རྒྱ་གར་གྲོས་ཚོགས་ཀྱི་མི་སྣ་གལ་ཆེན་ལ་མཇལ་འཕྲད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༡༢།༠༢ཉིན་སྤེལ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གིས་རྒྱ་གར་གྲོས་ཚོགས་གོང་འོག་གི་འཐུས་མི་རྣམས་ལ་མཇལ་འཕྲད་ཀྱི་ལས་རིམ་དང་བསྟུན་རྒྱ་གར་གྲོས་ཚོགས་ཀྱི་མི་སྣ་གལ་ཆེན་ལ་མཇལ་འཕྲད་གནང་ཐུབ་ཡོད་འདུག

དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་དྲ་བར་འཁོད་དོན། ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༢༡ ནས་བཟུང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གིས་རྒྱ་གར་གྲོས་ཚོགས་གོང་འོག་གི་འཐུས་མི་རྣམས་ལ་མཇལ་འཕྲད་ཀྱི་ལས་རིམ་དང་བསྟུན་རྒྱ་གར་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Shanta Kumar མཆོག་གི་ལྷན་དུ་ ༢༠༡༦ ཟླ་ ༡༡ ཚེས་ ༣༠ རེེས་གཟའ་ལྷག་པའི་ཉིན་རྒྱབ་ཆུ་ཚོད་ ༡།༣༠ ཐོག་གྲོས་ཚོགས་ཀྱི་ཚོགས་གཙོའི་ལས་ཁུངས་ནང་རྒྱ་གར་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ Sumitra Mahajan མཆོག་དང་མཇལ་འཕྲད་ཞུས། སྐབས་དེར་སྐུ་ཞབས་ Shanta Kumar མཆོག་གིས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་མཚན་ཐོག་ནས་བོད་དོན་དང་འབྲེལ་བའི་ཞུ་སྙན་ཞིག་ཕུལ་བ་དང། བོད་མིའི་མང་གཙོའི་སྒྲོམ་གཞི་ཚད་ལྡན་ཡོད་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་བསྔགས་བརྗོད་དང་། ༸གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས་དྷ་རམ་ས་ལ་དེ་བཞིན་ཡུལ་སྐོར་བ་ཡོང་སའི་ལྟེ་གནས་ཤིག་ཏུ་གྱུར་ཡོད་པ་སོགས་ཞིབ་ཕྲ་སྙན་སེང་ཞུས།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་ཚོགས་གཙོ་ལྕམ་སྐུ་མཆོག་ལ་སྟོན་པའི་སྐུ་ཐང་ཞིག་ཕྱག་རྟགས་སུ་ཕུལ་ནས་ད་ཐེངས་ཚོགས་གཙོ་མཆོག་ལ་ཞུ་དོན་གཙོ་བོ་བོད་ནང་ཛ་དྲག་གི་གནས་སྟངས་སོགས་གནད་དོན་སྙན་སེང་ཞུས། ཚོགས་གཙོ་ལྕམ་སྐུ་མཆོག་ནི་བོད་དོན་ཐོག་ལ་མཁྱེན་རྒྱ་ཡངས་ཤིང་། ད་རེས་ཀྱང་གནད་དོན་སྙན་སེང་ཞུས་པ་ཁག་ལ་དགོངས་བཞེས་གནང་རྒྱུ་ཞལ་བཞེས་གནང་ཡོད།ཅེས་བཀོད་འདུག

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།