༧གོང་ས་མཆོག་ཉི་ཧོང་ཁུལ་དུ་ཆིབས་སྒྱུར་བསྐྱངས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༡༡།༠༧ཉིན་སྤེལ། དེ་རིང་སྔ་དྲོར་༧གོང་ས་མཆོག་བཞུགས་སྒར་ཕོ་བྲང་ནས་ཉི་ཧོང་དུ་མང་ཚོགས་ལ་བཀའ་སློབ་དང་ཆོས་འབྲེལ་སོགས་ཀྱི་མཛད་འཕྲིན་རྒྱ་ཆེ་བསྐྱང་ཆེད་ཆིབས་སྒྱུར་བསྐྱང་གནང་འདུག

དེ་རིང་སྔ་དྲོར་༧གོང་ས་མཆོག་བཞུགས་སྒར་ཕོ་བྲང་ནས་ཉི་ཧོང་དུ་མང་ཚོགས་ལ་བཀའ་སློབ་དང་ཆོས་འབྲེལ་སོགས་ཀྱི་མཛད་འཕྲིན་རྒྱ་ཆེ་བསྐྱང་ཆེད་ཆིབས་སྒྱུར་བསྐྱང་སྐབས། བོད་མི་གཙོ་བོར་གྱུར་བའི་དད་ལྡན་མང་ཚོགས་རྣམས་ཀྱིས་ལག་ཏུ་དཀར་གཙང་མཇལ་དར་སོགས་ཐོགས་ཏེ་ཕེབས་སྐྱེལ་ཞུས་འདུག

དེ་ཡང་མཛད་འཆར་ལྟར་ན། ༸གོང་ས་མཆོག་ཕྱི ཟླ་ ༡༡ ཚེས་ ༨ ནས་ ༢༧ བར་ཉི་ཧོང་གི་མཛད་འཆར་ཁོངས། ཕྱི་ཚེས་ ༡༧ ཉིན་རྒྱབ་ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་གསོལ་འདེབས་གོ་སྒྲིག་ཞུས་དོན་ལྟར། ཉི་ཧོང་གི་གྲོང་ཁྱེར་ཡོ་ཀོ་ཧ་མའི་པེ་སི་ཕི་ཀོའི་ཚོགས་ཁང་ནང་ Pacifico Yokohama Hall བྱམས་བརྩེ་ནི་བདེ་སྐྱིད་ཀྱི་རྩ་བ་ཡིན། Compassion – The Key to Happiness ཞེས་པའི་བརྗོད་གཞིའི་ཐོག་མི་མང་ལ་བཀའ་སློབ་བསྩལ་རྒྱུ་དང་།

དེ་བཞིན་གྲོང་ཁྱེར་ཀྱོ་ཏོ་ Kyoto དང་ཀོ་ཡ་སན་ Koyasan སོགས་སུ་མང་ཚོགས་ལ་བཀའ་སློབ་དང་ཆོས་འབྲེལ་སོགས་ཀྱི་མཛད་འཕྲིན་རྒྱ་ཆེ་བསྐྱངས་གྲུབ་རྗེས་ཕྱི་ཚེས་ ༢༨ ཉིན་རྒྱ་གར་རྒྱལ་ས་ལྡི་ལི་བརྒྱུད་བཞུགས་སྒར་དུ་༸ཞབས་སོར་འཁོད་རྒྱུ་ཡིན་འདུག

སྤྱིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་དུ་ཕྱི་ལོ་ ༡༩༦༧ ལོར་ཆིབས་སྒྱུར་ཐེངས་དང་པོ་དེ་བསྐྱངས་ཡོད་པ་དང་།   དེ་རྗེས་ད་ཐེངས་ཆིབས་སྒྱུར་ཐེངས་ ༢༣ ཡིན་འདུག་པ་བཅས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།