སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེར་བརྟན་བཞུགས་རྒྱས་འབུལ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༡༡།༠༧ཉིན་སྤེལ། གཡུང་དྲུང་བོན་གྱི་དབུ་ཁྲིད་བླ་ཆེན་སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེར་བོད་གཞིས་བྱེས་གཉིས་ནས་བརྟན་བཞུགས་རྒྱས་འབུལ་ཞུས་ཡོད་འདུག

14889705 1818207255123306 7483596957351213973 oཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༣༡ ནས་ཟླ་ ༡༡ ཚེས་ ༢ ཉིན་སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་ལ་བཀའ་དྲིན་རྗེས་དྲན་མཎྚལ་བརྟན་བཞུགས་བསྟར་འབུལ་གྱིས་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་སྐྱབས་རྗེ་མཁན་སློབ་རྣམ་གཉིས་ལ་བཀའ་དྲིན་རྗེས་དྲན་བརྟན་བཞུགས་རྒྱས་འབུལ་གོ་སྒྲིག་ཚོགས་པ་ལ་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་དང་བཤད་སྒྲུབ་འདུས་སྡེ། སྨན་རིའི་གྲྭ་ཚང་བཅས་གཙོས་པའི་ཚོགས་པ་ཆེ་ཕྲ་ཁག་གིས་མཐུན་འགྱུར་དང་དཔུང་འདེགས་རྒྱ་ཆེར་གནང་སྟེ་གོ་སྒྲིག་ཞུས་པ་བཞིན། ཕྱི་ཚེས་ ༣༡ ཉིན་སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་གི་བཀའ་དགོངས་བཞིན་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་གིས་བོད་ཕྱི་ནང་གཉིས་དང་ནུབ་ཕྱོགས་ཡུལ་གྲུ་ཁག་ནས་ཆེད་ཕེབས་གནང་བའི་བླ་སྤྲུལ་སེར་སྐྱ་དད་ལྡན་ཡོངས་ལ་སྙིང་པོ་རྣམ་གསུམ་གྱི་ལྗགས་ལུང་དང་བཀའ་འཁྲིད་བསྩལ་ཡོད་ཡོད་འདུག

དེ་ཡང་ཕྱི་ཚེས་ ༢ ཉིན་སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་གིས་དད་ལྡན་མང་ཚོགས་རྣམས་ལ་དྲན་པ་ཚེ་སྒྲུབ་ཀྱི་བཀའ་དབང་བསྩལ་གནང་མཛད་ཡོད་པ་དང་། དེ་རྗེས་སྐུ་མགྲོན་རྣམ་པ་དང་སེར་སྐྱ་མི་མང་ལྷན་རྒྱས་བོན་ཕྲུག་བདེ་དོན་རྩེད་ཐང་བརྟན་བཞུགས་དགའ་སྟོན་མཛད་སྒོའི་ཚོགས་གུར་དུ་གདན་འཛོམས་གནང་ནས། བརྟན་བཞུགས་གོ་སྒྲིག་ཚོགས་པའི་ཚོགས་གཙོ་ཀུན་གསལ་ཟླ་བ་ལགས་ཀྱིས་བརྟན་བཞུགས་འདིའི་བྱུང་རིམ་དང་ཐུགས་རྗེ་ལེགས་གསོལ་ཞུ་དགོས་རིགས་ཡོངས་རྫོགས་ཞུས། དེ་རྗེས་ས་གནས་ཉིན་སློབ་ཁང་གི་སློབ་ཕྲུག་དང་སློབ་ཟུར་རྣམས་ཀྱིས་གཞས་སྣ་འཁྲབ་སྟོན་རིམ་བཞིན་གནང་མཐར་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་དྲུང་ཆེ་དགེ་བཤེས་ཟླ་བ་དར་རྒྱས་ལགས་ཀྱིས་དཔལ་གཤེན་བསྟན་སྨན་རིའི་གླིང་གི་འདུས་སྤྱིའི་ཚབ་ཞུས་ཏེ་ཕྱོགས་མཐའ་ཁག་ནས་ཕེབས་པའི་སྐུ་མགྲོན་གཙོ་བོར་གྱུར་པའི་སེར་སྐྱ་མང་ཚོགས་ལ་ཐུགས་རྗེ་ལེགས་འབུལ་གྱི་གསུང་བཤད་དང་བཅས་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོ་ཁ་དགེ་བཀྲ་ཤིས་པའི་ངང་ནས་མཇུག་ཡོངས་སུ་ལེགས་པར་གྲུབ་ཡོད།

རྩ་བའི་བརྟན་བཞུགས་མཛད་སྒོར་ཆེད་དུ་ཕེབས་པའི་སྐུ་མགྲོན་མི་སྣ་གཙོ་ཁག་ནི། དཔལ་ཁྲི་བརྟན་ནོར་རྩེའི་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དང་། དཔལ་ཁྲི་བརྟན་ནོར་རྩེ་བཤད་སྒྲུབ་མཁན་སློབ་རྣམ་པ་གཉིས་གཙོས་བཤད་སྒྲུབ་གྲྭ་ཚང་གི་དགེ་སློབ་གྲངས་བརྒྱ་ལྷག་དང་། སྡེ་ར་ལྡུན་རྫ་སྨོན་རྒྱལ་དགོན་པའི་དགེ་བཤེས་གཡུང་དྲུང་བསྟན་འཛིན་ལགས་ཀྱིས་གཙོས་དགེ་སློབ་རྣམ་པ། ཞུ་རི་ཞིང་གཡུང་དྲུང་ཀུན་གྲགས་གླིང་གི་དགེ་སློབ་རྣམ་པ། འབྲས་ལྗོངས་སོག་གཡུང་དྲུང་གླིང་གི་མཁན་པོ། ལ་དྭགས་བོན་དགོན་གྱི་དབུ་འཛིན་དགེ་བཤེས་ལུང་རིགས་ཉི་མ་ལགས། བལ་ཡུལ་བསམ་གླིང་དགོན་པའི་བླ་མ་དགེ་བཤེས་གཙུག་ཕུད་རྣམ་རྒྱལ་ལགས། བརྟན་བཞུགས་གོ་སྒྲིག་ཚོགས་པའི་སློབ་སྟོན་ཚོགས་མི་བྱ་འཕུར་དགེ་བཤེས་ལྷུན་གྲུབ་རྒྱ་མཚོ་ལགས། བརྟན་བཞུགས་གོ་སྒྲིག་ཚོགས་པའི་ཚོགས་གཙོ་ཀུན་གསལ་ཟླ་བ་ལགས་དང་། དཔལ་ཁྲི་བརྟན་ནོར་བུ་རྩེའི་མཁན་ཟུར་དགེ་བཤེས་ཉི་མ་དབང་རྒྱལ་རིན་པོ་ཆེ། དབྱིན་ཇིར་གནས་བཞུགས་ཁྱིམ་གསར་བླ་མ་ཕུན་ཚོགས་བཀྲ་ཤིས་རིན་པོ་ཆེ་དང་། སྐུ་ངོ་བྱ་དུར་བསོད་ནམས་བཟང་པོ་ལགས། བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས། སྤྱི་འཐུས་བ་ར་ཚེ་དབང་བཀྲ་ཤིས་ལགས། སྤྱི་འཐུས་དབྲ་ཙ་བསོད་ནམས་ནོར་བུ་ལགས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་དྲུང་ཆེ་འཕྲིན་ལས་རྒྱ་མཚོ་ལགས། ལྡི་ལིའི་སྐུ་ཚབ་དོན་གཅོད་ཁང་གི་སྐུ་ངོ་དྲུང་ཆེ་ཚེ་དབང་རྒྱལ་པོ་ལགས། དབུས་མདོ་སྨད་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་གངས་རི་ལགས། བོན་གཞིས་ས་གནས་འགོ་འཛིན་བློ་ལྡན་ཉི་མ་ལགས་དང་། ཝཱ་ཎཱ་དབུས་བོད་ཀྱི་གཙུག་ལག་སློབ་ཆེན་གྱི་གཡུང་དྲུང་བོན་དགེ་སློབ་ཁང་གི་དགེ་སློབ་རྣམ་པ། ས་གནས་ཉིན་སློབ་ཁང་གི་དགེ་སློབ་རྣམ་པ། བོན་གཞིས་བཙུན་དགོན་གྱི་དགེ་སློབ་རྣམ་པ། དེ་བཞིན་བོད་ཕྱི་ནང་གཉིས་དང་ཤར་ནུབ་རྒྱལ་ཁབ་ཡུལ་གྲུ་ཁག་ནས་ཕེབས་པའི་བོན་འབངས་དད་ལྡན་སེར་སྐྱ་སྟོང་ཕྲག་ལས་བརྒལ་བར་འཛོམས་ཡོད་པ་བཅས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།