གནང་རྒྱུ་དང་།

དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བཀའ་ཤག་གི་གསུང་བཤད་གནང་།
གསུང་བཤད་གྲུབ་རྗེས་བོད་ཀྱི་ཟློས་གར་ཚོགས་པ་ནས་འཁྲབ་གཞས ༼ སྒྲ་ལ་སྙན་པའི་སྲུང་ ༽ ཞེས་པ་གཟིགས་འབུལ་ཞུས་བསྟུན། གཞུང་འབྲེལ་མཛད་སྒོ་གྲུབ།

མཛད་སྒོ་ལེགས་གྲུབ་རྗེས་བཀའ་སྤྱི་མཐུན་མོང་ནས་བོད་སྤྱི་ཡོངས་ཀྱི་གནས་སྟངས་དང་ལྷག་པར་གསེར་རྟ་བླ་རུང་ནང་བསྟན་སློབ་གླིང་གཏོར་བཤིག་གཏོང་བཞིན་པར་གདུང་སེམས་མཉམ་སྐྱེའི་མཆོད་འབུལ་སྨོན་ལམ་གོ་སྒྲིག་གནང་ཡོད་པ་བཅས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།