བོད་མིའི་དགུན་ཚོང་ཁྲོམ་ར་ཡོངས་སུ་འཚིག་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༡༡།༠༨ཉིན་སྤེལ། བོད་མིའི་དགུན་ཚོང་ཁྲོམ་ར་ཡོངས་སུ་འཚིག་འདུག་པའི་གནས་ཚུལ་འབྱོར་སོང་།

མདང་དགོང་མཚན་གུང་ཆུ་ཚོད་༡༢།༣༠ཐོག རྒྱ་གར་རྒྱལ་ས་ལྡི་ལིར་ཡོད་པའི་བོད་མིའི་དགུན་ཚོང་ཁྲོམ་ར་ཡོངས་སུ་འཚིག་འདུག་པའི་གནས་ཚུལ་འབྱོར་སོང་།

འདི་ག་གསར་འགོད་པས་རྒྱུས་ལོན་བྱས་པ་ལྟར་ན།  གློ་བུར་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ལཱ་ལི་ཀེ་ལ་བོད་མིའི་དགུན་ཚོང་ཁྲོམ་ར་ཡོངས་སུ་མེ་ཡིས་འཚིག་ཡོད་པ་དང་། ཁྲོམ་ར་དེར་དགུན་ཁའི་གྱོན་པ་བཙོང་མཁན་གྱི་བོད་མི་གཙོས་དགུན་ཚོང་བ་༡༣༨་ཙམ་གྱི་ཚོང་ཁང་ཡོད་པ་དང་། དགུན་དུས་སླེབས་ལ་ཉེ་བས་ཚོང་པ་ཚོས་ཚོང་ཟོག་མང་པོ་བསྒྲིགས་ཡོད་པ་ཡོངས་སུ་འཚིག་ནས་དཔལ་འབྱོར་གྱི་གྱོང་གུད་ཚབས་ཆེན་བྱུང་འདུག

མདང་དགོང་མཚན་གུང་ཆུ་ཚོད་༡༢།༣༠ ཙམ་ལ་ཁྲོམ་རའི་གློག་སྐུད་ལ་མེ་སྐྱོན་བྱུང་ཡོད་པར་ལྷག་རླུང་གི་རྐྱེན་པས་མེ་གསོད་མ་ཐུབ་པར་བརྟེན། ཚོང་ཁང་ ༡༣༨ ལ་མེ་སྐྱོན་ཚབས་ཆེན་བྱུང་ནས་ཅ་དངོས་ཡོངས་སུ་འཚིག་སྟེ་བོད་མི་དགུན་ཚོང་པ་རྣམས་བུ་ལོན་གྱི་སྒང་ལ་བུ་ལོན་ཆགས་བསྡད་ཡོད་པ་དང་། མེ་སྐྱོན་འདི་ཡིས་ཧིན་སྒོར་Crore ༡༢ ལས་མང་བ་མེད་ནའང་ཉུང་བ་མེད་པའི་དཔལ་འབྱོར་གྱི་གྱོང་གུད་བཟོས་ཡོད་འདུག་པ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།